རྒྱང་སྒྲོག་བརྡ་ཁྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱང་སྒྲོག་ནི་སྐུད་མེད་གློག་རླབས་སམ་ཟངས་སྐུད་བརྒྱུད་ལམ་བརྒྱུད་ནས་མི་མང་ལ་ཆ་འཕྲིན་དང་། ཞབས་ཞུ། རོལ་རྩེད་སོགས་བརྒྱུད་སྒྲོག་སྨྱན་སྦྱོར་གྱི་རིགས་ཤིག་ཡིན། བརྙན་འཕྲིན་གྱི་བཀོལ་རྒྱ་ཆེ་རུ་མ་ཕྱིན་པའི་ཡར་སྔོན་ལ། རྒྱང་སྒྲོག་ནི་མི་མང་གིས་དགའ་བསུ་ཆེས་ཆེར་ཐོབ་པ་ཞིག་ཡིན་པ་དང་། བརྙན་འཕྲིན་གསར་དུ་དར་བ་དེས་རྒྱང་སྒྲོག་བརྡ་ཁྱབ་ཀྱི་མགྲོན་པོ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཞིང་། ལོ་ངོ་མང་པོའི་འཕེལ་རྒྱས་ཀྱི་རྣམ་པར་བལྟས་ན། རྒྱང་སྒྲོག་བརྡ་ཁྱབ་ཀྱི་ཤུགས་རྐྱེན་ཚད་ནི་ཧ་ཅང་ཆེ་ལ། དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གཞན་པའི་བརྡ་ཁྱབ་རིགས་ཀྱིས་འགྲན་དཀའ་བ་ཞིག་ཡིན།
1 ཁྱད་གཤིས།

བརྒྱུད་སྒྲོག་དུས་སུ་ཁེལ་བ། རྒྱང་སྒྲོག་གིས་དུས་ལྟར་བརྡ་འཕྲིན་གང་ཡིན་པ་དེ་མི་མང་གི་སྙན་ལམ་དུ་སྒྲོན་ཐུབ་ཅིང་། སྐད་སྒྲ་དེའི་གློག་རླབས་ཀྱི་རྣམ་པ་དེ་གློག་རླབས་ཀྱི་རྣམ་པར་འགྱུར་བ་བཏང་ནས་བརྒྱུད་སྒྲོག་བྱས་ཆོག

(1) ཁྱབ་རྒྱ་ཆེ་བ།

ཉན་མཁན་རྣམས་ཀྱིས་དུས་ཚོད་དང་ས་ཁུལ། སྡོད་གནས་ཀྱི་ཤུགས་རྐྱེན། ཚད་བཀག་སོགས་ལ་གཡོལ་ནས་རང་ཉིད་ཀྱིས་གོ་བདེ་ངང་བརྡ་ཁྱབ་ལ་ཉན་ན་ཆོག་པ་ཞིག་ཡིན།

(2) སྒྲིག་སྦྱོར་སྟབས་བདེ་ཡིན་པ།

བརྡ་ཁྱབ་ལེ་ཚན་གྱི་སྒྲིག་བཟོ་ལ་རྒྱུ་ཆ་མང་པོ་དང་། སྒྲིག་ཆས་སོགས་མང་པོ་མི་དགོས་པར། དུས་ནམ་ཡང་སྙོམས་སྒྲིག་བྱས་ཆོག་པ་ཞིག་ཡིན།

2 ལེགས་ཆ།

(1) རྒྱུད་སྒྲོག་གི་ཁྱབ་རྒྱ་ཆེ་བ། 

(2) འགྲོ་གྲོན་ཉུང་ཞིང་ཡོང་སྒོ་མང་བ། 

(3) གཙང་དག་མགྱོགས་མྱུར་གྱི་རང་བཞིན་ལྡན་པ། 

(4) མི་མང་ཚུར་འགུག་གི་དམིགས་ཡུལ་རང་བཞིན།

3 ཞན་ཆ།

(1)ཡིད་ལ་ཉར་དཀའ་བ།

(2)ཉན་མཁན་ནི་ཕྱོགས་བཞིར་ཁྱབ་པ་ཞིག་ཡིན་པས། བརྒྱུད་སྒྲོག་གནད་ལ་ཁེལ་དཀའ་བ།

(3)ཉར་ཚགས་བྱ་དཀའ་བ།

4 ཁྱད་ཆོས་གཙོ་བོ།

(1) བརྗེ་རེས་དང་ཡིད་བརྙན་གྱི་རང་བཞིན་ལྡན་པ།

བརྒྱུད་སྒྲོག་གི་ཐབས་ལམ་ལ་གཞིགས་ན། ཚགས་པར་གྱི་བརྗེ་རེས་འཕྲུལ་ཆས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་ལ། རྒྱང་སྒྲོག་གི་བརྗེ་རེས་ནི་འགུལ་བའི་རྣམ་པ་ཞིག་ཡིན།

(2) བརྗེ་རེས་དང་སྒྲིག་བཟོའི་རང་བཞིན་ལྡན་པ།

སྲང་ལམ་དང་ཚོང་ར། ལམ་དུ་འགྲོ་ཞོར་སོགས་སུ་ཚགས་པར་ལ་ལྟ་བའི་མི་ཧ་ཅང་ཉུང་ལ། འོན་ཀྱང་གནས་དེ་དག་དུ་རྒྱང་སྒྲོག་ལ་ཉན་མཁན་ཡོད་ལ་ཡོད་ཀྱང་ཆོག་པ་ཞིག་ཡིན།

(3) ཁྱབ་རྒྱའི་ཚད་མེད་རང་བཞིན་དང་ཕྱོགས་ཡོངས་ཀྱི་རང་བཞིན་ལྡན་པ། རྒྱང་སྒྲོག་ལ་ངེས་གཏན་གྱི་ཁྱབ་ཡུལ་དང་ས་ཁུལ་ཡོད་ན་ཡང་། དེ་ནི་ཚད་བཀག་གི་གནས་ལས་མི་འདའ་བའི་ཁག་ཐེག་སུས་ཀྱང་བྱ་དཀའ་ལ། འགོག་ཐུབ་པ་ཞིག་ཀྱང་མིན། རྒྱང་སྒྲོག་གིས་དུས་ཡུན་ཐུང་ངུའི་ནང་དུ་ས་ཁུལ་མང་པོར་ཁྱབ་སྒྲོག་བྱ་ཐུབ་ལ། ངེས་གཏན་གྱི་ས་ཁུལ་དེའི་ནང་གི་མི་ཚང་མས་དུས་ལྟར་ཉན་ཆོག་པ་ཞིག་ཀྱང་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།