ཕྲ་མཐོང་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྲ་མཐོང་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཡིན། དེ་ལ་ཆུང་གྲས་སྤྱི་ཚོགས་རིག་པ་ཡང་ཟེར། ཆེ་མཐོང་སྤྱི་ཚོགས་རིག་པ་དང་བསྡུར་ན། གཙོ་བོ་སྤྱི་ཚོགས་ཕན་ཚུན་འགུལ་སྐྱོད་དང་། སྤྱི་ཚོགས་དང་མིའི་སྤྱི་ཚོགས་ཅན། སྤྱིར་བཏང་གི་ཚོགས་སྤྱི་སོགས་སྤྱི་ཚོགས་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ། ཞིབ་འཇུག་ཕན་ཚུན་འགུལ་སྐྱོད་དང་མིའི་བར་གྱི་འབྲེལ་བ་ལ་ཞིབ་འཇུག་གཙོ་བོ་བྱེད་བཞིན་ཡོད། རིགས་འདིའི་ཞིབ་འཇུག་གིས་སྤྱི་ཚོགས་ཀྱི་ཕྲ་མཐོང་དབྱེ་ཞིབ་བམ་ཕྲ་མཐོང་མཐོང་ཟུར་དབྱེ་ཞིབ་ཟེར། སྤྱི་ཚོགས་རིག་པ་ཁ་ཤས་ཀྱིས་ཕྲ་མཐོང་དབྱེ་ཞིབ་ལ་ཕྲ་ཕུང་དབྱེ་ཞིབ་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
微观社会学
ཕྱི་ཡིག་གི་མིང་།
micro sociology
1 ཕྲ་མཐོང་དང་ཆེ་མཐོང་དབྱེ་ཞིབ་ཀྱི་འབྲེལ་བ།

ཕྲ་མཐོང་དབྱེ་ཞིབ་དང་ཆེ་མཐོང་དབྱེ་ཞིབ་ཀྱི་འབྲེལ་བའི་གནད་དོན་ནི་ནུབ་ཕྱོགས་སྤྱི་ཚོགས་རིག་པའི་གཞུང་ལུགས་ཁྲོད་ཡུན་རིང་ལ་རྩོལ་གླེང་བྱས་པའི་གནད་དོན་ཞིག་རེད། རྩོལ་གཞི་དེ་གཙོ་བོ་སྤྱི་ཚོགས་ཀྱི་ཞིབ་འཇུག་ངེས་པར་དུ་ཕྲ་མཐོང་དབྱེ་ཞིབ་གཙོ་བྱེད་དགོས་པའམ་ཆེ་མཐོང་དབྱེ་ཞིབ་གཙོ་བྱེད་དགོས་པ་དེ་རེད། མཁས་པ་སྐོར་ཞིག་གིས་ངེས་པར་དུ་ཕྲ་མཐོང་དབྱེ་ཞིབ་གཙོ་བོར་འཇོག་དགོས་པའི་ལྟ་ཚུལ་ནན་གྱིས་བཏོན་པ་རེད། ཁོ་ཚོའི་ལྟ་ཚུལ་ལ་ཆེ་མཐོང་གི་སྒྲིག་གཞི་དབྱེ་ཞིབ་ནི་ཕྲ་མཐོང་གི་ཕན་ཚུན་འགུལ་སྐྱོད་འབྲེལ་བའི་སྲ་བརྟན་ཅན་དང་མ་དབྱིབས་ཅན་ཡིན་པར་འདོད། ཡང་མཁས་པ་སྐོར་ཞིག་གིས་ཆེ་མཐོང་གི་སྤྱི་ཚོགས་སྒྲིག་གཞི་ནི་ཕྲ་མཐོང་གི་མིའི་འབྲེལ་བའི་ཕན་ཚུན་འགུལ་སྐྱོད་འབྲེལ་པའི་དངོས་ཡོད་ཚོད་འཛིན་རྒྱུ་རྐྱེན་ཡིན་པར་འདོད། ཡང་མཁས་པ་སྐོར་ཞིག་གིས་དེ་གཉིས་རྩོལ་གཞི་ལས་གྲོས་འཆམ་ཡོང་པར་འབད་པ་བྱས་ཏེ། ཕྲ་མཐོང་དབྱེ་ཞིབ་དང་ཆེ་མཐོང་དབྱེ་ཞིབ་གཉིས་སྦྲེལ་བའི་མཐུད་མཚམས་ཞིག་འཚོལ་བཞིན་ཡོད་པ་རེད། དེང་རབས་སྒྲིག་གཞིའི་གཞུང་ལུགས་ཡང་དེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཆེ་མཐོང་སྒྲིག་གཞི་རིང་ལུགས་ཀྱི་གཞི་རྒྱ། ཁ་གྱེས་པ་དང་ངོ་བོ་མི་འདྲ་བའི་རང་བཞིན། འདྲ་མཉམ་མིན་པ་སོགས་ཀྱི་ཐད་ནས་སྤྱི་ཚོགས་སྒྲིག་གཞིའི་ཁྱད་ཆོས་དང་དེའི་སྤྱི་ཚོགས་ཀྱི་སྒྲིག་གཞིའི་ཧྲིལ་འདྲེས་ཀྱི་བྱེད་ལས་ལ་ཞིབ་འཇུག་བྱེད་པ་ཡིན། ཕྲ་མཐོང་སྒྲིག་གཞིའི་རིང་ལུགས་ནི་མིའི་བར་གྱི་འགུལ་སྐྱོད་ཀྱི་ལྟ་ཚུལ་ནས་མགོ་བརྩམས་ཏེ། ཆེ་མཐོང་སྒྲིག་གཞིའི་ཕྲ་མཐོང་སྒུལ་ཤུགས་བཙལ་བར་འབད་པ་བྱེད་བཞིན་ཡོད།

2 མཁས་པའི་བཞེད་དགོངས།

དཔེར་ན་ཨ་རའི་སྤྱི་ཚོགས་རིག་པ་བ R ཁུ་ལིན་སི་ཡི་ཕན་ཚུན་འགུལ་སྐྱོད་མཛད་སྒོའི་གཞུང་ལུགས། མར་ཁུ་སི་རིང་ལུགས་སྤྱི་ཚོགས་རིག་པས་མཐའ་སྐྱོང་བ་ནི་ཆེ་མཐོང་དབྱེ་ཞིབ་དང་ཕྲ་མཐོང་དབྱེ་ཞིབ་ཀྱི་གཅིག་གྱུར་དང་མཉམ་བསྲེས་རེད། དེ་རང་སྟེང་ནས་ཆེ་མཐོང་སྤྱི་ཚོགས་རིག་པ་དང་ཕྲ་མཐོང་སྤྱི་ཚོགས་རིག་པའི་གཅིག་གྱུར་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།