Microsoft Office 2007
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Microsoft Office 2007
Microsoft Office 2007ནིMicrosoftཀུང་སིས་གསར་གཏོད་བྱས་པའི་གཞུང་ལས་རང་འགུལ་མཉེན་ཆས་གསར་པ་ཞིག་ཡིན། དེར་ཐུན་མོང་མ་ཡིན་པའི་འཆར་ངོས་དང་མགྱོགས་ཤིང་མྱུར་བའི་བཟོ་ལྟའི་རྣམ་གཞག བདེ་འཇགས་དང་བློ་གཏད་ཆོག་པའི་རང་བཞིན་སོགས་ཁྱད་ཆོས་དུ་མས་ཕྱུག་པས། དེ་ཉིད་གཞུང་ལས་རང་འགུལ་མཉེན་ཆས་དག་གི་ཡང་རྩེར་སོན་ཡོད་ལ་རྒྱ་ཆེའི་ལས་རིགས་ཁག་ན་དགའ་བསུ་ཚད་མེད་གནང་བཞིན་ཡོད། Microsoft Office 2007གྱིས་པར་གཞི་མི་འདྲ་བ་བདུན་ཁྱབ་སྤེལ་བྱས་ཡོད་དེ། དང་པོ། རྨང་གཞིའི་པར་གཞི། གཉིས་པ། ཁྱིམ་ཚང་སློབ་གསོའི་པར་གཞི། གསུམ་པ། ཚད་ལྡན་པར་གཞི། བཞི་བ།ཚོང་ལས་པར་གཞི་ཆུང་ཤོས། ལྔ་པ། ཆེད་ལས་པར་གཞི། དྲུག་པ། ཆེད་ལས་པར་གཞི་བྱེད་ནུས་ཆེ་ཤོས་ཅན་དང་ཁེ་ལས་པར་གཞི་བཅས་ཡིན་ལ་དེ་དག་གི་པར་གཞི་མི་འདྲ་བས་ལྷུ་ཆས་ཀྱང་མི་འདྲའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
微软 办公 2007
ཕྱི་ཡིག་གི་མིང་།
Microsoft Office 2007
1 Microsoft Office 2007ངོ་སྤྲོད།

Microsoft Office 2007ནིMicrosoftཀུང་སིས་གསར་གཏོད་བྱས་པའི་གཞུང་ལས་རང་འགུལ་མཉེན་ཆས་གསར་པ་ཞིག་ཡིན། དེར་ཐུན་མོང་མ་ཡིན་པའི་འཆར་ངོས་དང་མགྱོགས་ཤིང་མྱུར་བའི་བཟོ་ལྟའི་རྣམ་གཞག བདེ་འཇགས་དང་བློ་གཏད་ཆོག་པའི་རང་བཞིན་སོགས་ཁྱད་ཆོས་དུ་མས་ཕྱུག་ཡོད།

2 Microsoft Office word 2007

Microsoft Office word 2007པར་གཞི་སྔོན་མ་དང་བསྡུར་ན་འཆར་ངོས་སྔར་ལས་ལེགས་པ་དང་། རྩོམ་སྒྲིག་བྱས་པའི་ཡིག་ཆའང་སྔར་ལས་ལྟ་ན་སྡུག་པ་མ་ཟད། word 2007གྱི་ནང་དུ་སྔོན་སྒྲིག་བྱས་ཡོད་པའི་བྱེད་ནུས་གང་མང་ཞིག་མཁོ་འདོན་བྱས་ཡོད་དེ། དཔེར་ན་མགྱོགས་མྱུར་བཟོ་ལྟ། བརྗོད་གཞིའི་བཟོ་ལྟ། ཤོག་ངོས་མགོ་བྱང་དང་ཞབས་བྱང་བཟོ་ལྟ། ཆུ་བརྙན་སོགས་ཡོད་པས་སྤྱོད་མཁན་གྱིས་བཟོ་ལྟ་དེ་དག་ཐད་ཀར་དུ་ཡིག་ཆར་བེད་སྤྱོད་བྱས་ནསwordཡིག་ཆ་ཡག་པོ་བཟོ་ཆོག

3 Microsoft Office Excel 2007

Microsoft Office Excel 2007གྱི་ནང་དུ་པར་གཞི་སྔོན་མ་དང་བསྡུར་ན་བྱེད་ནུས་གསར་པ་གང་མང་ཞིག་ཁ་སྣོན་དང་ལེགས་སྒྲིག་བྱས་ཡོད་དེ། དཔེར་ན། ཤོག་ངོས་མགོ་བྱང་དང་ཞབས་བྱང་གི་ལེགས་བཅོས། རིམ་སྒྲིག་དང་གདམ་གསེས་ཀྱི་ལེགས་བཅོས། ཆ་རྐྱེན་རྣམ་གཞག་གི་ལེགས་བཅོས་དང་གཞི་གྲངས་སྦྲེལ་མཐུད་དོ་དམ་ཆས་ལེགས་བཅོས་བྱས་ཏེ། གཞི་གྲངས་བསྐྱར་ཟློས་བྱས་ཡོད་པ་བསུབས་པའི་བྱེད་ནུས་སོགས་ཁ་སྣོན་བྱས་ཡོད་པས། གསར་ཏུ་ཁ་སྣོན་བྱས་ཡོད་པའི་རྣམ་གཞག་དང་ཇུས་འགོད་བཟོ་ལྟ་སོགས་བེད་སྤྱད་ན་སྟབས་བདེ་ཞིང་མགྱོགས་མྱུར་ངང་རེའུ་མིག་གསར་འཛུགས་བྱེད་པ་ཡིན།

4 Microsoft Office powerpoint 2007

Microsoft Office powerpoint 2007གྱི་ནང་དུ་འཆར་ངོས་རྣམ་པ་ལེགས་བཅོས་བྱས་ནས་སྒྲོན་བརྙན་སྟོན་པ་དང་མཉམ་སྤྱོད་བྱེད་པ་སྔར་ལས་ལེགས་ཤིང་བྱེད་ནུས་ཐད་ཀར་མཐོང་ངེས་ཡིན་ལ། powerpoint 2007གྱི་བྱེད་ནུས་དང་ཁྱད་ཆོས་གསར་པ་ཡོད་ཚད་ཟོར་ཡང་ཞིང་སྟབས་བདེ་བའི་ལས་ཁུལ་ཞིག་ཏུ་ཚུད་ཡོད་དེ། powerpointཡི་སྒྲོན་བརྙན་མཛོད་སྤྱད་ནས་རང་གིས་བཟོས་པའི་སྒྲོན་བརྙན་མི་གཞན་དང་མཉམ་སྤྱོད་བྱེད་ཆོག་པ་མ་ཟད། སྟབས་བདེ་ཞིང་མགྱོགས་མྱུར་ངང་སྒྲོན་བརྙན་གསར་འཛུགས་བྱེད་ཐུབ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།