བཟོ་ལས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་ལས་སྤྱི་ཚོགས་རིག་པ་ལ་ཐོན་སྐྱེད་སྤྱི་ཚོགས་རིག་པའང་ཟེར། སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། སྤྱི་ཚོགས་རིག་པའི་རྨང་གཞིའི་གཞུང་ལུགས་དང་ཐབས་ལམ་སྤྱད་དེ་བཟོ་ལས་ལམ་ལུགས་དང་བཟོ་ལས་ཅན། བཟོ་ལས་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工业社会学
ཕྱི་ཡིག་གི་མིང་།
industrial sociology
མིང་གཞན།
ཐོན་ལས་སྤྱི་ཚོགས་རིག་པ།
ཞིབ་འཇུག་ནང་དོན།
འབྲེལ་ཡོད་རིག་ཚན་གྱི་འབྲེལ་བ།
འབྲེལ་ཡོད་མི་སྣ།
F.W.ཐའེ་ལུ (F.W.泰勒)
1 ཞིབ་འཇུག་ནང་དོན།

བཟོ་ལས་སྤྱི་ཚོགས་རིག་པའི་ཞིབ་འཇུག་གི་ནང་དོན་ཅུང་རྒྱ་ཆེ། གཙོ་བོ་རིམ་གྲས་གཉིས་ཀྱི་ཕྱོགས་ནས་ཞིབ་འཇུག་བྱེད་བཞིན་ཡོད། དང་པོ་ནི་བཟོ་ལས་སྤྱི་ཚོགས་མ་ལག་གྲུབ་པའི་ཆ་ཤས། ཆེ་མཐོང་ཞིབ་འཇུག་གི་ཐད་ནས་བཟོ་ལས་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་འབྲེལ་བ་ལ་ཞིབ་འཇུག་བྱེད་པ། དཔེར་ན་བཟོ་ལས་དང་མི་གྲངས། བཟོ་ལས་དང་ཁྱིམ་ཚང་། བཟོ་ལས་དང་སྡོད་ཁུལ། བཟོ་ལས་དང་སློབ་གསོ། བཟོ་ལས་དང་ཁོར་ཡུག བཟོ་ལས་དང་ཚན་རྩལ། བཟོ་ལས་འཕེལ་རྒྱས་དང་སྤྱི་ཚོགས་འགྱུར་ལྡོག བཟོ་ལས་འཕེལ་རྒྱས་དང་མིའི་རིགས་ཀྱི་འཚོ་བའི་རྒྱུ་སྤུས། འཛད་སྤྱོད་ཆུ་ཚད་དང་འཛད་སྤྱོད་སྒྲིག་གཞི་སོགས་ལ་ཞིབ་འཇུག་བྱེད་པ། བཟོ་ལས་ཁེ་ལས་སྤྱི་ཚོགས་ཀྱི་ཕྲ་ཕུང་ཡིན། ཕྲ་མཐོང་ཐོག་ནས་བཟོ་ལས་ཁེ་ལས་ནང་ཁུལ་གྱི་སྤྱི་ཚོགས་འབྲེལ་བ་སོ་སོ་དང་སྤྱི་ཚོགས་བྱ་སྤྱོད་། སྤྱི་ཚོགས་རྒྱུ་རྐྱེན་སོགས་ཀྱི་འབྲེལ་བ་ཞིབ་འཇུག་བྱེད་པ། དཔེར་ན་ཁེ་ལས་ནང་ཁུལ་གྱི་མིའི་བར་གྱི་འབྲེལ་། ཁེ་ལས་ཁྲོད་ཀྱི་གསར་ཞུགས་ཚོགས་སྤྱི། དངོས་མ་མ་ཡིན་པའི་ཚོགས་སྤྱི། ཁེ་ལས་ནང་ཁུལ་གྱི་ལས་བཟོ་བ་དང་མགོ་ཁྲིད་ཀྱི་ཡར་སྐུལ་རང་བཞིན་དང་། ལས་ཀའི་འདོད་བློ་ཚིམ་པའི་ཚད། ལས་བཟོ་བའི་ཁེ་ལས་ཀྱི་འདུ་ཤེས། བདེ་འཇགས་ཀྱི་ཚོར་བ་དང་ལས་ཀའི་འགྲུབ་ཚད་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད།

2 འབྲེལ་ཡོད་རིག་ཚན་སྐོར།

བཟོ་ལས་སྤྱི་ཚོགས་རིག་པ་དང་ངལ་རྩོལ་སྤྱི་ཚོགས་རིག་པ། བཟོ་ལས་སེམས་ཁམས་རིག་པ། དོ་དམ་སེམས་ཁམས་རིག་པ། ཁེ་ལས་དོ་དམ་རིག་པ། བཟོ་ལས་དཔལ་འབྱོར་རིག་པ་སོགས་དང་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཡོད། ངལ་རྩོལ་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་རྒྱ་ཆེ། བཟོ་ལས་ངལ་རྩོལ་ལས་གཞན། སྐྱེལ་འདྲེན་ལས་དོན་ངལ་རྩོལ། ཚོང་ལས་དང་གཞན་ཞབས་ཞུ་རང་བཞིན་གྱི་ངལ་རྩོལ་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། བཟོ་ལས་སེམས་ཁམས་རིག་པ། དོ་དམ་སེམས་ཁམས་རིག་པ་དང་བཟོ་ལས་སྤྱི་ཚོགས་རིག་པ་སོགས་དང་འབྲེལ་བ་དམ་པོ་ཡོད། འོན་ཀྱང་སྔོན་གྱི་རིག་ཚན་དེ་གཉིས་ཀྱིས་བཟོ་ལས་ལས་བཟོ་བའི་སེམས་ཁམས་ཕྱོགས་མ་གཏོགས་ཞིབ་འཇུག་བྱེད་བཞིན་མེད། ཁེ་ལས་དོ་དམ་རིག་པ་དང་བཟོ་ལས་དོ་དམ་རིག་པ་གཉིས་ཀྱིས་བཟོ་ལས་ཞིབ་འཇུག་དམིགས་ཡུལ་དུ་བཟུང་ཡོད། རྗེས་མ་དེའི་བཟོ་ལས་དཔལ་འབྱོར་ཞིབ་འཇུག་བྱེད་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།