རྒྱང་སྒྲོག་བརྙན་འཕྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱང་སྒྲོག་བརྙན་འཕྲིན།
རྒྱང་སྒྲོག་བརྙན་འཕྲིན(Radio and television)ནི་སྐུད་མེད་གློག་རླབས་དང་ཡང་ན་འདྲེན་སྐུད་བརྒྱུད་ནས་རྒྱ་ཆེ་བའི་ས་ཁུལ་དུ་སྒྲ་དང་རི་མོའི་ལེ་ཚན་སྒྲོག་སྐྱེལ་བྱེད་པའི་བརྒྱུད་སྒྲོག་སྨྱན་རྫས་ཤིག་ཡིན་ལ། དེའི་བསྡུས་མིང་ལ་རྒྱང་སྒྲོག་ཟེར། སྐད་ཆ་ཁོ་ན་བརྒྱུད་སྒྲོག་བྱེད་པ་ལ་རྒྱང་སྒྲོག་དང་། སྐད་དང་བརྙན་རིས་གཉིས་ཀ་བརྒྱུད་སྤྲོད་བྱེད་པ་ལ་བརྙན་འཕྲིན་རྒྱང་སྒྲོག་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广播电视
ཕྱི་ཡིག་གི་མིང་།
Radio and television
རྒྱང་སྒྲོག་བརྙན་འཕྲིན།
སྒྲ་དང་གཟུགས་རིས་གཏོང་བས་རྒྱང་སྒྲོག་བརྙན་འཕྲིན་ཟེར།
སྒྲ་གཏོང་རྒྱང་སྒྲོག
སྒྲ་ཁོ་ན་གཏོང་བས་སྒྲ་གཏོང་རྒྱང་སྒྲོག་ཟེར།
བརྒྱུད་གཏོང་སྨྱན་བྱེད།
སྐུད་མེད་གློག་རླབས་སམ་གློག་རྒྱུན་འདྲེན་སྐུད།
ཕྱོགས་བསྡུས་ནུས་པ།
ཁྱབ་སྒྲོག་ནུས་པ། སློབ་གསོའི་ནུས་པ། ལྟ་སྐུལ་ནུས་པ། བརྒྱུད་སྤྲོད་རྣམ་པ། སྐུད་ཡོད་དང་སྐུད་མེད།
ཁྱད་ཆོས།
གཟུགས་བརྙན་ཅན། དུས་ཐོག་རིང་བཞིན། ཡོངས་ཁྱབ་རང་བཞིན།
ཤན་ཤུགས་ཐེབས་ཚད།
མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཚན་རྩལ་མགྱོགས་མྱུར་གྱི་མཇུག་འབྲས།
1 གོ་དོན།

རྒྱང་སྒྲོག་བརྙན་འཕྲིན་ནི་སྐུད་མེད་གློག་རླབས་དང་ཡང་ན་འདྲེན་སྐུད་བརྒྱུད་ནས་རྒྱ་ཆེ་བའི་ས་ཁུལ་དུ་སྒྲ་དང་རི་མོའི་ལེ་ཚན་སྒྲོག་སྐྱེད་བྱེད་པའི་བརྒྱུད་སྒྲོག་སྨྱན་རྫས་ཤིག་ཡིན་ལ། སྒྲ་དོག་འཇུག་གི་གོ་དོན་ལྟར་ན། རྒྱང་སྒྲོག་ནི་སྐུད་མེད་གློག་རླབས་དང་འདྲེན་བརྒྱུད་སྐད་གདངས་ཁོ་ན་སྤྱད་དེ་བརྒྱུད་སྒྲོག་བྱེད་པ་ཞིག་དང་། སྒྲ་ཡངས་འཇུག་གི་གོ་དོན་ལྟར་ན། རྒྱང་ནི་ང་ཚོའི་དུས་རྒྱུན་སྤྱོད་པའི་ཆིག་རྐྱང་གི་སྒྲའི་རྒྱང་སྒྲོག་དང་སྒྲ་དང་བརྙན་རིས་མཉམ་བསྲེས་ཀྱི་བརྙན་འཕྲིན་གཉིས་འདུ་བ་ཞིག་ཡིན།

2 ཁྱད་ཆོས།

རྒྱང་སྒྲོག་བརྙན་འཕྲིན་ལ་གཤམ་གསལ་གྱི་ཁྱད་ཆོས་འགའ་ལྡན་པ་སྟེ།

(1) སྣང་བརྙན་ཅན། དེ་ནི་སྒྲ་དང་བརྙན་རིས་ཀྱི་རྣམ་པའི་སྒོ་ནས་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པ་ཞིག་ཡིན།

(2) མགྱོགས་མྱུར་གྱི་རང་བཞིན་ལྡན་པ། དེ་ནི་གློག་རླབས་ཀྱི་མྱུར་ཚད་ཀྱིས་ཆ་འཕྲིན་བརྒྱུད་བསྐུར་བྱེད་པ་ཞིག་ཡིན།

(3) རྒྱ་ཁྱབ་ཀྱི་རང་བཞིན་ལྡན་པ། ཁྱབ་རྒྱའི་ས་ཁོངས་ཆེས་ཆེ་བའི་བརྒྱུད་སྒྲོག་གི་སྨྱན་རྫས་རིགས་ཤིག་ཡིན།

3 རིགས་དབྱེ།

བརྒྱུད་གཏོང་གི་ཐབས་ལམ་ལྟར་དབྱེ་ན་སྐུད་མེད་རྒྱང་སྒྲོག་དང་སྐུད་ལྡན་རྒྱང་སྒྲོག་གཉིས་ཡོད་ཅིང་། སྐད་ཆ་ཁོ་ན་བརྒྱུད་སྒྲོག་བྱེད་པ་ལ་སྐད་སྒྲའི་རྒྱང་སྒྲོག་དང་། བསྡུས་ཏེ་རྒྱང་སྒྲོག་ཟེར། སྐད་དང་བརྙན་རིས་གཉིས་ཀ་བརྒྱུད་སྤྲོད་བྱེད་པ་ལ་བརྙན་འཕྲིན་རྒྱང་སྒྲོག་ཟེར་བ་ཡིན། བསྡུས་ཏེ་བརྙན་འཕྲིན་ཟེར། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།