ཚོང་རའི་འགྲན་རྩོད།

ཚོང་རའི་འགྲན་རྩོད་ནི་ཚོང་རའི་དཔལ་འབྱོར་དུ་རིགས་མཚུངས་དཔལ་འབྱོར་བྱ་སྤྱོད་ཀྱི་གཙོ་ཕུང་དེས་རང་སྟེང་གི་ཁེ་ཕན་ལ་གཞིགས་ཏེ། རང་ཉིད་ཀྱི་དཔལ་འབྱོར་དངོས་ཤུགས་སྟོབས་ཆེར་གཏོང་བ་དང་། རིགས་མཚུངས་དཔལ་འབྱོར་བྱ་སྤྱོད་ཀྱི་གཙོ་ཕུང་དེའི་རིགས་མཚུངས་བྱ་སྤྱོད་རིས་སུ་འདོར་བའི་སྣང་ཚུལ་ཞིག་ཡིན། ཚོང་རའི་འགྲན་རྩོད་ཀྱི་ནང་གནས་སྐུལ་རྐྱེན་ནི་དཔལ་འབྱོར་བྱ་སྤྱོད་ཀྱི་གཙོ་ཕུང་རང་སྟེང་གི་དངོས་པོའི་ཁེ་ཕན་གྱི་སྐུལ་འདེད་དང་། རང་ཉིད་ཀྱི་དངོས་པོའི་ཁེ་ཕན་ཤོར་བ་དེ་ཚོང་རའི་ཁྲོད་རིགས་མཚུངས་དཔལ་འབྱོར་བྱ་སྤྱོད་ཀྱིས་རིས་སུ་འདོར་བར་དོ་ཁུར་བྱེད་པ་དེ་ཡིན།
ནང་དོན་གཙོ་བོ་དྲུག་ཡོད་དེ།
ཚོང་ཟོང་གི་འགྲན་རྩོད།
རྒྱུ་སྤུས་ཀྱི་འགྲན་རྩོད།
ཞབས་ཞུའི་འགྲན་རྩོད།
ཆ་འཕྲིན་གྱི་འགྲན་རྩོད།
རིན་གོང་གི་འགྲན་རྩོད།
ཡིན་རྟོན་གྱི་འགྲན་རྩོད།
ཚོང་རའི་འགྲན་རྩོད་ཀྱི་ཐབས་ལམ་ལ་རྣམ་པ་སྣ་ཚོགས་ཡོད་ཆོག་སྟེ། དཔེར་ན། ཚོང་ཟོང་རྒྱུ་སྤུས་ཀྱི་འགྲན་རྩོད་དང་། བརྡ་ཁྱབ་ཚོང་གཉེར་གྱི་འགྲན་རྩོད། རིན་གོང་གི་འགྲན་རྩོད། ཐོན་རྫས་ཀྱི་དབྱིབས་རྣམ། ཚོན་མདངས་དང་ཚོང་ཟོང་རིགས་ཀྱི་འགྲན་རྩོད་སོགས་ཡོད་ཅིང་། འདི་དག་ཚང་མ་ཚོང་རའི་འགྲན་རྩོད་ཀྱི་ཐབས་ཇུས་ཞེས་པ་དེ་ཡང་ཡིན། ང་ཚོས་ཚོང་རའི་འགྲན་རྩོད་ཀྱི་ཚད་ལྟར་ཚོང་རའི་འགྲན་རྩོད་དེ་རིགས་གཉིས་སུ་བཀར་བ་སྟེ། མཐའ་དག་འགྲན་རྩོད་དང་མཐའ་དག་མ་ཡིན་པའི་འགྲན་རྩོད་གཉིས་སོ།།
གཅིག རིན་གོང་གི་འགྲན་རྩོད་ནི་རིགས་འདྲའི་ཚོང་རྫས་ཐོན་སྐྱེད་དང་ལས་གཉེར་བྱེད་པའི་ཁེ་ལས་ཀྱིས་ཚད་བརྒལ་ཁེ་སྤོགས་ལེན་པར་དམིགས་པའི་འགྲན་རྩོད་ཡིན།
(1)རིན་གོང་འགྲན་རྩོད་བྱེད་པའི་ཆ་རྐྱེན་ནི་མ་རྩ་གཅོག་པ་དེ་ཡིན།
(2)རིན་གོང་འགྲན་རྩོད་ཀྱི་ཐབས་ལམ་གཙོ་བོ་ནི་རིན་གོང་མར་གཅོག་པ་ཡིན།
གཉིས། རིན་གོང་མ་ཡིན་པའི་འགྲན་རྩོད་ནི་ཐོན་རྫས་ལ་ཁྱད་པར་དགར་ནས་འགྲན་རྩོད་བྱེད་པ་དེ་ཡིན།
རིན་གོང་མ་ཡིན་པའི་འགྲན་རྩོད་ཐབས་ལམ་གྱི་བཀོལ་སྤྱོད་དེས་ཁེ་ལས་ཐོན་སྐྱེད་དང་ལས་གཉེར་གྱི་མ་རྩ་ཡར་འཕར་བར་བྱེད་ངེས་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-02
གསར་སྤེལ་མཁན། :བདེ་ཆེན་མཚོ།