མི་གྲངས་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་གྲངས་ལོ་རྒྱུས་ནི་མི་གྲངས་གྲངས་ཚད་དང་། སྤུས་ཚད་དང་དེའི་གནས་སྤོར་དང་ས་ཁམས་ཁྱབ་ཁོངས་འཕེལ་རྒྱས་འགྱུར་ལྡོག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། མི་གྲངས་རིག་པའི་ཡན་ལག་རིག་ཚན་ཡང་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཁྲོད། མི་གྲངས་ནི་སྤྱི་ཚོགས་ཀྱི་གཙོ་གནས་ཡིན། དངོས་པོ་ཐོན་སྐྱེད་ནི་མིའི་རིགས་ཀྱི་སྤྱི་ཚོགས་གནས་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། དེའི་རྐྱེན་གྱིས་མི་གྲངས་ལོ་རྒྱུས་ཞིབ་འཇུག་ལ། མི་གྲངས་གྲངས་ཚད་དང་། དེའི་སྤུས་ཀ་དང་ས་ཁམས་ཁྱབ་ཁོངས་ཀྱི་འགྱུར་ལྡོག་གིས་སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་ལ་ཤན་ཤུགས་ཆེན་པོ་ཐེབས་བཞིན་ཡོད་པ་བསམ་བློ་གཏོང་དགོས། དེ་མ་ཟད་སྤྱི་ཚོགས་ཐོན་སྐྱེད་ཀྱི་འཕེལ་རྒྱས་ཀྱིས་མི་གྲངས་གྲངས་ཚད་དང་། སྤུས་ཀ་དང་ས་ཁམས་ཁྱབ་ཁོངས་འགྱུར་ལྡོག་གི་ཐག་ཆོད་རང་བཞིན་གྱི་བྱེད་ནུས་ལའང་བསམ་བློ་གཏོང་དགོས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人口史
ཕྱི་ཡིག་གི་མིང་།
The history of population
ཁྱད་ཆོས།
མི་གྲངས་གནས་སྤོར།
བྱུང་ཁུངས།
ལོ་རྒྱུས་ཀྱི་རིག་ཚན།
1 ཞིབ་འཇུག་ཐབས་ལམ།

མི་གྲངས་གྲངས་ཚད་དང་སྤུས་ཀའི་འགྱུར་ལྡོག་གཙོ་བོ་ནི་རིགས་མི་འདྲ་བའི་སྤྱི་ཚོགས་ཐོན་སྐྱེད་ཀྱི་རྣམ་པར་རག་ལས་པ་ཡིན། གདོད་མའི་སྤྱི་ཚོགས། བྲན་གཡོག་སྤྱི་ཚོགས་དང་བཀོས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཁྲོད། སྤྱི་ཚོགས་ཐོན་སྐྱེད་རྣམ་པ་མི་འདྲ་བའི་དབང་གིས་མི་གྲངས་ཀྱི་གྲངས་ཚད་དང་དེའི་སྐྱེ་བ་དང་འཆི་བའི་གནས་ཚུལ། མི་གྲངས་ཀྱི་ལོ་གྲངས། ཕོ་མོ་དང་ལས་རིགས། གྲས་རིམ་གྲུབ་ཚུལ་དང་དེའི་ས་ཁམས་ཁྱབ་ཁོངས་གནས་ཚུལ། མི་གྲངས་རིག་གནས་སློབ་གསོའི་ཆུ་ཚད། བདེ་ཐང་ཆུ་ཚད། སྔོན་དཔག་གི་ཆ་སྙོམས་ཚེ་ཚད་དང་མི་གྲངས་གནས་སྤོར་དང་ཁྱབ་ཁོངས་ཀྱང་མི་འདྲ། དེའི་རྐྱེན་གྱིས། ངེས་པར་དུ་ཐོན་སྐྱེད་དང་ཐོན་སྐྱེད་ཀྱི་འབྲེལ་བ་སྟེ། རྨང་གཞིའི་དཔལ་འབྱོར་དང་སྟེང་གི་བཀོད་པའི་རྩོད་གཞི་གཅིག་གྱུར་འབྲེལ་བ་ལས་མི་གྲངས་གྲངས་ཚད་དང་། སྤུས་ཀ་དང་ཁྱབ་ཁོངས་འཕེལ་རྒྱས་འགྱུར་ལྡོག་གི་ལོ་རྒྱུས་བརྒྱུད་རིམ་དང་དེའི་ཆོས་ཉིད་རང་བཞིན་ལ་གསལ་འགྲེལ་བྱས་ཡོད། ངེས་པར་དུ་ལོ་རྒྱུས་དངོས་གཙོ་རིང་ལུགས་དང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་གཞུང་ལུགས་ཀྱི་རྨང་གཞི་དང་ཐབས་ལམ་སྨྲ་བའི་རྨང་གཞི་ཡིན་པ་བརྩི་དགོས།

2 ཤན་ཤུགས་ཀྱི་རྒྱུ་རྐྱེན།

(1)སྤྱི་ཚོགས་ཐོན་སྐྱེད་རྣམ་པ་དང་ཆབ་སྲིད་ཁོར་ཡུག

(2)དཔལ་འབྱོར་ཆ་རྐྱེན།

(3)རང་བྱུང་གནམ་གཤིས་ཀྱི་ཆ་རྐྱེན།

(4)དམངས་སྲོལ་གོམས་གཤིས།

(5)ཆོས་ལུགས་དད་མོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-23

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།