གསོ་རིག་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསོ་རིག་སྤྱི་ཚོགས་རིག་པ།
ནད་པ་དང་སྨན་པ། སྨན་བཅོས་མི་སྣ་དང་སྨན་བཅོས་ལུས་ཁམས་བདེ་སྲུང་ཉེན་འགོག་ལས་ཁུངས་ཀྱི་སྤྱི་ཚོགས་འབྲེལ་བ། སྤྱི་ཚོགས་ནུས་ཤུགས་དང་། སྤྱི་ཚོགས་ཡོངས་ཀྱི་འབྲེལ་བ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཁོངས་གཏོགས་ཡན་ལག་གི་་རིག་ཚན། དེ་ནི་སྤྱི་ཚོགས་རིག་པ་དང་གསོ་རིག་གཉིས་ཕན་ཚུན་བསྲེས་པ་ལས་གྲུབ་པ་ཡིན། དེ་ལ་སྨན་བཅོས་སྤྱི་ཚོགས་རིག་པ་དང་འཕྲོད་བསྟེན་སྤྱི་ཚོགས་རིག་པ། ལུས་ཁམས་བདེ་སྲུང་སྤྱི་ཚོགས་རིག་པ། བདེ་ཐང་དང་ནད་བྱུང་གི་སྤྱི་ཚོགས་རིག་པ། གསོ་རིག་དང་ནད་བྱུང་གི་སྤྱི་ཚོགས་རིག་པ། གསོ་རིག་དང་སྤྱི་ཚོགས་རིག་པ། གསོ་རིག་ཁྲོད་ཀྱི་སྤྱི་ཚོགས་རིག་པ་ལ་འབོད་མིང་མི་འདྲ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
医学社会学
དུས་ཚོད།
1894ལོ
ཐོག་མའི་འདོན་མཁན།
C.མའེ་ཁུ་དབྱིན་ཐེ་ཨེར།
མཚན་ཉིད།
སྨན་བཅོས་ལས་དོན་དང་མིའི་རིགས་ཀྱི་འབྲེལ་བའི་རིག་ཚན།
1 ངོ་སྤྲོད།

གསོ་རིག་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པའི་གཞུང་ལུགས་དང་ཐབས་ལམ་སྤྱད་དེ། སྨན་བཅོས་ཁྲོད་ཀྱི་སྤྱི་ཚོགས་མི་སྣ། མི་སྣའི་འབྲེལ་བ། མི་སྣའི་བྱ་སྤྱོད། མི་སྣའི་སྐོར་སྐྱོད་དང་སྨན་བཅོས་སྤྱི་ཚོགས་རྩ་འཛུགས་ཀྱི་ཕན་ཚུན་འདྲེས་པའི་ནུས་པ་དང་སྤྱི་ཚོགས་ཡོངས་ཀྱི་འཚོ་བ་འགུལ་སྐྱོད་དང་འགྱུར་ལྡོག་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཡིན།

སྤྱི་ཚོགས་རིག་པའི་སྤྱིར་བཏང་གི་རྩ་བའི་རིག་པ་དང་ཐབས་ལམ། གསོ་རིག་སྤྱི་ཚོགས་རིག་པ་ནང་གི་གཞུང་ལུགས་ཞིབ་འཇུག གསོ་རིག་འཕེལ་རྒྱས་དང་སྤྱི་ཚོགས་རིག་གནས་འགུལ་སྐྱོད་ཞིབ་འཇུག ཞིབ་ཕྲའི་གསོ་རིག་ཁྲོད་ཀྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག

གསོ་རིག་སྤྱི་ཚོགས་རིག་པའི་ཕྱོགས་གཉིས་ཀྱི་འཕེལ་རྒྱས། ཕྱོགས་གཅིག་ནི་གསོ་རིག་སྤྱི་ཚོགས་རིག་པ་བས་བདེ་ཐང་བདེ་སྲུང་། སྨན་བཅོས་དང་གསོ་རིག་ལས་ཀ་སོགས་སྤྱི་ཚོགས་རྒྱབ་ལྗོངས་ཀྱི་གནད་དོན་ལ་གསལ་བོར་བྱེད་འདོད། ཕྱོགས་གཅིག་ནི་སྤྱི་ཚོགས་རིག་པ་བ་སྐོར་ཞིག་དོན་དངོས་སུ་གསོ་རིག་སློབ་གླིང་གི་ལས་བྱེད་མི་སྣར་གྱུར་ཡོད། ཁོ་ཚོའི་ནད་གཞིའི་ཁྱབ་ཚུལ་རྒྱུ་རྐྱེན་གྱི་ལས་ག་གཉེར་བའམ་སྤེལ་མགོ་ཚུགས་པ་དང་། ཡང་ན་བདེ་ཐང་ངམ་ནད་གཞིའི་རྣམ་འགྱུར་དང་བྱ་སྤྱོད་་རྒྱུ་རྐྱེན་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད།

2 ཞིབ་འཇུག་ནང་དོན།

དང་པོ་ནི་གསོ་རིག་སྐོར་གྱི་མི་སྣ་གཙོ་བོ་སྟེ། སྨན་པ་དང་ནད་གཡོག ནད་པ་སོགས་ཀྱི་མི་སྣའི་བྱ་སྤྱོད། སྨན་བཅོས་བྱ་སྤྱོད། ནད་བཅོས་བྱ་སྤྱོད། སྨན་པར་བསྟུན་པའི་བྱ་སྤྱོད་སོགས་ཡོད། དེ་ལ་སྨན་པ་དང་ནད་པའི་འབྲེལ་བ། སྨན་པ་བར་ཀྱི་འབྲེལ་བ། སྨན་པ་དང་ནད་གཡོག་གི་འབྲེལ་བ། ནད་གཡོག་བར་གྱི་འབྲེལ་བ། ནད་པ་བར་གྱི་འབྲེལ་བ་སོགས། མི་སྣའི་རྩ་འཛུགས། མི་སྣའི་སྐོར་སྐྱོད་དང་མི་སྣའི་འགྱུར་ལྡོག

གཉིས་པ་ནི་གསོ་རིག་དང་སྤྱི་ཚོགས་རྒྱུ་རྐྱེན་སོ་སོའི་བར་ཕན་ཚུན་གྱི་ནུས་པ། དཔེར་ན་གསོ་རིག་དང་ཆབ་སྲིད། གསོ་རིག་དང་དམག་དོན། གསོ་རིག་དང་དཔལ་འབྱོར། གསོ་རིག་དང་རིག་གནས། གསོ་རིག་དང་ཆོས་ལུགས་ཕན་ཚུན་གྱི་འབྲེལ་བ་སོགས།

གསུམ་པ་ནི་རིགས་མི་འདྲ་བའི་སྨན་བཅོས་བདེ་སྲུང་ལས་ཁུངས་ཀྱི་རྩ་འཛུགས་སྒྲིག་གཞི། ཞབས་ཞུ་ཆགས་ཚུལ་དང་སྤྱི་ཚོགས་ཕན་ནུས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།