ཚོང་སྐུལ་བརྡ་ཁྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་སྐུལ་བརྡ་ཁྱབ་ནི་ཐད་ཀར་འཛད་སྤྱོད་པར་ཐོན་རྫས་གང་རུང་ཞིག་གམ་ཡང་ན་ཞབས་ཞུའི་བརྡ་སྦྱོར་རང་བཞིན་ཅན་གྱི་རྣམ་པ་ཞིག་ཡིན་པ་དང་། དེ་ནི་ཐོན་རྫས་ཀྱི་རྒྱུ་སྤུས་དང་། གཤིས་ནུས། ཁྱད་ཆོས་སོགས་འཛད་སྤྱོད་པར་སྟབས་བདེ་སྒོས་རེ་སྐུལ་དང་འཛད་སྤྱོད་བྱ་བར་འབོད་སྐུལ་བཏང་སྟེ། བརྡ་ཁྱབ་ཀྱི་དམིགས་ཡུལ་འགྲུབ་པར་བྱེད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
促销广告
ཕྱི་ཡིག་གི་མིང་།
promotion advertisement
གསལ་བཤད།
འཛད་སྤྱོད་པར་ཐོན་རྫས་དང་ཞབས་ཞུའི་བརྡ་ཁྱབ་འདོན་སྤྲོད་བྱེད་པ།
དམིགས་ཡུལ།
འཛད་སྤྱོད་པར་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་པ།
ཚོང་བསྐུལ་བརྡ་ཁྱབ་ཇུས་གཞི།
ལེགས་སྐྱེས་རང་བཞིན་གྱི་བརྡ་ཁྱབ་སྐུལ་སྤེལ་ཇུས་གཞི།
1 གོ་དོན།

ཚོང་སྐུལ་བརྡ་ཁྱབ་ནི་ཐད་ཀར་འཛད་སྤྱོད་པར་ཐོན་རྫས་གང་རུང་ཞིག་གམ་ཡང་ན་ཞབས་ཞུའི་བརྡ་སྦྱོར་རང་བཞིན་ཅན་གྱི་རྣམ་པ་ཞིག་ཡིན།

2  དམིགས་ཡུལ།

ཚད་མཐོའི་ཐོན་རྫས་ཀྱི་ཕྱིར་ཚོང་དངུལ་གྲངས་ནི་ཚོང་སྐུལ་བརྡ་ཁྱབ་ཀྱི་་སྔོན་འགྲོའི་བསམ་བློ་གཏོང་བའི་དམིགས་ཡུལ་ཡིན་ལ། ཇུས་གཞི་བཟོ་བ་དང་ཇུས་འགོད་བརྡ་ཁྱབ་བྱ་འགུལ་སྤེལ་བ་བརྒྱུད་དེ། ཚད་མཐོའི་ཚོང་རྟགས་རྒྱུས་ལོན་བྱ་ཚུལ་ཇེ་མཐོར་གཏོང་བ་དང་སྣང་བརྙན་ལ་བསྒྱུར་བཅོས་གཏོང་བ། རིན་གོང་འོས་འཚམ་ནན་བཤད་བྱེད་པ་སོགས་ཀྱང་ཚོང་སྐུལ་བརྡ་ཁྱབ་ཀྱི་དམིགས་ཡུལ་ཡིན།

3 གྲུབ་རྐྱེན་གཙོ་བོ་གསུམ།

(1) ཀློག་པ་པོར་བརྡ་འཕྲིན་གང་ཞིག་མཁོ་འདོན་བྱེད་པ། 

(2) ཀློག་པ་པོར་ཕན་ཁེ་བསྐྲུན་པ། 

(3) གོ་བདེ་རྟོགས་སླ་དང་། སྟབས་བདེ་གསལ་ཆ་དོད་པ། གསོན་ཉམས་སྤྲོ་སྣང་འཕེལ་བ།

4 ཁྱད་ཆོས།

(1) ཐབས་ལམ་ལ་རང་སྟེང་གི་ཁྱད་ཆོས་ལྡན་པ།

(2) ཐོན་རྫས་ཀྱི་ཚད་མཐོའི་ཚོང་རྟགས་དང་ཚོང་རྟགས། ཐོན་ཁུལ་འབུར་དུ་ཐོན་པར་བྱས་ནས་མི་རྣམས་ལ་བག་ཆགས་བཟང་པོ་འཇོག་པ།

(3 འབྲེལ་གཏུག་ཁ་པར་ཨང་གྲངས་དང་ས་གནས། པར་སྐུར་ཨང་གྲངས་དང་གློག་རྡུལ་ཡིག་སྒམ། དྲ་གནས་སོགས་གསལ་བོར་སྟོན་དགོས།

(4) རྒྱུན་པར་གསར་བྱུང་གི་ཐ་སྙད་སྤྱད་དེ་མཇུག་འབྲས་གསར་བས་མིག་དབང་གསོ་བར་བྱེད་པ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-03

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།