གྲོང་ཁྱེར་དཔལ་འབྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོང་ཁྱེར་དཔལ་འབྱོར།
གྲོང་ཁྱེར་དཔལ་འབྱོར་ནི་གྲོང་ཁྱེར་དེ་རྟེན་གཞི་དང་འཕེལ་རྒྱས་ཀྱི་བར་སྟོང་དུ་བཟུང་སྟེ། ཐོན་ལས་གཉིས་པ་དང་གསུམ་པ་དར་རྒྱས་གོང་སྤེལ་དང་། དཔལ་འབྱོར་གྱི་གྲུབ་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་ཞིང་། མ་རྩ་དང་ལག་རྩལ། ངལ་རྩོལ་ནུས་ཤུགས། ཆ་འཕྲིན་སོགས་ཐོན་སྐྱེད་ཀྱི་གྲུབ་ཆ་དག་ཚད་མཐོན་པོའི་སྒོ་ནས་ཕྱོགས་བསྡུས་བྱེད་པའི་ཁར། གཞི་རྒྱའི་ཕན་འབྲས་དང་ཕྱོགས་བསྡུས་ཀྱི་ཕན་འབྲས། ཁྱབ་འགྱེད་ཀྱི་ཕན་འབྲས་སོགས་འབུར་དུ་ཐོན་པའི་ས་ཁུལ་གྱི་དཔལ་འབྱོར་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
城市经济
ཕྱི་ཡིག་གི་མིང་།
Urban Economy
1 ངོ་སྤྲོད།

གྲོང་ཁྱེར་དཔལ་འབྱོར་ནི་བཟོ་ལས་དང་ཚོང་ལས་སོགས་ཞིང་ལས་མ་ཡིན་པའི་དཔལ་འབྱོར་ལས་ཁུངས་འདུས་སྡོད་ལས་གྲུབ་པའི་ས་ཁུལ་དཔལ་འབྱོར་ལ་ཟེར་བ་ཡིན། གྲོང་ཁྱེར་དཔལ་འབྱོར་ནི་གྲོང་ཁྱེར་རྟེན་གཞི་དང་འཕེལ་རྒྱས་ཀྱི་བར་སྟོང་དུ་བཟུང་སྟེ། ཐོན་ལས་གཉིས་པ་དང་གསུམ་པ་དར་རྒྱས་གོང་སྤེལ་དང་། དཔལ་འབྱོར་གྱི་གྲུབ་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། མ་རྩ་དང་ལག་རྩལ། ངལ་རྩོལ་ནུས་ཤུགས། ཆ་འཕྲིན་སོགས་ཐོན་སྐྱེད་ཀྱི་གྲུབ་ཆ་དག་ཚད་མཐོན་པོའི་སྒོ་ནས་ཕྱོགས་བསྡུས་བྱེད་པ། གཞི་རྒྱའི་ཕན་འབྲས་དང་ཕྱོགས་བསྡུས་ཀྱི་ཕན་འབྲས། ཁྱབ་འགྱེད་ཀྱི་ཕན་འབྲས་སོགས་འབུར་དུ་ཐོན་པའི་ས་ཁུལ་གྱི་དཔལ་འབྱོར་རིགས་ཤིག་ཡིན། གྲོང་ཁྱེར་དཔལ་འབྱོར་འཕེལ་རྒྱས་ནི་གྲོང་ཁྱེར་གྱི་བྱེད་ནུས་དེ་དེར་བརྟེན་ནས་ནུས་པ་འདོན་པའི་དངོས་པོའི་རྨང་གཞི་གཙོ་བོ་ཡིན།

2 ཤན་ཤུགས།

དུས་ཡུན་རིང་བོའི་ནུབ་རྒྱུད་གསར་སྤེལ་གྱི་བསམ་བློའི་ཁྲོད་དུ། ནུབ་ཕྱོགས་གསར་འབྱེད་དམིགས་བསལ་ས་ཁུལ་གྱི་འབོད་སྐད་དེ་ཆད་མ་མྱོང་། སྤྱིར་དམིགས་བསལ་དཔལ་འབྱོར་ནི་ཕྱིའི་རྣམ་པ་ཞིག་ཡིན་ཞིང་། དོན་གྱིས་གྲོང་དཔལ་འབྱོར་ནི་གཞི་རྩའི་ངོ་བོ་དེ་ཡིན། ཤར་རྒྱུད་འཕེལ་རྒྱས་དེ་ཕྱིར་གཏོང་ནང་འདྲེན་གྱི་ཁེ་ཕན་འཕར་སྣོན་ཁོ་ན་རག་པ་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་གསར་འབྱེད་གོ་རིམ་ཁྲོད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་ནང་འཇུག དེ་བཞིན་གྲུབ་རྐྱེན་ཕྱོགས་བསྡུས་དང་འབྲེལ་ཡོད་ཐོན་ལས་ཀྱི་རྒྱ་བསྐྱེ་དེ་ཡིན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་དུས་མཇུག་དང་ལོ་རབས་དགུ་བཅུ་བའི་དུས་སྟོད་དུ། གཞི་རྒྱ་ཧ་ཅང་ཆེ་བའི་འགག་གསུམ་འཛུགས་སྐྲུན་གྱི་མགོ་བརྩམས་པ་དང་། རྨ་ཆུའི་སྟོད་བར་འབབ་རྒྱུད་ཀྱི་ཆུ་བེད་ཕྱོགས་བསྡུས་གསར་སྤེལ་དང་། ནུབ་རྒྱུད་རྡོ་སྡུམ། དབུས་རྒྱུད་རྡོ་སོལ་གཏེར་ཁུངས་སྔར་ལས་འཕེལ་རྒྱས་བྱུང་བ། དེ་བཞིན་ལོང་ཧའེ་ཞན་འགྲམ་རྒྱུད་དེད་པའི་སྐམ་ས་ཆེན་པོའི་ཟམ་ཆེན་ཨང་གཉིས་པའི་ལྕགས་ལམ་ཤར་གཏོང་བྱས་པ་སོགས་ཀྱིས་ནུབ་རྒྱུད་ཀྱི་འཕེལ་རྒྱས་ལ་གལ་ཆེ་བའི་བྱེད་ནུས་བཏོན་ཡོད། ཡིན་ན་ཡང་སྤྱིའི་ཆ་ནས་ལས་གཞི་འདི་དག་གིས་གཞི་རྩའི་སྟེང་ནུབ་རྒྱུད་དེ་རྒྱལ་ཡོངས་དཔལ་འབྱོར་སྒྲིག་གཞིའི་ཁྲོད་ཉམས་ཞན་དུ་ཆགས་པའི་གནས་བབ་ལས་འགྱུར་བྱུང་མེད་པ་ཞིག་ཡིན། མཇུག་འབྲས་འདི་ལྟ་བུ་ཞིག་བཟོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ལས་གཞི་འདི་དག་གི་ཁྱབ་ཚུལ་ཁ་ཐོར་དུ་སོང་བ་དང་ཚོང་ར་དང་རྒྱང་གིས་ཆོད་པ། བཟོ་ལས་ཅན་དེ་ཁྲོར་ར་ཅན་དུ་འཕེལ་བར་བྱེད་པའི་བྱེད་ནུས་འགན་ནུས་ཐེག་གི་མེད་པས་ཡིན། དེ་བས་གནས་དེའི་གྲོབ་ཁྱེར་དཔལ་འབྱོར་དེ་ཉམས་ཞན་པ་ཞིག་ཡིན།

3 ཁྱད་ཆོས།

(1) མི་འབོར་དང་འབྱོར་བ། དཔལ་འབྱོར་བྱ་འགུལ་བཅས་ཀྱི་བར་སྟོང་གཅིག་བསྡུས་ཡིན་པ།

(2) ཞིང་ལས་མ་ཡིན་པའི་དཔལ་འབྱོར་དེ་དཔལ་འབྱོར་གྱི་བྱ་འགུལ་སྤྱིའི་ཁྲོད་དུ་གཞན་པར་ཁ་ལོ་བསྒྱུར་བའི་གོ་གནས་ཡོད་པ།

(3) དཔལ་འབྱོར་བྱ་བར་ཕྱིར་ཕྱོགས་རང་བཞིན་ལྡན་པ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།