དུས་དེབ་བརྡ་ཁྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་དེབ་བརྡ་ཁྱབ(magazine advertising)ནི་དུས་ལྟར་དུས་དེབ་སྟེང་བཀོད་པའི་བརྡ་སྦྱོར་ལ་ཟེར་བ་ཡིན་ཞིང་། དུས་དེབ་སྣ་ཚོགས་ཀྱི་ཀློག་པ་པོ་ཅུང་ཙམ་མངོན་གསལ་ཡིན་པས། དེ་ནི་ཆེད་ལས་མི་འདྲ་བའི་ཚོང་ཟོང་བརྡ་ཁྱབ་ཀྱི་སྨྱན་ཆས་བཟང་བོ་ཞིག་ཡིན། དུས་དེབ་སྟེང་དུ་ཡི་གེ་མང་པོ་བཀོལ་ནས་ཚོང་ཟོང་གི་ཞིབ་ཕྲའི་བརྡ་འཕྲིན་བརྒྱུད་སྒྲོག་བྱས་ཆོག་པ་ཡིན་ལ། འཛད་སྤྱོད་པས་རྒྱུས་ལོན་དང་དྲན་རྟོགས་བྱ་སླ་བ་དང་། ཉར་ཚགས་ཀྱི་རིན་ཐང་ཀྱང་མཐོན་པོ་ཡོད། དུས་དེབ་དང་ཚགས་པར་གཉིས་འདྲ་བ་ཡིན་ལ། དུས་དེབ་བརྡ་ཁྱབ་དེ་ཡང་བརྒྱུད་སྒྲོག་སྨྱན་སྦྱོར་གྱི་རིགས་ཤིག་ཡིན་ལ། དེའི་རྣམ་པ་ནི་པར་སྐྲུན་དཔེ་རྟགས་ཀྱིས་ཆ་འཕྲིན་བརྒྱུད་སྒྲོག་གི་རྒྱུན་མཐུད་རང་བཞིན་གྱི་པར་སྐྲུན་བྱེད་པའི་དཔེ་དེབ་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杂志广告
ཕྱི་ཡིག་གི་མིང་།
magazine advertising
1 རིགས་དབྱེ།

དུས་དེབ་ལ་ཆེད་ལས་རང་བཞིན་གྱི་དུས་དེབ(professional magazine)དང་ལས་རིགས་རང་བཞིན་གྱི་དུས་དེབ(trade magazine)། འཛད་སྤྱོད་པའི་དུས་དེབ(consumer magazine)སོགས་ཀྱི་དབྱེ་བ་ཡོད།

2  ཁྱད་ཆོས།

(1) ཉར་ཚགས་ཀྱི་དུས་ཡུན་རིང་བ། དུས་དེབ་ནི་དཔེ་ཆ་ལས་གཞན། ཚགས་པར་གྱི་རྣམ་པ་དང་གཞན་པའི་པར་སྐྲུན་དངོས་རྫས་ཡོད་ལ། རྒྱུན་རིང་ཁྱད་འཕགས་ཀྱི་ཉར་ཆོག་པའི་རང་བཞིན་ཡང་ལྡན་ཡོད།

(2) ཀློག་པ་པོ་དང་ཁ་གཏད་ཕྱོགས་མངོན་གསལ་ཡིན་པ། ཆེད་ལས་ཅན་གྱི་དུས་དེབ་ལ་གཏན་ཆགས་ཀྱི་ཀློག་པ་པོ་ཡོད་རྐྱེན། བརྡ་ཁྱབ་ཁྱབ་སྒྲོག་དེ་ཆེད་ལས་ལས་རིགས་གང་རུང་དམིགས་སུ་བཟུང་ཆོག་པ་ཞིག་ཡིན།

(3) པར་འདེབས་སྤུས་གཙང་ཡིན་པ། དུས་དེབ་ཀྱི་སྒྲིག་སྦྱོར་ཞིབ་ཚགས་ཡིན་ལ། པར་སྐྲུན་ལ་མཛེས་ཉམས་དོད་པོ་ཡོད།

(4) དུས་དེབ་འགྲེམས་སྤེལ་བྱེད་ཚད་མང་ལ། འགྲེམས་སྤེལ་ཁྱབ་ཁོངས་ཆེ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།