ཚོང་རའི་དཔལ་འབྱོར་ལམ་ལུགས།

(1) གུང་ཁྲན་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས། སྲིད་གཞུང་གིས་ཕྱོགས་ཡོངས་ནས་མི་དམངས་ཀྱི་དཔལ་འབྱོར་བྱ་འགུལ་ལ་ཇུས་གཏོགས་བྱེད་ཅིང་། ཡོད་ཅེས་པ་ནི་རྒྱུ་ནོར་རྒྱལ་ཁབ་ལ་དབང་བ་ཞེས་པ་དེ་ཡིན་ཞིང་། ཅི་ཞིག་ཐོན་སྐྱེད་བྱ་བ་དང་། ཐོན་སྐྱེད་ཇི་ལྟར་བྱེད་པའི་ཐབས་ལམ། བགོ་འགྲེམ་ཇི་ལྟར་བྱ་བ་སོགས་ཚང་མ་སྲིད་གཞུང་གིས་ཐག་གཅོད་བྱེད་ཀྱི་ཡོད།
(2) མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས། སྤྱིར་བཏང་དུ་མི་དམངས་ཀྱི་དཔལ་འབྱོར་བྱ་འགུལ་ཁྲོད་སྲིད་གཞུང་གིས་ཇུས་གཏོགས་མི་བྱེད་ཅིང་། མི་དམངས་ལ་སྒེར་དབང་རྒྱུ་ནོར་གྱི་བདག་དབང་ཡོད་པའི་ཁར། ཐོན་སྐྱེད་དང་འཛད་སྤྱོད་ལ་ཡང་རང་མོས་ཀྱི་ཐག་གཅོད་བྱེད་དབང་ཡོད།
(3) མཉམ་བསྲེས་དཔལ་འབྱོར་ལམ་ལུགས། གོང་དུ་བཀོད་པའི་ལམ་ལུགས་གཉིས་ཀྱི་བར་དུ་གནས་པའི་དཔལ་འབྱོར་ལམ་ལུགས་དེ་ཡིན་ཞིང་། མིག་སྔར་འཛམ་གླིང་གི་རྒྱལ་ཁབ་ཆེ་ཤོས་མང་ཆེ་བས་མཉམ་བསྲེས་དཔལ་འབྱོར་ལག་བསྟར་བྱེད་བཞིན་ཡོད།
(1) སྒེར་དབང་རྒྱུ་ནོར་གྱི་བདག་དབང་འགན་སྲུང་བྱེད་པ།
(2) དཔལ་འབྱོར་གྱི་རང་དབང་ཁག་ཐེག་བྱེད་པ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-01
གསར་སྤེལ་མཁན། :བདེ་ཆེན་མཚོ།