ཐོན་སྐྱེད་འབྲེལ་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཐོན་སྐྱེད་འབྲེལ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྤྱི་ཚོགས་རིག་པ། )

ཐོན་སྐྱེད་འབྲེལ་བ།
ཐོན་སྐྱེད་འབྲེལ་བ་ཞེས་པ་ནི་མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆ་ཐོན་སྐྱེད་ཀྱི་གོ་རིམ་བརྒྱུད་ནས་གྲུབ་པའི་སྤྱི་ཚོགས་འབྲེལ་བར་བརྗོད་པ་ཡིན། དེ་ནི་ཐོན་སྐྱེད་བྱེད་ཐབས་ཀྱི་སྤྱི་ཚོགས་རྣམ་པ་ཞིག་ཡིན། དེར་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཀྱི་རྣམ་པ་དང་། ཐོན་སྐྱེད་ཁྲོད་གྲུབ་པའི་མི་རྣམས་ཀྱི་གོ་གནས་དང་ཕན་ཚུན་བར་གྱི་འབྲེལ་བ། ཐོན་རྫས་བགོ་བའི་རྣམ་པ་སོགས་འདུ། དེ་དག་ལས་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཀྱི་རྣམ་པ་ནི་ཆེས་གཞི་རྩ་རུ་གྱུར་བ་དང་། རག་ལས་པའི་ནུས་པ་ཐོན་པ་ཞིག་ཡིན། དངོས་པོའི་རྒྱུ་ཆའི་ཐོན་སྐྱེད་བྱེད་ཐབས་ནི་སྤྱི་ཚོགས་ཀྱི་གནས་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཐོན་སྐྱེད་འབྲེལ་བའི་དོན་སྤྱི་ནི་མར་ཁེ་སི་དང་ཨན་ཀོ་སི་གཉིས་ཀྱིས་བཏོན་པའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་རྣམ་པའི་གཞི་རྩའི་དོན་སྤྱི་དེ་ཡིན། ཁོ་གཉིས་ཀྱིས《འཇར་མན་གྱི་འདུ་ཤེས་འཛིན་སྟངས》ཞེས་པའི་དཔེ་ཆའི་ནང་ཐོག་དང་པོར་ཐོན་སྐྱེད་འབྲེལ་བའི་དོན་སྤྱི་དྲངས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生产关系
ཕྱི་ཡིག་གི་མིང་།
production relationship
མིང་གཞན།
སྤྱི་ཚོགས་ཐོན་སྐྱེད་འབྲེལ་བ། དཔལ་འབྱོར་འབྲེལ་བ།
འདོན་པ་པོ།
མར་ཁེ་སི། ཨན་ཀོ་སི།
1 གཞི་རྩའི་འགྲེལ་བཤད།

ངལ་རྩོལ་པས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཐོན་རྫས་ཐོན་སྐྱེད་དང་གསར་བསྐྲུན་བྱེད་པའི་བརྒྱུད་རིམ་དུ་གྲུབ་པའི་ངལ་རྩོལ་རོགས་རེས་དང་མཉམ་ལས་འབྲེལ་བ་ནི་ཐོན་སྐྱེད་འབྲེལ་བ་ཡིན། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས། ལམ་ལུགས། ངལ་རྩོལ་བགོ་བྱ་སོགས་ཀྱི་འབྲེལ་བའི་འགྲེལ་བཤད་སྤྱད་པས་འཐུས། ཐོན་སྐྱེད་ལག་ཆས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་མཚོན་གྱི་ཡོད། ཐོན་སྐྱེད་འབྲེལ་བ་དེ་ཐོན་སྐྱེད་ནུས་ཤུགས་ལ་རག་ལས་ཡོད་ཅིང་། སྟེང་གི་བཀོད་པ་དེ་དཔལ་འབྱོར་རྨང་གཞི་ལ་རག་ལས་ཡོད།

ཐོན་སྐྱེད་འབྲེལ་བ་དེ་ཐོན་སྐྱེད་ནུས་ཤུགས་ལ་རག་ལས་ཡོད་པ་དང་། ཐོན་སྐྱེད་འབྲེལ་བ་དེ་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་དང་འཚམ་པར་བྱེད་དགོས། ཐོན་སྐྱེད་འབྲེལ་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་དང་། ཐོན་སྐྱེད་འབྲེལ་བས་ཕྱིར་ཐོན་སྐྱེད་ནུས་ཤུགས་ལ་ནུས་པ་འདོན་གྱི་ཡོད། 

2 ནང་དོན་གཙོ་བོ།

(1) ཐོན་སྐྱེད་འབྲེལ་བའི་ནང་དོན་གཙོ་བོ་ནི། ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་རྣམ་པ་དང་། མི་རྣམས་ཀྱིས་ཐོན་སྐྱེད་ཁྲོད་ཟིན་པའི་གོ་གནས་དང་དེའི་ཕན་ཚུན་བར་གྱི་འབྲེལ་བ། ཐོན་རྫས་བགོ་བྱ་རྒྱག་ཐབས་བཅས་ནང་དོན་གསུམ་དུ་འདུའོ། །

(2) ཐོན་སྐྱེད་འབྲེལ་བ་ནི་མིས་དངོས་པོ་ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་གྲུབ་ཅིང་མིའི་འདོད་བློ་ལྟར་སྒྱུར་མི་ཐུབ་པའི་དཔལ་འབྱོར་གྱི་འབྲེལ་བ་དེ་ཡིན།

(3)སྒྲ་དོག་འཇུག་གི་ཐོན་སྐྱེད་འབྲེལ་བ་ནི། མི་རྣམས་ཀྱིས་ཐད་ཀར་ཐོན་སྐྱེད་བྱེད་པའི་གོ་རིམ་དུ་གྲུབ་པའི་ཕན་ཚུན་བར་གྱི་འབྲེལ་བ་དེ་ཡིན་ལ། དེར་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་དང་ཐོན་སྐྱེད་ཁྲོད་ཀྱི་སོ་སོའི་འབྲེལ་བ། ཐོན་རྫས་བགོ་བྱའི་འབྲེལ་བ་བཅས་སུ་འདུ།

(4) སྒྲ་ཡངས་འཇུག་གི་ཐོན་སྐྱེད་འབྲེལ་བ་ནི། མི་རྣམས་ཀྱིས་ཐོན་སྐྱེད་བསྐྱར་མའི་གོ་རིམ་ཁྲོད་གྲུབ་པའི་ཕན་ཚུར་བར་གྱི་འབྲེལ་བར་བརྗོད་ཅིང་། དེར་ཐོན་སྐྱེད་དང་བགོ་བྱ། བརྗེ་རེས། འཛད་སྤྱོད་སོགས་འབྲེལ་བ་མང་པོ་གཏོགས་པའི་ཐོན་སྐྱེད་འབྲེལ་བའི་མ་ལག་འདུ་བ་ཡིན། 

3 བྱེ་བྲག་གི་མཚོན་སྟངས།

དངོས་པོའི་ཁེ་ཕན་དང་དཔལ་འབྱོར་གྱི་འབྲེལ་བ་ནི་ཐོན་སྐྱེད་འབྲེལ་བའི་བྱེ་བྲག་གི་མཚོན་སྟངས་ཤིག་ཡིན་ལ། དེ་ནི་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་དང་། དེ་མིན་མི་རྣམས་ཀྱིས་སྤྱི་ཚོགས་ཐོན་སྐྱེད་མ་ལག་ཁྲོད་ཟིན་པའི་གོ་གནས་ལ་རག་ལས་པ་ཡིན། དངོས་པོའི་ཁེ་ཕན་ནི་མི་རྣམས་ཀྱིས་སྤྱི་ཚོགས་བྱ་འགུལ་སྤེལ་བའི་དངོས་པོའི་སྐུལ་རྐྱེན་ཡིན།

4 ངོ་བོའི་རྣམ་པ།

ཐོན་སྐྱེད་འབྲེལ་བ་ནི་ཐོན་སྐྱེད་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་ཁྲོད་ངོ་བོ་མི་འདྲ་བ་དང་བྱེ་བྲག་གི་མཚོན་ཐབས་མི་འདྲ་བ་ཡོད། མིའི་རིགས་ཀྱི་ཐོན་སྐྱེད་འབྲེལ་བ་ལ་མཚོན་ན། མིའི་རིགས་ཀྱི་ལོ་རྒྱུས་དེ་ཆ་ཡོངས་ནས་བལྟས་ན་དམའ་རིམ་ནས་མཐོ་རིམ་ལ་རིམ་བཞིན་གདོད་མའི་གུང་ཁྲན་རིང་ལུགས་དང་། བྲན་གཡོག་ལམ་ལུགས། བཀོས་བཀོད་ལམ་ལུགས། མ་རྩ་རིང་ལུགས། གུང་ཁྲན་རིང་ལུགས་བཅས་ཀྱི་ཐོན་སྐྱེད་འབྲེལ་བ་རིགས་ལྔ་བརྒྱུད་ཡོད། ཐོན་སྐྱེད་འབྲེལ་བའི་དོན་སྤྱི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིང་ལུགས་ཀྱི་མ་ལག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ཐོན་སྐྱེད་འབྲེལ་བ་ནི་ཐོན་སྐྱེད་ནུས་ཤུགས་ལ་རག་ལས་པ་དང་། དེ་སྲོག་ཆགས་ཀྱི་འདུ་ཤེས་ལྟར་སྒྱུར་མི་ཐུབ་པའི་དངོས་པོའི་སྤྱི་ཚོགས་འབྲེལ་བ་ཡིན། བསམ་བློའི་སྤྱི་ཚོགས་འབྲེལ་བ་ནི་དེར་རག་ལས་ཡོད་དེ། སྲོག་ཆགས་ཀྱི་འདུ་ཤེས་བརྒྱུད་ནས་གྲུབ་པའི་སྤྱི་ཚོགས་འབྲེལ་བ་ལ་བརྗོད་པ་ཡིན་ནོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།