ཆབ་སྲིད་སྤྱི་ཚོགས་རིག་པ།

ཆབ་སྲིད་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པའི་གཞུང་ལུགས་དང་ཐབས་ལམ་སྤྱད་དེ་ཆབ་སྲིད་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། ཆབ་སྲིད་སྤྱི་ཚོགས་རིག་པ་ཡིས་སྤྱི་ཚོགས་དང་ཆབ་སྲིད་བར་གྱི་འབྲེལ་བ་དབྱེ་ཞིབ་བྱེད་པ་དང་། སྤྱི་ཚོགས་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ་ཡིན།
⑴སྤྱི་ཚོགས་ཀྱི་ཐད་ནས་ཆབ་སྲིད་ལ་ཞིབ་འཇུག་བྱེད་པ།
ཆབ་སྲིད་སྣང་ཚུལ་དང་ཆབ་སྲིད་བྱ་སྤྱོད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་ནས་དབྱེ་ཞིབ་རྟོག་ཞིབ་བྱེད་པ། སྤྱི་ཚོགས་ཀྱི་ཟུར་ནས་ཆབ་སྲིད་འཚོ་བ་ལ་ལྟ་ཞིབ་དང་འགྲེལ་བཤད་བྱས་ཏེ། ཆབ་སྲིད་སྣང་ཚུལ་གྱི་སྤྱི་ཚོགས་རྨང་གཞི་འཚོལ་ཞིབ་བྱེད་པ།
སྤྱི་ཚོགས་ཁོར་ཡུག་དང་འབྲེལ་བའི་དྲྭ་རྒྱ་ཁྲོད་ཀྱི་རིགས་སོ་སོའི་རྒྱུུ་རྐྱེན་ལས་དབང་ཤུགས་བགོ་བྱ་དང་དབང་ཤུགས་འཁོར་སྐྱོད་གཉིས་ཀྱི་ཤན་ཤུགས། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཕན་ཚུན་འགུལ་སྤྱོད་ལ་ཞིབ་འཇུག་བྱེད་པ་ཡིན།
⑵སྤྱི་ཚོགས་རིག་པའི་ཉམས་མྱོང་ཐབས་ལམ་གྱིས་ཆབ་སྲིད་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ། ཆབ་སྲིད་སྤྱི་ཚོགས་རིག་པ་ནི་ཆབ་སྲིད་རིག་པ་དང་སྤྱི་ཚོགས་རིག་པའི་མདུད་མཚམས་ཡིན། ཆབ་སྲིད་རིག་པ་ནི་སྤྱི་ཚོགས་རིག་པ་ལས་ཁྱད་པར་ཆེན་པོ་ཡོད།
ཆབ་སྲིད་སྤྱི་ཚོགས་རིག་པ་ལས་གཙོ་བོ་ཆབ་སྲིད་དང་སྤྱི་ཚོགས་བར་གྱི་རྨང་གཞིའི་འབྲེལ་བར་ཞིབ་འཇུག་བྱེད་པ་ཡིན། འབྲེལ་བ་འདིའི་དབྱེ་ཞིབ་བྱེད་པ་ལ་རིགས་གསུམ་ཡོད། ①ཆབ་སྲིད་དང་སྤྱི་ཚོགས་བར་གནས་པའི་རྨང་གཞིའི་འབྲེལ་འདྲིས། ② སྤྱི་ཚོགས་དང་ཆབ་སྲིད་བར་གནས་པའི་ཕྱོགས་གཉིས་ཀའི་རྒྱུ་འབྲས་ལམ་ལུགས། ③ཆབ་སྲིད་དང་སྤྱི་ཚོགས་བར་གནས་པའི་རྙོག་འཛིང་ཆེ་བའི་འབྲེལ་བ། འབྲེལ་བ་འདི་དག་སྤྱི་ཚོགས་ལས་བྱུང་བ་དང་། ཆབ་སྲིད་བརྒྱུད་རིམ་གྱིས་བསྒྱུར་བ་དང་། དེ་ནས་སྤྱི་ཚོགས་ལ་བྱེད་ནུས་འདོན་པ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་འབྲེལ་བའི་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད། ཆབ་སྲིད་སྤྱི་ཚོགས་རིག་པ་རིམ་བཞིན་ཞིབ་འཇུག་གི་ནང་དོན་གཙོ་བོར་གྱུར་བ་རེད། དཔེར་ན་ཆབ་སྲིད་ཀྱི་སྤྱི་ཚོགས་བྱུང་ཁུངས་དང་། ཐུན་མོང་ཚོགས་པའི་དབང་ཤུགས། སྤྱི་ཚོགས་སྒྲིག་གཞི་དང་ཆབ་སྲིད། སྤྱི་ཚོགས་དང་ཆབ་སྲིད་བསྒྱུར་བཅོས། ཆབ་སྲིད་ཀྱི་སྤྱི་ཚོགས་སྒྲིག་གཞི། ཆབ་སྲིད་འཕེལ་རྒྱས། ཆབ་སྲིད་མཁས་མཆོག་དང་ཆབ་སྲིད་མ་ལག ཆབ་སྲིད་ཀྱི་སྤྱི་ཚོགས་བྱེད་ནུས་སོགས་ཡིན།