དངོས་དཔང་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་དཔང་རིང་ལུགས།
དངོས་དཔང་རིང་ལུགས་ཀྱིས་ཚོར་སྣང་ཉམས་མྱོང་གཙོ་བོར་འཛིན་པ་ཡིན། ནུབ་ཕྱོགས་གཏན་ཚིགས་རིག་པའི་ཕྱོགས་ཁག་གི་གཟུགས་འདས་རིག་པ་ཁས་མི་ལེན། དེ་བས་དངོས་དཔང་གཏན་ཚིགས་ཀྱང་ཟེར། དེ་བྱུང་བའི་དུས་ཚོད་ནི་དུས་རབས19ལོ་རབས30—40བར་གྱི་ཧྥ་རིན་སི་དང་དབྱིན་ཇི། ཧྥ་རིན་སིའི་གཏན་ཚིགས་རིག་པ་བ་དང་སྤྱི་ཚོགས་རིག་པའི་སྲོལ་བཏོད་མཁནAཁང་ཏིA.孔德སོགས་ཀྱིས་བཏོན་པ་ཡིན། 1830ལོ་ནས་མགོ་བརྩམས་ཏེ་ཁང་ཏི་ཡིས་སྔ་རྗེས་སུ《དངོས་དཔང་གཏན་ཚིགས་བསླབ་གཞི》སྤེལ་བ་དང་། དེ་ཡང་དངོས་དཔང་རིང་ལུགས་གྲུབ་པའི་མཚོན་རྟགས་ཡིན། ཁང་ཏི་གཙོ་བྱས་པའི་དངོས་དཔང་རིང་ལུགས་ལ་དངོས་དཔང་རིང་ལུགས་རྙིང་བ་ཟེར། དུས་རབས20ནང་ཧ་ཅང་དར་བའི་གཏན་ཚིགས་དངོས་དཔང་རིང་ལུགས་ལ་དངོས་དཔང་རིང་ལུགས་གསར་བ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
实证主义
ཕྱི་ཡིག་གི་མིང་།
positivism
མིང་གཞན།
དངོས་དཔང་གཏན་ཚིགས།
བྱུང་བའི་དུས་ཚོད།
དུས་རབས19ལོ་རབས30ནས40བར།
འདོན་སྤེལ་མཁན།
A.ཁང་ཏི་སོགས།
1 ནང་དོན་དངོས།

དངོས་དཔང་རིང་ལུགས་ཀྱི་གཞིའི་རྩའི་ཁྱད་ཆོས་ནི། གཏན་ཚིགས་རིག་པའི་ལས་འགན་ནི་སྣང་ཚུལ་སྙིང་བསྡུས་ལ་ཞིབ་འཇུག་བྱེད་པ་ཡིན། སྣང་ཚུལ་སྨྲ་བའི་ལྟ་ཚུལ་ནི་མགོ་རྩོམ་ས་ཡིན། རྗེས་དཔག་བྱས་པ་བརྒྱུད་པའི་ཚོར་སྣང་གི་རྒྱུ་ཆ་འགོག་པ་དང་། སྣང་ཚུལ་ལ་ཕྱོགས་བསྡུས་བྱས་པ་བརྒྱུད་ཚན་རིག་དང་མཐུན་པའི་ངེས་སྲོལ་ཐོབ་པར་འདོད། དེ་ཡིས་གཏན་ཚིགས་དང་ཚན་རིག་གི་འབྲེལ་བ་ནི་གཞུང་ལུགས་ཀྱི་གནད་དོན་གཙོ་བོ་ཡིན་པ་ལྟར་ཐག་གཅོད་བྱེད་བཞིན་ཡོད་པ་རེད། དེ་མ་ཟད་གཏན་ཚིགས་རང་ཚན་རིག་ལ་སིམ་པར་བྱེད་བཞིན་ཡོད།

དངོས་དཔང་རིང་ལུགས་ཀྱི་ཤན་ཤུགས། དངོས་དཔང་རིང་ལུགས་ཀྱིས་གཏན་ཚིགས་རིག་པ་དང་སྤྱི་ཚོགས་ཚན་རིག་ཡོངས་ལ་ཤན་ཤུགས་ཟབ་མོ་ཐེབས་བཞིན་ཡོད་པ་རེད། ཁང་ཏི་ཡིས་སྲོལ་འབྱེད་པའི་དངོས་དཔང་རིང་ལུགས་སྤྱི་ཚོགས་རིག་པ་སྟེ། དེའི་རྗེས་ཀྱི་དུས་རབས་ཕྱེད་ཀ་ལ་ནུབ་ཕྱོགས་སྤྱི་ཚོགས་རིག་པའི་འཕེལ་ཕྱོགས་གཙོ་བོ་ཡིན།

དངོས་དཔང་རིང་ལུགས་ནི་གཏན་ཚིགས་རིག་པའི་བསམ་བློ་ཞིག་ཡིན། རིགས་དབྱེ་གང་རུང་གི་གཏན་ཚིགས་མ་ལག་སྟེ། ཉམས་མྱོང་རྒྱུ་ཆ་ཁོ་ན་ཚོད་འཛིན་བྱས་ཡོད། སྔོན་རྟོགས་དང་གཟུགས་འདས་རིག་པའི་རྟོག་དཔྱོད་ཟུར་དུ་ཕུད་ནས་ཁས་མི་ལེན་པ་དེ་ནི་དངོས་དཔང་རིང་ལུགས་ཡིན།

ནུབ་ཕྱོགས་ཀྱི་སྲོལ་རྒྱུན་གཏན་ཚིགས་རིག་པ་ཞིག་ཡིན་པའི་ཆ་ནས། དངོས་དཔང་རིང་ལུགས་ནི་མིའི་ཤེས་ཡོན་དང་འབྲེལ་བའི་དམིགས་བསལ་གྱི་གཏན་ཚིགས་རྣམ་འགྱུར་འཛིན་སྟངས་ཞིག་ཡིན། དེས་སྔོན་ལ་མིའི་རིགས་ཀྱིས་ཤེས་ཡོན་ཅི་ལྟར་བསླབ་པ་བསམ་ཚོད་མི་བྱེད་པ་དང་། ཤེས་ཡོན་དང་འབྲེལ་བའི་སེམས་ཁམས་རིག་པའམ་ལོ་རྒྱུས་རིག་པའི་རྨང་གཞི་ཡང་འདོན་སྤྲོད་བྱེད་བཞིན་མེད། དངོས་དཔང་རིང་ལུགས་ནི་མིའི་རིགས་ཀྱི་ཤེས་ཡོན་བྱེད་སྒོ་དང་འབྲེལ་བའི་སྒྲིག་ལམ་ཆ་ཚང་ཞིག་གམ་གདེང་འཇོག་ཚད་ལྡན་ཞིག་ཡིན། ང་ཚོ་ལ་འཛམ་གླིང་རྒྱས་བཤད་ཁྲོད་ཀྱི་ནང་དོན་དེ་དག་ནི་ཤེས་ཡོན་གྱི་ཁོངས་སུ་གཏོགས་པ་བརྗོད་པ་དང་། དེ་མ་ཟད་ང་ཚོ་ལ་ཚད་ལྡན་གྱི་གནད་དོན་འདོན་པར་ལུགས་དང་མཐུན་པའི་ཁྱད་པར་དགར་སྲོལ་ཡང་འདོན་སྤྲོད་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།