བཤད་ས་བུ་མོ་དང་ཕོགས་ས་མནའ་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཤད་ས་བུ་མོ་དང་ཕོགས་ས་མནའ་མ།
སྟོབས་ཤུགས་ཆེ་བ་ཡིས་སྟོབས་ཤུགས་ཆུང་བ་ཟིལ་གྱིས་གནོན་པ་དང་ཉེན་ཟོན་གྱི་བྱེད་ཐབས་སྤྱད་དེ་འཇམ་ཁྲིད་བྱེད་ཆོག་གོ །འོས་འཚམས་སུ་མཁྲེགས་པོ་ཡིན་ན་མངའ་འོག་པས་གུས་བཀུར་དང་སེམས་ཐག་ཆོད་པོ་ཅན་ལ་མི་རྣམས་དེའི་ངག་ལ་བརྩིའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
指桑骂槐
ཕྱི་ཡིག་གི་མིང་།
reviling/ abusing the locust tree while pointing to the mulberry
འབྱུང་ཁུངས།
《ཇུས་བློའི་ཁུག་པ་སོ་དྲུག》
དོན་ཉེ་བའི་མིང་།
ར་བསད་ལུག་འདར།
ལྡོག་ཟླའི་མིང་།
ཁ་རི་ཁ་ཐུག
1 བསྡུས་འགྲེལ།

བཤད་ས་བུ་མོ་དང་ཕོགས་ས་མནའ་མ་ཞེས་པ་དམག་དོན་སྟེང་དུ་སྦྱར་ན་བྱ་བསད་ན་སྤྲེལ་སྐྲག་པའི་བྱེད་ཐབས་ཏེ།   དམག་ཁྲིམས་དམར་པོར་ཡོང་བ་དང་དབང་གྲགས་ཆེ་བར་གཏོང་བའི་ཇུས་བློའོ། །

2 གནའ་མིའི་དཔྱད་གཏམ།

ཁྱོད་ལ་མི་བརྩི་བའི་དམག་སྐོར་ཞིག་ཁྲིད་དེ་དགྲ་ལ་འཐབ་པ་ན།   གལ་ཏེ་ཁྱོད་ཀྱིས་དེ་རྣམས་བཀོད་འདོམས་དང་དོ་དམ་བྱེད་འདོད་ཚེ་དེ་ཚོས་ཁས་མི་ལེན་ལ།   གསེར་དངུལ་དང་རྒྱུ་ནོར་གྱིས་བསླུ་བྲིད་བྱས་ཚེ་དེ་ཚོས་ཕྱིར་དོགས་པ་ཟའོ། །སྐབས་དེར་ཁྱོད་ཀྱིས་བསམ་བཞིན་ནོར་འཁྲུལ་ཅུང་ཙམ་རེ་བྱུང་བར་བཅུག་ནས་དེ་རྣམས་ལ་ཆད་པ་དང་དྲག་ལས་བྱ་བ་ནི་ཁྱོད་མི་བརྩི་བ་དེ་ཚོ་ལ་ཉེན་ཟོན་གྱི་བརྡའོ། །ཉེན་ཟོན་གྱི་བརྡ་ཞེས་པ་ནི་ལྡོག་ཕྱོགས་ནས་དེ་ལ་འཇམ་ཁྲིད་བྱས་པའི་དོན་ནོ། །འདི་ནི་སྲ་མཁྲེགས་དང་རྩུབ་ལས་བྱེད་ཐབས་སྤྱད་དེ་ངག་ལ་མི་ཉན་པ་རྣམས་བཅོས་པའི་བྱེད་ཐབས་དེས་དཔོན་དམག་བཀོལ་སྤྱོད་བྱེད་པ་ལ་ཕན་ནོ། །

3 དམག་འཐབ་ཀྱི་དཔེར་མཚོན།

ཁྲུན་ཆིའུ་དུས་མཇུག་ཏུ།   ཅིན་དང་ཡན་རྒྱལ་གྱི་མཉམ་འབྲེལ་དམག་གིས་ཆི་རྒྱལ་གྱི་མཐའ་མཚམས་ལ་བཙན་འཛུལ་བྱས་པས་ཆི་རྒྱལ་བོས་ཐེན་རང་ཅུས་ལ་དམག་དཔོན་དང་ཀྲའོ་ཅ་ལ་དམག་གི་ལྟ་ཞིབ་པར་བཀའ་ཕབ་བོ། །དེ་གཉིས་ཀྱིས་སང་ཉིན་དྲོས་ཐོག་ཏུ་སྒོར་འདུ་བའི་དུས་ཆད་བྱས་སོ། །ཉིན་གཉིས་པ་ལ།   ཐེན་རང་ཅུས་དྲོས་ཐོག་གི་སྔོན་དུ་དམག་སྒར་ཐོན་ནས་དུས་བརྟག་དབྱུག་གུ་དང་ཆུ་སྣོད་བཟུང་ནས་དུས་ཚོད་ཐོན་པས་སྒུག   དུས་ཚོད་ཉིན་དྲོས་འདའ་ནའང་ཀྲང་ཅ་ད་རུང་མ་ཐོན་ལ་ས་སྲོད་ལ་ཉེ་བའི་སྐབས་སུ་ཀྲང་ཅ་ཆང་གིས་བཟི་བཞིན་སླེབས་ནས་སྨྲས་པ།   དེ་རིང་ཉེ་རིང་སྐོར་གྱིས་བདག་ལ་སྐྱེལ་མའི་གསོལ་སྟོན་བཤམས་པས་བདག་ཡོང་བ་འགོར་སོང་ཞེས་སོ། །དེར་ཐེན་རང་ཅུས་ན་རེ།   ཁྱོད་ཁྱིམ་ཆུང་ལ་ཆགས་ལ་རྒྱལ་ཁབ་ལ་མི་ཆགས་པ་ཅི་འདྲ་ངན་པ་ཞིག་རེད་ཨང་།  དེ་འཕྲད་དམག་ཁྲིམས་ཀྱི་བདག་པོ་བོས་ཏེ།   དམག་ཁྲིམས་ལྟར་ན།   དོན་མེད་དུ་དུས་འགྱངས་ན་ཆད་པ་ཅི་ཡོད་ཅེས་དྲིས་པ་ན།   དེ་ན་རེ།   སྲོག་ཆད་ཡོད་དོ་ཞེས་སོ། །དེ་ནས་ཀྲང་ཅས་རྒྱལ་བོ་ལ་སྐྱོབ་པར་ཞུ་བའི་མི་མངགས་ཀྱང་།   མི་དེ་ཕྱིར་མ་འོང་སྔོན་ལ་ཀྲང་ཅ་བསད་དེ་ཁྲོམ་དུ་བཏགས་སོ། །སྐབས་དེར་རྒྱལ་བོའི་ཕོ་ཉ་སླེབས་ནས་བཀའ་ཡིག་བསྒྲགས་ཀྱང་ཀྲང་ཅ་ནི་ལྔ་ལམ་དུ་སོང་ངོ་། །ཐེན་རང་ཅུས་ཡིས་དམག་དཔོན་གྱིས་སྤྱད་ཆོག་པའི་རྒྱུ་རྫས་རྣམས་ཕྱིར་ཕུད་དེ་དམག་མི་རྣམས་ལ་གནང་བས་དེ་རྣམས་སྤྲོ་བ་ཆེན་པོ་འཕེལ་དེ་མངའ་འོག་པ་རྣམས་ན་རེ།   ཐེན་རང་ཅུས་ཀྱིས་དམག་ཁྲིམས་དམ་པས་རྒྱལ་བོའི་ནང་མིའང་བསད་ཕོད།   ཆད་པ་དང་བྱ་དགའི་ཡུལ་གསལ་བས་དམག་གི་ཟིལ་ཤུགས་ཇེ་ཆེར་སོང་བས་ནད་པ་ཚོའང་དམག་འཐབ་ལ་རེ་བ་མངོན་འདུག   འདི་ལྟར་བྱས་ཚེ་དམག་ཁྲིམས་འགལ་ཕོད་མཁན་སུ་ཞིག་ཡོད།   གཏམ་དེ་ཅིན་དང་ཡན་རྒྱལ་གྱིས་ཐོས་འཕྲལ་མྱུར་དུ་དམག་དཔུང་ཕྱིར་འཐེན་བྱས་ནའང་ཐེན་རང་ཅུས་དཔུང་འཇུག་བྱས་ནས་སྔར་ཤོར་བའི་མངའ་ཁོངས་ཕྱིར་བླངས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།