སྨྱན་སྦྱོར་བརྡ་འཕྲིན་གྱི་ནུས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨྱན་སྦྱོར་བརྡ་འཕྲིན་གྱི་ནུས་པ་ནི་གསར་འགྱུར་རང་སྟེང་དུ་ཡོད་པའི་སྤྱི་ཚོགས་ཀྱི་མི་མང་གིས་ཡིད་རྟོན་བྱས་ཆོག་པའི་ནང་གནས་ཀྱི་ནུས་པ་དེར་ཟེར་བ་དང་། སྨྱན་ཆས་རང་སྟེང་གི་ནང་གཤིས་དང་ཕྱིའི་རྣམ་པ་དེས་སྤྱི་ཚོགས་མི་མང་གི་སེམས་སུ་གོ་ཐོབ་ག་འདྲ་ཞིག་ཟིན་ཡོད་པ་དང་། དེ་ནི་སྨྱན་ཆས་ཞིབ་བསྡུར་གྱི་དབང་དྲག་རང་བཞིན་ཡིན་པ་དང་། ཡིད་རྟོན་གྱི་ཚད་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནུས་པའི་ཚད་གཞལ་བྱེད་ཀྱང་ཡིན། སྨྱན་སྨྱོར་ཡིད་རྟོན་ནུས་ཤུགས་ཀྱི་མཐོ་དམན་གྱིས་དཔྱད་གླེང་ཤུགས་རྐྱེན་གྱི་ཆེ་ཆུང་ཐག་གཅོད་བྱེད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
媒体公信力
བྱེད་ནུས།
བསམ་བློའི་ཟབ་ཚད་ལ་ཡང་དག་པའི་ཁ་ཕྱོགས་སྟོན་པ།
སྤྱོད་སྒོ།
སྤྱི་ཚོགས་ཀྱི་ཕན་ནུས་དང་ཚོང་རའི་ཁྱབ་ཚད་ཆེ་བ།
ཐབས་ཇུས།
གསར་འགྱུར་སྒྲུབ་མཁན་གྱི་བྱང་ཚད་ཇེ་མཐོར་གཏོང་བ།
1 ​གོ་དོན།

སྨྱན་སྦྱོར་ཡིད་རྟོན་ནུས་པ་དང་དཔྱད་འཇོག

སྤྱིར་བཏང་དུ “ཡིད་རྟོན་ནུས་པ” ནི་དབྱིན་ཡིག་གི credibility དང་གོ་དོན་འདྲ་བ་ཡིན་ལ། ཡིག་ངོས་ཀྱི་ནང་དོན་ནི “རུང་རྟོན་གྱི་ཚད” ཞེས་པ་དེ་ཡིན། བརྒྱུད་སྒྲོག་རིག་པའི་སྟེང་ནས credibility ནི་མི་མང་གིས་བརྒྱུད་སྒྲོག་བྱེད་མཁན་ལ་ཡིད་ཆེས (believability) བྱ་ཚད་ཀྱི་ཤེས་རྟོགས་ལ་ཟེར་བ་ཡིན། དེ་བས་རུང་རྟོན་གྱི་ཚད་ནི་ཕྱི་རོལ་དོན་དངོས་དང་ཡོངས་སུ་མཐུན་པ་ཞིག་མིན་ལ། དེས་བརྡ་འཕྲིན་དང་ལེན་བྱེད་མཁན་གྱིས་བརྡ་འཕྲིན་གྱི་རང་སྣང་ལ་བརྡར་ཤ་གཅོད་པ་ནན་བཤད་བྱེད་པ་ཞིག་ཡིན།

མདོར་ན། སྨྱན་སྦྱོར་གྱི་ཡིད་རྟོན་ནུས་པ་ནི་སྨྱན་གཟུགས་ལ་ངེས་གཏན་གྱི་དམིགས་ཡུལ་ཡོངས་རྫོགས་ཡོངས་ཁྱབ་ཀྱིས་ཡིད་ཆེས་བྱེད་པའི་ཁྱད་གཤིས་དང་ནུས་པ་ལྡན་པར་བརྗོད་པ་ཡིན།

2  གྲུབ་ཆ།

(1) ཡང་དག་གི་ཕྱོགས་སྟོན།

ནམ་རྒྱུན་ཕྱོགས་སྟོན་ལ་ནོར་བ་འབྱུང་བའི་སྨྱན་སྦྱོར་ཞིག་ཡིན་ན་དེ་ལ་ཡིད་རྟོན་ནུས་པ་ཅི་ཡང་ཡོད་མི་སྲིད་ལ། གལ་ཏེ་ཕྱོགས་སྟོན་ལ་ནོར་འཁྲུལ་ཚབ་ཆེན་བྱུང་བ་ཡིན་ན། དེའི་ཤུགས་རྐྱེན་ནི་གྱོང་གུན་ཁོ་ན་ཙམ་མིན་པར། ཐ་ན་རྒྱལ་ཕུང་དམངས་བརླག་གི་ཉེན་ཁ་འབྱུང་སྲིད་ལ། སྨྱན་སྦྱོར་ལས་རིགས་གཏན་མེད་གཏོང་བའི་ཉེན་ཁ་ཡང་ཡོད་པ་ཡིན།

(2) བསམ་བློའི་ཟབ་ཚད།

ཕྱོགས་སྟོན་ཡང་དག་པ་ནི་སྔོན་འགྲོའི་ཆ་རྐྱེན་དང་རྩ་བའི་རྨང་གཞི་ཡིན་ལ། བསམ་བློའི་ཟབ་ཚད་ནི་ཚད་གཞི་ཡིན། བསམ་བློའི་ཟབ་ཚད་ཀྱིས་ཐེབས་པའི་ཤུགས་རྐྱེན་གྱི་ནུས་པ་ནི་ཡིད་རྟོན་གྱི་ནུས་ཤུགས་ཐག་གཅོད་བྱེད་པའི་ཚད་ཐིག་ཡིན།

(3) བདེན་ཐུབ་ཀྱི་གསར་འགྱུར།

བདེན་པ་ནི་གསར་འགྱུར་གྱི་སྲོག་ཤིང་ཡིན་པ་དང་། རྟོག་བཟོ་བྱས་པའི་གསར་འགྱུར་གྱི་རིགས་ནི་སྨྱན་སྦྱོར་གྱི་ནོར་འཁྲུལ་ཁོ་ན་ཙམ་མིན་པར། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་རྙོག་དྲ་བཟོ་སྲིད་པ་དང་། ཐ་ན་ཆབ་སྲིད་དང་དཔལ་འབྱོར། བསམ་བློ་དང་སྙིང་སྟོབས་སོགས་ལ་མཇུག་འབྲས་ཚབ་ཆེན་འབྱུང་སྲིད་པ་ཡིན།

3 ལས་རིགས་ཀྱི་ཀུན་སྤྱོད།

གསར་འགྱུར་ལས་རིགས་ཀྱི་ཀུན་སྤྱོད་ནི་གསར་འགྱུར་མི་སྣས་ལས་ཀའི་ཁྲོད་དུ་མངོན་འོས་པའི་ཀུན་སྤྱོད་ཀྱི་ཁྱབ་ཁོངས་དང་སྤྱོད་ལམ་ཡང་དག་ལ་ཟེར་བ་ཡིན། དེའི་ནང་དོན་གཙོ་བོ་ནི་ལས་བཀུར་སྐྱེས་འབུལ་དང་ཟོལ་མེད་དྲང་བཞག ལྷད་མེད་དག་གཙང་། མཐུན་སྒྲིལ་མཉམ་བསྒྲུབ། སྒྲིག་ཁྲིམས་དམ་སྲུང་བྱེད་པ་བཅས་ཡིན། གསར་འགྱུར་ལས་སྒོ་འཛུགས་སྐྲུན་དང་ལས་འགན་གྱི་ཆུ་ཚད་དམའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།