ཉེར་སྤྱོད་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེར་སྤྱོད་དཔལ་འབྱོར་རིག་པ།
ཉེར་སྤྱོད་དཔལ་འབྱོར་རིག་པ་ནི་གཙོ་བོ་ཉེར་སྤྱོད་དཔལ་འབྱོར་རིག་པའི་རྩ་བའི་རྩ་དོན་སྤྱད་ནས་རྒྱལ་དམངས་དཔལ་འབྱོར་གྱི་སྡེ་ཁག་སོ་སོ་དང་ཆེད་ལས་སོ་སོའི་ཁྱབ་ཁོངས་ཀྱི་དཔལ་འབྱོར་བྱ་འགུལ་དང་དཔལ་འབྱོར་འབྲེལ་བའི་ཆོས་ཉིད་རང་བཞིན་ལ་ཞིབ་འཇུག་བྱེད་པ་ཞིག་དང་། ཡང་ན་དཔལ་འབྱོར་མ་ཡིན་པའི་ཁྱབ་ཁོངས་ལ་དཔལ་འབྱོར་གྱི་ཁེ་ཕན་དང་། སྤྱི་ཚོགས་ཁེ་ཕན་ཀྱི་དབྱེ་ཞིབ་ལས་བསྐྲུན་པའི་དཔལ་འབྱོར་རིག་ཚན་སོ་སོར་བརྗོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
应用经济学
རིགས་དབྱེ།
དཔལ་འབྱོར་རིག་པའི་རིག་ཚན།
ཡན་ལག་གཙོ་བོ།
ཞིང་ལས་དཔལ་འབྱོར་རིག་པ། བཟོ་ལས་དཔལ་འབྱོར་རིག་པ།
ཁྱད་ཆོས།
གཞུང་ལུགས་དཔལ་འབྱོར་རིག་པ་དང་ཁྱད་པར་ཆེན་པོ་ལྡན།
1 ཡན་ལག་གཙོ་བོ།

(1) རྒྱལ་དམངས་དཔལ་འབྱོར་གྱི་ཚན་ཁག་ལ་ལའི་དཔལ་འབྱོར་བྱ་འགུལ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་རིག་ཚན་ཞིག་ཡིན། དཔེར་ན་ཞིང་ལས་དཔལ་འབྱོར་རིག་པ་དང་། བཟོ་ལས་དཔལ་འབྱོར་རིག་པ། འཛུགས་སྐྲུན་དཔལ་འབྱོར་རིག་པ། སྐྱེལ་འདྲེན་དཔལ་འབྱོར་རིག་པ། ཚོང་ལས་དཔལ་འབྱོར་རིག་པ་སོགས་ཡོད།

(2) རྒྱལ་དམངས་དཔལ་འབྱོར་གྱི་ཚན་ཁག་སོ་སོ་དང་འབྲེལ་ཞིང་ཕྱོགས་བསྡུས་རང་བཞིན་ལྡན་པའི་ཆེད་ལས་དཔལ་འབྱོར་བྱ་འགུལ་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་རིག་ཚན་ཞིག་ཡིན། དཔེར་ན་འཆར་གཞིའི་དཔལ་འབྱོར་རིག་པ་དང་། ངལ་རྩོལ་དཔལ་འབྱོར་རིག་པ། ནོར་སྲིད་དཔལ་འབྱོར་རིག་པ། དངུལ་ལོར་རིག་པ། དངུལ་ཁང་རིག་པ་སོགས་ཡོད།

(3) ས་ཁུལ་རང་བཞིན་གྱི་དཔལ་འབྱོར་བྱ་འགུལ་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་རིག་ཚན་ཞིག་ཡིན། དཔེར་ན་གྲོང་ཁྱེར་དཔལ་འབྱོར་རིག་པ་དང་། ཞིང་སྡེ་དཔལ་འབྱོར་རིག་པ། ས་ཁོངས་དཔལ་འབྱོར་རིག་པ་སོགས་ཡོད།

(4) རྒྱལ་སྤྱིའི་དཔལ་འབྱོར་བྱ་འགུལ་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་རིག་ཚན་ཞིག་ཡིན། དཔེར་ན། རྒྱལ་སྤྱིའི་དཔལ་འབྱོར་རིག་པ་དང་དེའི་དབྱེ་བ། རྒྱལ་སྤྱིའི་ཚོང་དོན་རིག་པ། རྒྱལ་སྤྱིའི་དངུལ་རྩ་རིག་པ་སོགས་ཡོད།

(5)  ཁེ་ལས་ལས་གཉེར་དོ་དམ་བྱ་འགུལ་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་རིག་ཚན་ཞིག་ཡིན། དཔེར་ན། ཁེ་ལས་དོ་དམ་དང་། ཁེ་ལས་ནོར་དོན། རྩིས་གཉེར་རིག་པ། ཚོང་རའི་རིག་པ་སོགས་ཡོད།

2 ཁྱད་ཆོས།

ཉེར་སྤྱོད་དཔལ་འབྱོར་རིག་པ་དང་གཞུང་ལུགས་དཔལ་འབྱོར་རིག་པ་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་སྟེ། གཞུང་ལུགས་དཔལ་འབྱོར་རིག་པ་ནི་དེང་སྐབས་མི་མང་ཆེ་བའི་སྦྱོང་གིན་པའི་དཔལ་འབྱོར་རིག་པ་དེ་ཡིན་ཏེ། དཔེར་ན། ནུབ་ཕྱོགས་དཔལ་འབྱོར་རིག་པ་དང་། དཔལ་འབྱོར་རིག་གཞུང་གི་ལོ་རྒྱུས། ཕྲ་མཐོང་དཔལ་འབྱོར་རིག་པ་སོགས་ཡིན། འདི་ལྟ་བུའི་དཔལ་འབྱོར་རིག་པ་དང་རྩིས་རིག་གཉིས་བར་འབྲེལ་བ་ཆེན་པོ་ཡོད། གོང་དུ་གླེང་བའི་ཉེར་སྤྱོད་དཔལ་འབྱོར་རིག་པ་དང་གཞུང་ལུགས་དཔལ་འབྱོར་རིག་གཉིས་ནི་གོ་དོན་མི་འདྲ་བ་གཉིས་ཡིན་ནོ། ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-04

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།