ཡུས་ཅ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུས་ཅ།
ཡུས་ཅ་ཁྱིམ་ཆས(IKEA) ནི1943ལོར་སུའེ་ཏེན་ནས་བཙུགས། སུའེ་ཏེན་ཁྱིམ་ཆས་ཚོགས་པ་ནི་རྒྱལ་ཡོངས་ནས་ཁྱིམ་ཆས་ཐོན་སྐྱེད་ཚོང་ར་ཆེས་ཆེ་བ་དེ་ཡིན། ཕྱིར་འཚོང་ལ་གཙོ་བོ་འདུག་སྟེགས་དང་འབོལ་ཁྲིའི་རིགས་ཡོད་པ་དང་། དེ་མིན་གཞུང་ལས་ཁང་དང་ཇ་ཁང་། ཉལ་ཁང་སྤྱོད་ཆས་རིགས་སོགས་མང་ངོ་།། ཡུས་ཅ་ཁྱིམ་ཆས་དེ་རྒྱལ་ཁབ38དང་ས་ཁུལ་སོ་སོའི་ཚོང་ར311ན་ཕྱིར་འཚོང་བྱེད་བཞིན་ཡོད། དེ་བས་དེ་ནི་མི་རྣམས་ཀྱིས་ཁྱིམ་ཆས་ཉོ་སའི་ཚོང་ར་ཆེན་པོ་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宜家
ཕྱི་ཡིག་གི་མིང་།
IKEA
སྤྱི་ཁྱབ་ས་གནས།
སུའེ་ཏེན།
གསར་འཛུགས་དུས་ཚོད།
1943ལོར།
ཚོང་གཉེར་ཁྱབ་ཁོངས།
རང་འགུལ་སྒྲིག་སྦྱོར་ཁྱིམ་ཆས།
ཀུང་ཟིའི་རྣམ་པ།
མཉམ་འབྲེལ་ཀུང་ཟི།
1 ཚོང་རྟགས་ཀྱི་འདུ་ཤེས།

ཚོང་རྟགས་དེས་དམངས་གཙོའི་འདུ་ཤེས་ཉར་ཡོད་ལ། མི་རྣམས་ཀྱི་འཚོ་བར་བདེ་སྐྱིད་སྦྱིན་རྒྱུ་ལས་གཞན། སྲོལ་རྒྱུན་གྱི་གོ་ས་འཛིན་པའི་སྲོལ་གཏོར་ནས་མི་རང་དབང་ཅན་དུ་འགྱུར་བར་བརྩོན་བཞིན་ཡོད་པས་གཞན་ལས་ཁྱད་དུ་འཕགས་སོ།།  དོན་དངོས་སུ་ཡུས་ཅ་ཚོང་རྟགས་ཀྱི་ལྟེ་སྙིང་ནི་འཛད་སྤྱོད་པར་ཚོང་རྟགས་རྒྱུད་འཛིན་བྱེད་དུ་འཇུག་པ་དེ་ཡིན་པ་ལས།  བརྡ་ཁྱབ་ཅིག་གི་ཆེད་དུ་མ་ཡིན།

2 ཚོང་གཉེར་འདུ་ཤེས།

བདེ་སྐྱིད་ཀྱི་འཚོ་བ།

ཡུས་ཅའི་ཚོང་ལས་འདུ་ཤེས་ནི་རིགས་མང་པོ་ཡོད་པ་དང་ཕྱི་བལྟས་མཛེས་ལ་བཀོལ་སྤྱོད་རིན་ཐང་ཆེ་བ།  མང་ཚོགས་ཀྱིས་ཉོ་ཐུབ་པའི་ཁྱིམ་ཆས་ཐོན་རྫས་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན།  དེ་མིན་མི་རྣམས་ཀྱི་ཡོང་འབབ་མི་གཅིག་པ་དང་དགོས་མཁོ་མི་གཅིག་པར་དམིགས་ནས་ཁྱིམ་ཆས་ཐོན་སྐྱེད་བྱེད་བཞིན་ཡོད།

3 ཚོང་གཉེར་འཐབ་ཇུས།

ཐོན་རྫས་ཀྱི་འཐབ་ཇུས།

ཚོང་རའི་གནས་བབས།

མི་རྣམས་ཀྱི་འཚོ་བའི་དགོས་མཁོར་དམིགས་ནས་ཁྱིམ་ཆས་ཐོན་སྐྱེད་བྱེད་པ་དང་། དེ་མིན་ཚོང་རའི་གནས་བབས་ལ་བལྟས་ནས་རིན་གོང་བདེ་བ་དང་མཛེས་བ། བཀོལ་ཡུན་རིང་བ་སོགས་ཀྱི་ཁྱིམ་ཆས་ཐོན་སྐྱེད་གཏན་འབེབ་བྱེད་དགོས། རྒྱལ་ཁབ་རེ་འགའ་ནས་རང་གི་གཏན་འབེབ་སྤྱི་མཐུན་ལ་ཁ་ཕྱོགས་ནས་ཁྱིམ་ཆས་མཁོ་སྤྲོད་བྱེད་དགོས་འདུག  

འོན་ཀྱང་ཀྲུང་གོར་ཐོན་རྗེས་ཁྱིམ་ཆས་ཀྱི་གཏན་འབེབ་ངེས་པར་དུ་ལེགས་སྒྲིག་བྱེད་དགོས། དེའི་རྒྱུ་མཚན་ནི་ཀྲུང་གོའི་ཚོང་ར་ཕྱི་བལྟས་རྒྱ་ཆེར་འདུག་ནའང། འོན་ཀྱང་འཛད་སྤྱོད་ཆུ་ཚད་ཧ་ཅང་དམའ་བས་སོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།