Word 2007གྱི་འཆར་ངོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Windowsཡི་ཉེར་སྤྱོད་བྱ་རིམ་ཡོད་ཚད་ལ་སྒེའུ་ཁུང་རེ་རེ་ཡོད་དེ། Word 2007འགོ་སློང་བྱས་རྗེས་དེ་ཉིད་ཀྱི་འཆར་ངོས་གཙོ་བོར་འཇུག་པར་བྱས་ན། Word 2007གྱི་བཀོལ་སྤྱོད་འཆར་ངོས་ཀྱི་གྲུབ་ཆ་གང་མང་ཞིག་མངོན་ཞིང་། དེ་ལའང་མཐེབ་གནོནOfficeདང་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་། བྱེད་ནུས་ཁུལ། ཁ་བྱང་ཚང་། རྣམ་པའི་ཚང་། ཐིག་ཤིང་། འདེད་མ། མཐོང་རིས་བརྗེ་ཁུལ། སྡུར་ཚད་སྐྱེད་སྐྱུང་ཁུལ། བྱེད་ནུས་ཁུལ་འདེམས་ཚན། ཐིག་ཤིང་མཐེབ་གནོན་བཅས་གང་མང་ཞིག་ཡོད། དེ་དག་སོ་སོ་གནས་གང་ཞིག་ཏུ་ཡོད་པ་ཡིད་ལ་ངེས་ན་རྗེས་ཕྱོགས་སུ་ཡིག་ཆ་རྩོམ་སྒྲིག་བྱེད་པ་ལ་ཕན་པ་ཆེན་པོ་ཡོད།
1 མཐེབ་གནོནOffice

མཐེབ་གནོནOfficeནིWord 2007གྱིས་གསར་དུ་ཁ་སྣོན་བྱས་པའི་བྱེད་ནུས་མཐེབ་གནོན་ཞིག་ཡིན། དེ་ཉིད་འཆར་ངོས་ཀྱི་གཡོན་སྟེང་ན་གནས་ཤིང་། དེ་ཡི་བྱེད་ནུས་ནི་ཕལ་ཆེརWindowsརྒྱུད་ཁོངས་ཀྱི་གདམ་བྱང“འགོ་རྩོམ”དང་འདྲ་ལ། མཐེབ་གནོན་འདིར་ཆིག་རྡེབ་བྱས་ནOfficeགདམ་བྱང་ཕྱིར་ཐོན་པར་བྱེད་པ་དཔེ་རིས1-1ལས་མཚོན་པ་ལྟར། Word 2007གྱི་མཐེབ་གནོནOfficeརུ་རྒྱུན་དུ་སྤྱོད་པའི་བཀའ་བརྡ་མང་པོ་ཚུད་ཡོད། དཔེར་ན། གསར་འཛུགས་དང་ཁ་ཕྱེ། ཉར་ཚགས་དང་གཞན་ཉར་སོགས་ཡོད།

1.jpg

དཔེ་རིས1-1མཐེབ་གནོནOffice

མཐེབ་གནོནOffice  ཡིས་དེ་སྔའི་པར་གཞིའི་ཁྲོད་ཀྱི་གདམ་བྱང“ཡིག་ཆ”ཡི་ཚབ་བྱས་ཡོད་ལ། དེའི་ནང་དུ་གསར་འཛུགས་དང་ཁ་ཕྱེ། ཉར་ཚགས་དང་གཞན་ཉར། པར་འདེབས་སོགས་གཞི་རྩའི་བཀའ་བརྡ་ཡོད་པ་མ་ཟད། ད་དུང་ལེགས་འགྲུབ་དང་། གྲ་སྒྲིག སྐྱེལ་གཏོང་། ཁྱབ་བསྒྲགས་སོགས་བཀའ་བརྡ་གསར་པའང་གང་མང་ཁ་སྣོན་བྱས་ཡོད།

2 མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་།

སྤྱོད་མཁན་གྱི་བཀོལ་སྤྱོད་ལ་སྟབས་བདེ་ཡོང་བས་ཆེད་དུWord 2007གྱི་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་དུ་ནམ་རྒྱུན་བཀོལ་སྤྱོད་བྱེད་པའི་མྱུར་ལམ་མཐེབ་གནོན་གང་མང་ཞིག་ཚུད་ཡོད །དཔེ་རིས1-2ལས་མཚོན་པ་ལྟར། སོར་བཞག་གི་རྣམ་པའི་འོག་ལག་ཆའི་ཚང་འདི་རུ་མྱུར་ལམ་མཐེབ་གནོན་གསུམ་ལས་མེད་པ། དང་པོ་ཉར་ཚགས་དང་། གཉིས་པ་ཕྱིར་འཐེན། གསུམ་པ་སོར་ཆུད་བཅས་ཡིན། མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་དུ་རང་ལ་མཁོ་བའི་མཐེབ་གནོན་ཡང་རང་བཟོ་བྱས་ཆོག

2.jpg

དཔེ་རིས1-2མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་།

གལ་ཏེ་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་སོར་བཞག་གི་གནས་ནས་གནས་གཞན་ཞིག་ཏུ་སྤོ་འདོད་ན་ལག་ཆའི་ཚང་དེའི་གཡོན་ཕྱོགས་ཀྱི“རང་བཟོ་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང”ཞེས་བྱ་བའི་མཐེབ་གནོན་ལ་ཆིག་རྡེབ་བྱས་ནས་ཕྱིར་ཐོན་པའི་གདམ་བྱང་ནས་འདེམས་ཚན“བྱེད་ནུས་ཁུལ་གྱི་ཞོལ་ནས་འཆར་བ”བདམས་ཏེ།རང་ལ་མཁོ་བའི་གནས་སུ་བཞག་ཆོག་པ་ཡིན། དཔེ་རིས1-3ལས་མཚོན་པ་ལྟར།

3.jpg

དཔེ་རིས1-3མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་གི་གནས་སྤོར་བ།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།