ཧན་ཧྥེ་འར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧན་ཧྥེ་འར།
ཧན་ཧྥེ་འར་ནི་མེ་ལུ་ལུ་ཁྱིམ་ཆས་དྲ་བའི་ནང་གསེས་ཀྱི་ཚོང་རྟགས་ཤིག་ཡིན། ད་ལྟ་དྲ་སྟེང་དུ་གྲགས་ལྡན་ཁྱིམ་ཆས་ཚོང་རྟགས་སུ་གྱུར་འདུག ཧན་ཧྥེ་འར་ལ(འཚོ་བ་གསར་བ། བག་ཕེབས་རོལ་མྱོང)ཅེས་པའི་འདུ་ཤེས་ཉར་ཡོད། ཇུས་འགོད་དུས་ནམ་ཡང་འགྲན་རྩོད་ཀྱི་ལྟེ་སྙིང་དུ་བཟུང་ཡོད། དེ་མིན་ཐོན་སྐྱེད་དང་ཕྱིར་འཚོང་གཞི་གཅིག་ཏུ་བསྲེས་ནས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་ལེགས་པོ་དེ་བཟོ་བསྐྲུན་བྱེད་བཞིན་ཡོད། ལོ་ངོ་མང་བོའི་འཕེལ་རྒྱས་བརྟན་པོའི་སྒོ་ནས་ཧན་ཧྥེ་འར་ཁྱིམ་ཆས་ལ་རྒྱ་ཆེ་བའི་སྤྱོད་མཁན་གྱི་ཁས་ལེན་དང་དགའ་བསུ་མང་བོ་ཐོབ། དེ་མིན་ཐོན་རྫས་དེ་ཁོ་རེ་ཡའི་ཁྱིམ་ཆས་ཚོང་རྟགས་ཆེན་པོ་བཅུའི་མཚན་སྙན་གནང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
韩菲尔
ཁོངས་གཏོགས།
མེ་ལུ་ལུ་ཁྱིམ་ཆས་དྲ་བའི་ནང་གསེས།
འདུ་ཤེས།
འཚོ་བ་གསར་བ། བག་ཕེབས་རོལ་མྱོང་།
འགྲན་རྩོད་ཀྱི་ལྟེ་སྙིང་།
ཇུས་འགོད།
མཚན་སྙན།
ཁོ་རེ་ཡའི་ཁྱིམ་ཆས་ཚོང་རྟགས་ཆེན་པོ་བཅུ།
1 ​མཚམས་སྦྱོར།

ལོ་རབས90བའི་ནང་དུ། ཧན་ཧྥེ་འར་ཁྱིམ་ཆས་དེ་རང་བྱུང་རིང་ལུགས་ཀྱི་འཚོ་བའི་རྣམ་འགྱུར་འོག་ཏུ་གསར་སྐྲུན་གནང་བ་ཡིན། ལོ་ངོ་བཅུ་ཡི་འཕེལ་རྒྱས་བརྒྱུད་ནས། ཧན་ཧྥེ་འར་ཡིས་ཚོང་གཉེར་བརྟན་པོ་དང་དངོས་ཤུགས་མཐུག་པོ། དེ་མིན་ཐོན་རྫས་བཟང་བོ་དང་ཞབས་ཞུ་ལེགས་པོར་བརྟེན་ནས་ཇུས་འགོད་དང་ཐོན་སྐྱེད། ཕྱིར་འཚོང་སོགས་གཞི་གཅིག་ཏུ་འབྲེལ་བའི་ཁྱིམ་ཆས་ཚོང་རྟགས་ཆེན་པོ་ཞིག་འཕེལ་དུ་བཅུག་ཡོད།

2 བཟོ་རྩལ།

ཧན་ཧྥེ་འར་ཁྱིམ་ཆས་བཟོ་བྱེད་ཀྱི་རྒྱུ་ཆ་ནི་ཤིང་སྟག་པ་ཡིན་ལ། གྲུབ་ཚུལ་སྲ་བརྟན་ཡིན་ལ་བརྐོས་རིས་མཛེས་བ་རང་བྱུང་དུ་སྣང་། དེ་མིན་ཁྱིམ་ཆས་བཟོ་བྱེད་ཀྱི་ཤིང་ཆ་དེས་ཁང་བའི་ནང་གི་ཁ་དབུགས་ཇེ་གཙང་དང་མིའི་ལུས་ཕུང་ལ་གནོད་པའི་ནད་རིགས་མང་པོ་སྔོན་འགོག་བྱེད་ཐུབ། ཧན་ཧྥེ་འར་གྱི་བཟོ་རྩལ་ཁྱད་དུ་འཕགས་ལ་བརྐོས་རིས་ཞིབ་ཚགས་ལྡན། དེ་བས་འཛད་སྤྱོད་པ་རྣམས་ལ་འཆར་ཡན་ལྡན་པའི་འཚོ་བ་ཞིག་བསྐྲུན་ཐུབ། དེའི་རྒྱུ་སྤུས་ཁག་ཐག་ནི་སྒྱུ་རྩལ་གྱི་མངོན་ཚུལ་ཡིན་ལ། རང་བྱུང་ལས་ཕྱིར་ཐོན་པའི་རྨི་ལམ་ཡང་ཡིན།

3 ཐོན་རྫས།

ཡོས་ཡ་པེ།

སྲོལ་རྒྱུན་གྱི་རྒྱས་སྤྲོས་རྣམ་པ་དང་ཤིང་བརྐོས་རི་མོའི་ཞིབ་ཕྲ་སོགས་མི་འདྲ།

ཞིང་ཡ་པེ།

ཀྲུང་གོའི་མི་ཡི་རྒྱུན་སྤྱོད་གོམས་སྲོལ་ལྟར་བཟོས་བའི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན།

ཧིག་དཔའ་པེ།

མེ་ཏོག་པདྨའི་ཁ་དོག་དེ་ཁྱིམ་ཆས་ཀྱི་ཁ་དོག་གཙོ་བོ་བྱས་ནས་བཟོས་བའི་ཐོན་རྫས་རིགས་ཤིག་ཡིན།

ལིས་ཙི་ལན།

བ་སྤུའི་མེ་ཏོག་གི་ཁ་དོག་དེ་ཐོན་རྫས་ཀྱི་ཁ་དོག་གཙོ་བོར་བཟུང་ནས་བཟོས་བའི་ཁྱིམ་ཆས་ཀྱི་རིགས་ཤིག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།