གྲངས་འབོར་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲངས་འབོར་དཔལ་འབྱོར་རིག་པ།
གྲངས་འབོར་དཔལ་འབྱོར་རིག་པར་སྔོན་ཆད་དཔལ་འབྱོར་གྲངས་རིག་གི་ཐབས་ལམ་ཞེས་འབོད་པ་དང་། རྗེས་སུ་མར་ཁེ་སི་རིང་ལུགས་ཀྱི་དཔལ་འབྱོར་གཞུང་ལུགས་ཀྱི་མཛུབ་སྟོན་འོག་ཏུ། ངོ་བོའི་སྟེང་གི་དབྱེ་ཞིབ་རྨང་གཞི་བྱས་ཏེ། གྲངས་རིག་གི་ཐབས་ལམ་དང་རྩིས་རྒྱག་གི་ཐབས་རྩལ་སྤྱད་ནས་དཔལ་འབྱོར་གྱི་གྲངས་འབོར་འབྲེལ་བ་དང་འགྱུར་ལྡོག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། གྲངས་འབོར་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་གཞུང་ལུགས་ལྟར་ངོ་བོའི་སྟེང་གི་དབྱེ་ཞིབ་རྨང་གཞིར་བཟུང་བའི་ཁར། གྲངས་རིག་གི་ཐབས་ལམ་དང་རྩིས་རྒྱག་ཐབས་རྩལ་གྱི་ཞིབ་འཇུག་བྱ་ཐབས་སྤྱད་དེ་དཔལ་འབྱོར་གྲངས་འབོར་གྱི་འབྲེལ་བ་དང་འགྱུར་ལྡོག་གི་ཆོས་ཉིད་རང་བཞིན་གྱི་དཔལ་འབྱོར་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数量经济学
ཕྱི་ཡིག་གི་མིང་།
quantitative economics
ཚན་རིག་ཡན་ལག་གི་ཁོངས་གཏོགས།
དཔལ་འབྱོར་རིག་པ།
རིག་ཚན་ཁོངས་གཏོགས།
ཉེར་སྤྱོད་དཔལ་འབྱོར་རིག་པ།
1 རིག་ཚན་རགས་འགྲེལ།

གྲངས་འབོར་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ནི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ཁོ་ན་ཙམ་མ་ཡིན་པར། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ཡང་འདུ་བ་མ་ཟད། གཞུང་ལུགས་ཀྱི་འཕེལ་རྒྱས་དེ་ཞིབ་འཇུག་གི་ཕྱོགས་སོ་སོར་ཁྱབ་སྟེ། ཁེ་ལས་དང་རྒྱལ་ཁབ་ཀྱི་འཆར་གཞི་དང་དོ་དམ། སྔོན་དཔག ཐབས་ཇུས་བཅས་ལ་ཞབས་ཞུ་བསྒྲུབ་པ་ཡིན། དེས་སྤྱོད་པའི་རྩིས་རིག་གི་ཐབས་ལམ་དེ་དམའ་རིམ་དང་མཐོ་རིམ་གྱི་གྲངས་རྩིས་ལས་གཞན་ད་དུང་སྐུད་གཤིས་ཚབ་རྩིས་དང་གྲངས་རིག་གི་འཆར་འགོད་སོགས་དེང་རབས་རྩིས་རིགས་སོགས་ཡོད། དེས་སྤྱོད་པའི་རྩིས་རྒྱག་གི་ལག་ཆ་དེ་དེང་རབས་ཅན་གྱི་འཕྲིན་གཏོང་ལག་རྩལ་དང་ཟུང་དུ་སྦྲེལ་བའི་གློག་རྡུལ་རྩིས་འཁོར་དེ་ཡིན།

2 ཞིབ་འཇུག་གི་ནང་དོན།

ཞིབ་འཇུག་གི་ནང་དོན་གཙོ་ལ།

(1) དཔལ་འབྱོར་གྲངས་འབོར་འབྲེལ་བའི་གོ་དོན་དང་ཁྱད་ཆོས། དཔལ་འབྱོར་གྲངས་འབོར་གྱི་འབྲེལ་བའི་ནུས་པར་ཞིབ་འཇུག་བྱེད་པ།

(2) དཔལ་འབྱོར་གྲངས་འབོར་ལ་དབྱེ་ཞིབ་བྱེད་པའི་སྤྱིར་བཏང་གི་གཞུང་ལུགས་དང་ཐབས་ལམ་སྨྲ་བ།

(3) རྒྱལ་དམངས་དཔལ་འབྱོར་གྱི་ཆེས་ལེགས་པའི་འཆར་གཞི་དང་དོ་དམ།

(4) དཔལ་འབྱོར་ཚོད་འཛིན་སྨྲ་བའི་ཉེར་སྤྱོད།

(5)སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་བསྐྱར་མ་རྒྱ་སྐྱེད་པའི་དཔལ་འབྱོར་གྲངས་རིག་གི་དབྱེ་ཞིབ།

(6) དངུལ་གཏོང་ཕན་འབྲས་ཀྱི་དཔྱད་འཇོག་དང་དངུལ་གཏོང་ཇུས་གཞིའི་དཔྱད་གླེང་།

(7)དཔལ་འབྱོར་ཆ་འཕྲིན་གྱི་རྩ་འཛུགས་དོ་དམ་དང་རང་འགུལ་ཅན་གྱི་མ་ལག་གི་འཛུགས་སྐྲུན། དེ་མིན་ཐོན་སྐྱེད་ཀྱི་སྒྲིག་སྟངས་དང་།  ཚོང་ཟོང་འཁོར་རྒྱུག རྒྱལ་ཁབ་ཀྱི་གསོག་ཉར་སོགས་དཔལ་འབྱོར་གྲངས་རིག་གི་ཉེར་སྤྱོད་སྣ་ཚོགས།

3 བྱེ་བྲག་གི་ནང་དོན།

གྲངས་འབོར་དཔལ་འབྱོར་རིག་པའི་ནང་དོན་ལ་གཙོ་བོར། སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་བསྐྱར་མ་རྒྱ་སྐྱེད་པའི་དཔལ་འབྱོར་གྲངས་རིག་གི་དབྱེ་ཞིབ་དང་། སྡེ་ཁག་སོ་སོའི་བར་གྱི་འབྲེལ་བ་སྙོམས་སྒྲིག་གི་ཞིབ་འཇུག རྒྱལ་དམངས་དཔལ་འབྱོར་གྱི་ཆེས་ལེགས་པའི་འཆར་གཞི་དང་དོ་དམ། དཔལ་བྱོར་སྔོན་དཔག་དང་དེའི་ཐབས་ལམ་ཞིབ་འཇུག་སོགས་འདུ་ཞིང་། དཔལ་འབྱོར་དོ་དམ་ཁྲོད་མ་ལག་སྨྲ་བ་དང་ཚོད་འཛིན་སྨྲ་བ། ཆ་འཕྲིན་སྨྲ་བ་དང་དེའི་ཐབས་ལམ་གྱི་ཞིབ་འཇུག་བྱ་ཐབས་སོགས་ཉེ་བར་སྤྱད་དེ། ཕྲ་མཐོང་དཔལ་འབྱོར་གནད་དོན་སྣ་ཚོགས་ཀྱི་དཔལ་འབྱོར་གྲངས་རིག་གི་དབྱེ་ཞིབ་དང་ཞིབ་འཇུག དེ་མིན་དཔལ་འབྱོར་གྲངས་རིག་རིག་པའི་གཞུང་ལུགས་དང་ཐབས་ལམ་སོགས་སྒྲིག་འཛུགས་དང་བཀོལ་སྤྱོད་བྱེད་པ་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།