རིག་གནས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་གནས་སྤྱི་ཚོགས་རིག་པ།
རིག་གནས་སྤྱི་ཚོགས་རིག་པ་ནི་ཐོག་མར་འཇར་མན་གྱི་སྤྱི་ཚོགས་རིག་པ་བ P པར་ཐི་ཡི《སྤྱི་ཚོགས་རིག་པའི་ལོ་རྒྱུས་གཏན་ཚིགས》ལས་བཏོན་པ་ཡིན། ཁོའི་ལྟ་ཚུལ་ལ H སི་པན་སེ་ཡིས་རང་བྱུང་དུས་རབས་ཀྱི་སྤྱི་ཚོགས་རིག་པ་མ་གཏོགས་གླེང་མེད། འོན་ཀྱང་དེ་ལས་གཙོ་ཆེ་བ་ནི་རིག་གནས་དུས་རབས་ཀྱི་སྤྱི་ཚོགས་རིག་པ་ཞིབ་འཇུག་བྱེད་པ་དེ་ཡིན། རིག་གནས་སྤྱི་ཚོགས་རིག་པ་ལ་བྱུང་ཁུངས་གཉིས་ཡོད། འཇར་མན་དང་ཧྥ་རིན་སི་ཡི་སྤྱི་ཚོགས་རིག་པ་དང་། དབྱིན་ཇི་དང་ཨ་རི་ཡི་རིག་གནས་མིའི་རིགས་རིག་པའམ་སྤྱི་ཚོགས་མིའི་རིགས་རིག་པ་ཡིན། བྱུང་ཁུངས་མི་འདྲ་བའི་དབང་གིས་གོ་དོན་ཡང་མི་འདྲ། གཙོ་བོ་སྣ་འཛོམས་སྤྱི་ཚོགས་རིག་པ་གསར་བ་ཡིན་པའི་ཆ་དང་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཡིན་པའི་ཆ་སྟེ། གོ་དོན་གཉིས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文化社会学
ཕྱི་ཡིག་གི་མིང་།
cultural sociology
1 ངོ་སྤྲོད་རགས་བསྡུས།

རིག་གནས་སྤྱི་ཚོགས་རིག་པ་ཡིས་རིག་གནས་ཀྱི་བྱུང་བ་དང་འཕེལ་རྒྱས། དམིགས་བསལ་ཆོས་ཉིད་ཅན་གྱི་སྤྱི་ཚོགས་བྱེད་ལས་ཀྱི་བསླབ་ཚན་ཞིག་ཡིན། སྣ་འཛོམས་སྤྱི་ཚོགས་རིག་པ་གསར་བ་སྟེ་རིག་གནས་སྤྱི་ཚོགས་རིག་པ་ཡིན་པའི་ཆ་ནས། གཙོ་བོ་འཇར་མན་དང་ཧྥ་རིན་སི་ནས་གྲུབ་པ་ཡིན། ལྷག་པར་དུ་འཇར་མན་ཡིན། དུས་རབས19བའི་མཇུག་ནས་དུས་རབས20བའི་མགོ་ལ། ནུབ་ཕྱོགས་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་སྤྱི་ཚོགས། དཔལ་འབྱོར་དང་རིག་གནས་སོགས་ལ་ཉམས་ཉེན་བྱུང་། སྐབས་དེར་གཏན་ཚིགས་སྤྱི་ཚོགས་ཚན་རིག་པ་ཡོངས་ཀྱིས་སྤྱི་ཚོགས་རིག་གནས་རིན་ཐང་མ་ལག་གི་ཉམས་ཉེན་ཀྱིས་སྟབས་ཡིན་པ་དང་། དེ་ལས་ཁོ་ཚོས་རིག་གནས་ལ་ཞིབ་འཇུག་བྱས་པ་རེད། འཛམ་གླིང་འཁྲུག་ཆེན་རྗེས་འཇར་མན་གྱི་སྤྱི་ཚོགས་རིག་པ་ལྷག་པར་དུ་འཇར་མན་གྱི་རིག་གནས་ལ་ལྟ་སྟངས་གསར་བ་བཟུང་བ་དང་། འཛམ་གླིང་རིགས་སོ་སོའི་རིག་གནས་ལ་ཞིབ་འཇུག་བྱས་པ་རེད། རིག་གནས་སྤྱི་ཚོགས་རིག་པ་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཡིན་པའི་ཆ་ནས།

དབྱིན་ཇི་དང་ཨ་རི་ཡི་རིག་གནས་མིའི་རིགས་རིག་པའམ་སྤྱི་ཚོགས་མིའི་རིགས་རིག་པ་ཡི་ཞིབ་འཇུག་སྟེ། གདོད་མའི་རིག་གནས་ཞིབ་འཇུག་ནས་དེང་རབས་སྤྱི་ཚོགས་འཚོ་བའི་བརྒྱུད་རིམ་ལ་ཞིབ་འཇུག་བྱས་པ་རེད། རིམ་འགྱུར་གྱི་གྲུབ་ཚུལ་ནི། རིག་གནས་མིའི་རིགས་རིག་པའམ་སྤྱི་ཚོགས་མིའི་རིགས་རིག་པའི་དེང་རབས་སྤྱི་ཚོགས་འཚོ་བའི་སྤྱོད་སྒོ་དང་སྤྱི་ཚོགས་རིག་པ་དང་མཉམ་བསྲེས་བྱས་པ་ལས་བྱུང་བའི་ཐོན་དངོས་ཡིན།

2 ཞིབ་འཇུག་ནང་དོན།

རིག་གནས་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ། སྤྱི་བསྡོམས་བྱས་ན་དོན་ཚན་བཅུ་ཡོད།

རིག་གནས་ཀྱི་བྱུང་ཁུངས་འཕེལ་རྒྱས་དང་རིག་གནས་ཀྱི་བྱུང་བ་དང་འཕེལ་རྒྱས་སོགས། རིག་གནས་ཀྱི་བར་སྟོང་གི་འཕེལ་རྒྱས་དང་རིག་གནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་མ་ལག་གི་ཁོངས་གཏོགས་མི་འདྲ་བ། རིག་གནས་ཐོན་སྐྱེད་དང་རིག་གནས་ཀྱི་ཁྱབ་སྤེལ། རིག་གནས་འགལ་ཟླ་སོགས་རིག་གནས་ཀྱི་འགྱུར་ལྡོག་གི་རྒྱུ་རྐྱེན། རིག་གནས་དང་སྤྱི་ཚོགས་ཅན་སོགས་དང་རིག་གནས་དེང་རབས་ཅན་ཁྲོད་ཀྱི་གོ་གནས་དང་བྱེད་ནུས་སོགས།

3 དོན་སྙིང་།

རིག་གནས་སྤྱི་ཚོགས་རིག་པའི་ཞིབ་འཇུག་ལས་སྤྱི་ཚོགས་འཚོ་བའི་ཐད་གཞུང་ལུགས་ལག་བསྟར་ལ་དགེ་མཚན་ཆེན་པོ་ལྡན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-21

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།