ངལ་རྩོལ་བྱ་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ངལ་རྩོལ་བྱ་ཡུལ།
ངལ་རྩོལ་བྱ་ཡུལ་ནི། སྲོག་ལྡན་དག་གིས་རང་གི་ངལ་རྩོལ་དེ་ཁ་བསྣན་ཡོད་པའི་དངོས་པོའི་རྒྱུ་ཆ་ཡོད་ཚད་ལ་ཟེར་བ་དང་། དེ་ལ་དབྱེ་ན། དང་པོ་ནི་ལས་སྣོན་མ་བྱས་པའི་རང་བྱུང་ཁོར་ཡུག་གི་དངོས་པོ་ཡིན་ཏེ། དཔེར་ན། གཏེར་རྫས་དང་ནགས་ཚལ་སོགས་ལྟ་བུ་དང་། ཅིག་ཤས་དེ་ནི་ལས་སྣོན་བྱས་ཟིན་པའི་མ་བཅས་རྒྱུ་ཆ་ཡིན་ལ། དཔེར་ན། སྲིང་བལ་དང་ངར་ལྕགས། ཟས་རིགས་སོགས་ལྟ་བུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
劳动对象
ཐ་སྙད་ཁོངས་གཏོགས།
དཔལ་འབྱོར་རིག་པ། ཆབ་སྲིད་དཔལ་འབྱོར་རིག་པ།
1 བྱེད་ནུས།

ངལ་རྩོལ་བྱ་ཡུལ་ནི། ཐོན་སྐྱེད་ནུས་ཤུགས་སུ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ངལ་རྩོལ་བྱ་ཡུལ་མེད་པ་ཡིན་ན། ཐོན་རྫས་གང་ཡང་ཐོན་སྐྱེད་བྱ་ཐབས་མེད་པ་ཞིག་ཡིན། ཐོན་སྐྱེད་ནུས་ཤུགས་ནི་ངལ་རྩོལ་པ་དང་ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་གསུམ་གྱིས་ཕན་ཚུན་བྱེད་ནུས་འདོན་པ་ལས་གྲུབ་པ་ཞིག་ཡིན། ངལ་རྩོལ་བྱ་ཡུལ་གྱི་གྲངས་འབོར་དང་རྒྱུ་སྤུས། རྣམ་གྲངས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཅིང་། མིའི་རིགས་ལ་མཚོན་ན། ཚན་རིག་ལག་རྩལ་གོང་དུ་འཕེལ་བ་དང་བསྟུན་ནས་མི་རྣམས་ཀྱིས་མུ་མཐུད་དུ་རང་བྱུང་ཁམས་ཀྱི་སྤྱོད་སྒོ་ཡོད་པའི་དངོས་པོ་མང་པོ་གསར་འདོན་བྱེད་པའམ་ཡང་ན་དངོས་པོའི་ཕན་ནུས་རང་བཞིན་གསར་བ་སྔོག་འདོན་བྱས་ཏེ། ངལ་རྩོལ་བྱ་ཡུལ་གྱི་ཁྱབ་ཁོངས་སྔར་ལས་ལྷག་པར་རྒྱ་ཆེར་གཏོང་བ་དང་སྔར་ལས་སྣ་མང་གི་ཕྱོགས་སུ་འཕེལ་བར་བྱེད། དེང་རབས་ཀྱི་རྒྱུ་ཆ་གསར་བའི་གསར་བརྗེ་དང་སྐྱེ་དངོས་བཟོ་སྐྲུན་གསར་དུ་བྱུང་བ་དེས། མིའི་རིགས་ཀྱིས་འདེམ་གསེས་རང་བཞིན་དང་ངལ་རྩོལ་བྱ་ཡུལ་སྔར་ལས་བཟང་བར་གཏོང་བ་དང་། དེ་ནི་ཐོན་སྐྱེད་ནུས་ཤུགས་གྱི་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། དཔེར་ན། བཟོ་སྐྲུན་ལ་མཁོ་བའི་སྤོས་འགྱིག་གིས་ལྕགས་རིགས་སྐོར་ཞིག་གི་ཚབ་བྱས་ཏེ་ཐོན་རྫས་མང་པོ་བཟོ་བཞིན་ཡོད་པ་དེས། ཐོན་རྫས་ཀྱི་རྒྱུ་སྤུས་མཐོ་རུ་གཏོང་ཐུབ་པར་མ་ཟད། བཟོ་སྐྲུན་ལག་རྩལ་དང་ཐབས་ལམ་གསར་བ་སྤྱད་ནས་ལས་སྣོན་གྱི་འགྲོ་གྲོན་བསྲི་ཐུབ། འཛམ་གླིང་དུ་རང་བྱུང་ཐོན་ཁུངས་སྐོར་ཞིག་གི་ཐོན་ཁུངས་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་འོག་ཏུ། སྔར་ལས་ལྷག་པར་བཟོ་ལས་རྒྱུ་ཆ་གསར་བ་གོང་དུ་སྤེལ་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར།

2 གོ་དོན་དབྱེ་ཞིབ།

ངལ་རྩོལ་བྱ་ཡུལ་དང་ངལ་རྩོལ་རྒྱུ་ཆ་ནི། ངལ་རྩོལ་གྱི་གོ་རིམ་དུ་དེ་མངའ་བའི་གོ་གནས་དང་དེའི་འདོན་པའི་བྱེད་ནུས་གཞིར་བཟུང་ནས་དབྱེ་བ་དགར་གྱི་ཡོད་ཅིང་། དེ་གཉིས་ནི་ཆ་རྐྱེན་ངེས་ཅན་གྱི་འོག་ཏུ་ཕན་ཚུན་འགྱུར་རེས་བྱེད་པ་ཡིན། དངོས་པོ་ལ་ལ་ཞིག་ནི་ཕྱོགས་གཅིག་ཏུ་ངལ་རྩོལ་རྒྱུ་ཆ་ཡིན་པ་དང་། ཡང་ཕྱོགས་གཞན་དུ་ངལ་རྩོལ་བྱ་ཡུལ་ཡིན། དཔེར་ན། བ་གླང་ནི་ས་ཞིང་རྨོ་བའི་སྐབས་སུ་ངལ་རྩོལ་རྒྱུ་ཆ་ཡིན་པ་དང་། ཕྱུགས་རར་འཚོ་སྐྱོང་བྱེད་དུས་དེ་ནི་ངལ་རྩོལ་བྱ་ཡུལ་དུ་གྱུར་འགྲོ་བ་ལྟ་བུའོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།