ཆབ་སྲིད་དཔལ་འབྱོར་རིག་པ།

སྒྲ་ཡངས་འཇུག་ལྟར་ན། ཆབ་སྲིད་དཔལ་འབྱོར་རིག་པ་ནི་ཐོན་སྐྱེད་དང་ཉོ་འཚོང་། ཁྲིམས་ལུགས། སྤྱི་ཚོགས་སྲོལ་རྒྱུན་གྱི་སྲོལ་ལུགས། དེ་མིན་སྲིད་གཞུང་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་རང་རྐྱ་འཕེར་བའི་ཚན་རིག་ཅིག་ཡིན། དེ་ནི་ཀུན་སྤྱོད་མཚན་ཉིད་རིག་པ་ལས་བྱུང་ཞིང་། དུས་རབས་བཅོ་བརྒྱད་པར་འཕེལ་རྒྱས་བྱུང་བའི་ཆབ་སྲིད་དང་སྤྱི་ཚོགས་དཔལ་འབྱོར་བཅས་ཀྱི་ཤུགས་རྐྱེན་ཐེབས་ཡོད།
ཨེན་ཀོ་སི་ཡིས་ཆབ་སྲིད་དཔལ་འབྱོར་རིག་པ་ནི་སྒྲ་ཆེས་ཡངས་པའི་སྟེང་བརྗོད་ན། མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དངོས་པོའི་འཚོ་བའི་རྒྱུ་ཆའི་ཐོན་སྐྱེད་དང་བརྗེ་རེས་ལ་བཀོད་སྒྲིག་བྱེད་པའི་ཆོས་ཉིད་ལྡན་པའི་ཚན་རིག་ཅིག་ཡིན་ཞེས་བསྟན་ཡོད།
ཆབ་སྲིད་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་རིག་པའི་རིག་ཚན་གྱི་སྤྱི་མིང་ཡིན་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ་ཞེས་པའི་མིང་བརྡ་འདིས་དཔལ་འབྱོར་རིག་ཚན་གྲུབ་པའི་དམིགས་བསལ་གྱི་བགྲོད་ཕྱོགས་དེ་མངོན་པར་མཚོན་ཡོད། ཆབ་སྲིད་དཔལ་འབྱོར་རིག་པའི་ཁྲོད་ཀྱི་ཆབ་སྲིད(Politics)ཅེས་པ་ནི་ཀེ་རེ་སིའི་སྐད་ཀྱི politicos ལས་བྱུང་བ་དང་། དེ་ལ་སྤྱི་ཚོགས་ཀྱི་དང་རྒྱལ་ཁབ་ཀྱི། གྲོང་ཁྱེར་གྱི་སོགས་ནང་དོན་མང་པོ་ལྡན།
ཆབ་སྲིད་དཔལ་འབྱོར་རིག་པའི་ཁྲོད་ཀྱི་དཔལ་འབྱོར(Economics)ཞེས་པའི་མིང་བརྡ་དེ་གནའ་བོའི་ཀེ་རེ་སིའི་སི་ནུའོ་ཧྥིང་གིས (Xenophon, སྤྱི་ལོ་སྔོན་གྱི430~354ཡས་མས་སུ།) ཐོག་མར་བཀོལ་སྤྱོད་བྱས་པ་རེད།
ཆབ་སྲིད་དཔལ་འབྱོར་རིག་པའི་འབོད་སྟངས་དེ་དུས་རབས་བཅུ་བདུན་པའི་དུས་མགོར་བྱུང་བ་དང་། ཐོག་མའི་གེ་རེ་སིའི་སྐད་ཀྱི(poniz) ཞེས་པ་དང་དཔལ་འབྱོར་རིག་པ་སྟེ(Economics)ཞེས་པ་གཉིས་སྦྱར་ནས་རྒྱུན་སྤྱོད་ཀྱི་མིང་དུ་གྲུབ། 1775 ལོར་རའོ་སུའུ (Jean-Jacques Rousseau)ཡིས་ཧྥ་རན་སེའི «ཤེས་བྱ་ཀུན་བཏུས་ཆེན་མོ» རུ་ཆབ་སྲིད་དཔལ་འབྱོར་རིག་པ་ཞེས་པའི་ས་བཅད་བརྩམས་ནས། ཆབ་སྲིད་དཔལ་འབྱོར་རིག་པ་དང་ཁྱིམ་ཚང་དཔལ་འབྱོར་སོ་སོར་བཀར་བ་རེད།
ཆབ་སྲིད་དཔལ་འབྱོར་རིག་པ་དེ་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཏུ་བཀར་བས། རིམ་བཞིན་ཚན་རིག་ཅིག་ཏུ་གྲུབ་སྟེ། ལག་ལེན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཚོགས་ཚན་རིག་ཅིག་ཏུ་གྱུར་བར་མ་ཟད། དཔལ་འབྱོར་སྣང་ཚུལ་དང་གོ་རིམ་གྱི་བྱ་བའི་ཆོས་ཉིད་ལ་ཆེད་དུ་ཞིབ་འཇུག་བྱ་བའི་ལོ་རྒྱུས་གཞུང་ལུགས་ཅན་གྱི་རིག་ཚན་ཞིག་ཏུ་འཕེལ་བ་རེད།
《མ་རྩའི་རྣམ་བཤད》འཐུས་ཚབ་ཏུ་བྱས་པའི་མར་ཁེ་སིའི་དཔལ་འབྱོར་རིག་པ་སྟེ་པོད་གསུམ་དུ་འདུ།
པོད་དང་པོ། ལོ་རྒྱུས་བྱུང་བའི་རིག་པ།
པོད་གཉིས་པ། མ་ལག་བྱུང་བའི་རིག་པ།
པོད་གསུམ་པ། སྣང་ཚུལ་བྱུང་བའི་རིག་པ།
པོད་བཞི་བ། ཤེས་རྟོགས་བྱུང་བའི་རིག་པ།
(1) ལག་ལེན་གྱི་རང་བཞིན།
ཆབ་སྲིད་དཔལ་འབྱོར་རིག་པའི་ལག་ལེན་རང་བཞིན་ནི་ཆབ་སྲིད་དཔལ་འབྱོར་རིག་པའི་ཁྱད་ཆོས་གལ་ཆེན་ཞིག་ཡིན། ཆབ་སྲིད་དཔལ་འབྱོར་རིག་པའི་ངོ་བོའི་སྟེང་དེ་ནི་ལག་ལེན་གྱི་ཚན་རིག་ཅིག་ཡིན།
(2) གྲལ་རིམ་རང་བཞིན།
ཆབ་སྲིད་དཔལ་འབྱོར་རིག་པའི་གྲལ་རིམ་རང་བཞིན་ནི་ཆབ་སྲིད་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་གྱིས་ཐག་གཅོད་བྱེད་པ་ཞིག་ཡིན་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་གྱི་ཐོན་སྐྱེད་འབྲེལ་བ་ནི་ངོ་བོའི་སྟེང་མི་རྣམས་ཀྱི་དངོས་པོའི་ཁེ་ཕན་གྱི་འབྲེལ་བ་དེ་ཡིན།
(3) མིའི་རིགས་ཀྱི་རིག་གནས་རང་བཞིན།
ཆབ་སྲིད་དཔལ་འབྱོར་རིག་པའི་མིའི་རིགས་ཀྱི་རིག་གནས་རང་བཞིན་ནི། གྲལ་རིམ་གང་རུང་གི་རང་བཞིན་མཚོན་པ་ལས་གཞན་ངེས་གཏན་རྒྱལ་ཁབ་རང་བཞིན་ཡང་མཚོན་པར་བྱེད་ཅིང་། གཞུང་ལུགས་དཔལ་འབྱོར་རིག་པའི་མིའི་རིགས་རིག་གནས་རང་བཞིན་གྱི་ནང་དོན་ལས་དོན་གཞན་ཞིག་ཀྱང་མཚོན་གྱི་ཡོད་དེ། མི་རྩ་བར་བཟུང་སྟེ་མིའི་རིགས་ཀྱི་མཐར་ཐུག་གི་ཐུགས་ཁུར་མཚོན་གྱི་ཡོད་པ་ཞིག་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-04
གསར་སྤེལ་མཁན། :བདེ་ཆེན་མཚོ།