ཚོང་རའི་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་རའི་དཔལ་འབྱོར་རིག་པ།
ཚོང་རའི་དཔལ་འབྱོར་རིག་པ་ནི། ཚོང་རའི་དཔལ་འབྱོར་ལམ་ལུགས་དང་དེའི་འཁོར་སྐྱོད་ཐབས་ལམ་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། ཚོང་རའི་ནང་རྐྱེན་ནི་དེའི་ནང་དོན་གཙོ་བོ་ཡིན་པ་དང་། དེས་ཚོང་རའི་དཔལ་འབྱོར་ལམ་ལུགས་ལ་ཞིབ་འཇུག་བྱེད་པ་ནི་ཅི་ཞིག་ཐོན་སྐྱེད་བྱ་བ་དང་། ཇི་ལྟར་ཐོན་སྐྱེད་བྱ་བ། སུ་ཞིག་ལ་ཐོན་སྐྱེད་བྱ་བ་དང་སུ་ཞིག་གིས་ཐབས་ཤེས་འདོན་པ་བཅས་གནད་དོན་བཞི་ཇི་ལྟར་ཐག་གཅོད་བྱ་རྒྱུ་དེ་ཡིན། དཔལ་འབྱོར་རིག་པའི་རྨང་གཞི་དེ་ཕྲ་མཐོང་དཔལ་འབྱོར་རིག་པ་དང་རགས་མཐོང་དཔལ་འབྱོར་རིག་པ་གཉིས་སུ་དབྱེ་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
市场经济学
མཚན་ཉིད།
ཚོང་རའི་དཔལ་འབྱོར་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག
སྙིང་དོན།
ཚོང་རའི་ནང་རྐྱེན།
རྨང་གཞིའི་ཆ་ཤས།
ཕྲ་མཐོང་དཔལ་འབྱོར་རིག་པ་དང་རགས་མཐོང་དཔལ་འབྱོར་རིག་པ


1 ཚོང་རའི་ནང་རྐྱེན།

ཚོང་རའི་ནང་རྐྱེན (market mechanism) ཞེས་པ་ནི། ཚོང་རའི་ནང་རྐྱེན་ནང་ཁུལ་གྱི་མཁོ་འདོན་དང་།  རིན་གོང་། འགྲན་རྩོད། ཉེན་ཁ་སོགས་ཀྱི་གྲུབ་ཆའི་བར་ཕན་ཚུན་འབྲེལ་བ་དང་དེ་བཞིན་བྱེད་ནུས་འདོན་བྱེད་ཀྱི་རྐྱེན་ལ་ཟེར་བ་ཡིན། དེ་ནི་ཚོང་རའི་འགྲན་རྩོད་བརྒྱུད་ཐོན་ཁུངས་སྒྲིག་བཀོད་བྱེད་པའི་ཐབས་ལམ་ཞིག་དང་། ཐོན་ཁུངས་དེ་ཚོང་རའི་ནང་དུ་རང་དབང་སྒོས་འགྲན་རྩོད་དང་རང་དབང་སྒོས་བརྗེ་རེས་བྱེད་པ་བརྒྱུད་སྒྲིག་འགོད་མངོན་དུ་འགྱུར་པའི་ནང་རྐྱེན་ཞིག་ཡིན་ལ། རིན་ཐང་ཆོས་ཉིད་ཀྱི་མངོན་འགྱུར་བྱེད་སྟངས་ཞིག་ཀྱང་ཡིན། ཚོང་རའི་ནང་རྐྱེན་ལ་སྤྱིར་བཏང་དང་དམིགས་བསལ་གྱི་དབྱེ་བ་ཡོད་པ་སྟེ། སྤྱིར་བཏང་གི་ཚོང་རའི་ནང་རྐྱེན་ནི་ཚོང་ར་གང་རུང་ལ་གནས་པ་ཞིག་ཡིན་པར་མ་ཟད། བྱེད་ནུས་འདོན་ཐུབ་པའི་ཚོང་རའི་ནང་རྐྱེན་ཡིན་ཏེ། དེ་ལ་གཙོ་བོ་མཁོ་འདོན་ནང་རྐྱེན་དང་རིན་གོང་ནང་རྐྱེན། འགྲན་རྩོད་ནང་རྐྱེན། ཉེན་ཁའི་ནང་རྐྱེན་བཅས་སུ་དབྱེ་ཡོད། དམིགས་བསལ་གྱི་ཚོང་རའི་ནང་རྐྱེན་ནི་རིགས་སོ་སོའི་ཚོང་རའི་དམིགས་གསལ་དུ་མངོན་ཞིང་ཐུན་མིན་གྱི་བྱེད་ནུས་འདོན་པའི་ཚོང་རའི་ནང་རྐྱེན་དེ་ཡིན། དེ་ལ་གཙོ་བོ་དངུལ་རྩའི་ཚོང་རའི་སྐྱེད་ཀའི་འཛའ་ཐང་གི་ནང་རྐྱེན་དང་། ཕྱིའི་དངུལ་བརྗེས་ཚོང་རའི་དངུལ་བརྗེས་འཛའ་ཐང་ནང་རྐྱེན། ངལ་རྩོལ་ནུས་ཤུགས་ཀྱི་ཚོང་རའི་གླ་དངུལ་ནང་རྐྱེན་བཅས་སུ་དབྱེ་ཡོད། ཚོང་རའི་ནང་རྐྱེན་ནི་ཚོང་རའི་དཔལ་འབྱོར་རིག་པའི་རྩ་བར་གྱུར་བའི་ནང་དོན་དེ་ཡིན།

2 ཁྱད་ཆོས།

ཚོང་རའི་དཔལ་འབྱོར་གྱི་འདྲ་མཉམ་རང་བཞིན།

ཚོང་རའི་དཔལ་འབྱོར་གྱི་འགྲན་རྩོད་རང་བཞིན།

ཚོང་རའི་དཔལ་འབྱོར་གྱི་ཁྲིམས་ལུགས་རང་བཞིན།

ཚོང་རའི་དཔལ་འབྱོར་གྱི་ཕྱིར་ཕྱོགས་རང་བཞིན།

3 རིན་ཐང་གི་ཆོས་ཉིད།

(1) ཚོང་ཟོང་དཔལ་འབྱོར་ཁྲོད་ཀྱི་རིན་ཐང་ཆོས་ཉིད་ཀྱི་བྱེད་ནུས་དང་དེ་བཞིན་བྱེད་ནུས་ཀྱི་རྣམ་པ་མངོན་སྟངས་དེ་ཚོང་ར་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།

(2) ཚོང་རའི་ཐོན་ཁུངས་ཀྱི་སྒྲིག་བཀོད་ནི་རིན་གོང་འཕར་ཆག་གི་རྣམ་པ་བརྒྱུད་ནས་མངོན་འགྱུར་བྱེད་ཀྱི་ཡོད་པ་ཞིག་ཡིན།

(3) ཚོང་རས་ཐོན་ཁུངས་ལེགས་ཆ་སྒྲིད་བཀོད་བྱེད་པ་དང་། ལུགས་མཐུན་གྱི་སྒྲིག་བཀོད་དེའི་ངོ་བོ་ནི་རིན་ཐང་ཆོས་ཉིད་ཀྱིས་ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་ནུས་ཤུགས་དེ་སྤྱི་ཚོགས་ཐོན་སྐྱེད་ཀྱི་སྡེ་ཁག་སོ་སོར་བགོ་འགྲེམ་གྱི་སྙོམས་སྒྲིག་ནུས་པ་འདོན་པ་དེ་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།