ཚགས་དེབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚགས་དེབ་ཅེས་པ་ནི་ཚགས་པར་དང་དུས་དེབ་ཀྱི་སྤྱི་མིང་ལ་བརྗོད་པ་དང་། ཚགས་དེབ་ནི་ཤོག་བུའི་སྟེང་ཡི་གེ་ཕབ་སྟེ་རྒྱུ་ཆ་བརྒྱུད་སྒྲོག་བྱེད་པའི་ལག་ཆ་ལྟ་བུ་ཡིན་ལ། དེས་འགྲེལ་བཤད་དང་ཁྱབ་སྒྲོག་སོགས་ཀྱི་ནུས་པ་འདོན་གྱི་ཡོད། དེས་སྣང་བརྙན་གང་ཞིག་ལ་སྲུང་སྐྱོབ་བྱས་ཆོག་སྟེ། དཔེར་ན། ཀྲུང་གོའི«མི་དམངས་ཉིན་རེའི་ཚགས་པར» ནི་རྒྱལ་ཁབ་ཀྱི་སྣང་བརྙན་སྲུང་སྐྱོབ་བྱེད་པའི་ཚགས་པར་གྱི་རིགས་ཡིན་ལ། «བཅིངས་འགྲོལ་དམག་མིའི་ཚགས་པར» ནི་དམག་དཔུང་གི་སྣང་བརྙན་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པ་དང་། «ཁེ་ལས་ཚགས་པར» ནི་ཁེ་ལས་ཀྱི་སྣང་བརྙན་སྲུང་སྐྱོབ་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
报刊
སྒྲ་སྦྱོར།
bào kān
གྲུབ་ཚུལ།
ཚགས་པར་དང་དུས་དེབ།
1 གོ་དོན།

ཚགས་དེབ་ཅེས་པ་ནི་ཚགས་པར་དང་དུས་དེབ་ཀྱི་སྤྱི་མིང་ལ་བརྗོད་པ་དང་། དབྱིན་སྐད་དུ [newspapers and periodicals] །ཞེས་པ་དེ་ཡིན།

2 ཆ་རྐྱེན།

པར་སྐྲུན་ཡིག་དེབ་ཚང་མར་ཚགས་པར་གྱི་རྨང་གཞིའི་ཆ་རྐྱེན་ལྟར་བཟོས་ཆོག་མིན།

(1) ཆེས་ཉུང་ན་ཡང་གཟའ་རེར་ཐེངས་རེ་པར་སྐྲུན་བྱ་དགོས།

(2) ངེས་པར་དུ་འཕྲུལ་ཆས་ཀྱིས་པར་འདེབས་བྱས་པ་ཞིག་ཡིན་དགོས་ལ། དེ་ནི་གཞན་ལ་མེད་པའི“གསར་འགྱུར་གྱི་ཆ་འཕྲིན” ཡིན་ལ། “གསར་འགྱུར་དཔེ་ཆ” འི་ཆ་རྐྱེན་གལ་ཆེན་ཞིག་ཡིན།

(3) དེ་ནི་དེར་བལྟ་འདོད་ཡོད་མཁན་སུ་ཞིག་ཡིན་ན་ཡང་། གྲལ་རིམ་གྱི་ཁྱད་པར་མེད་པ་དང་ཡང་ན་དམིགས་བསལ་གྱི་དགའ་ཕྱོགས་ཡོད་པ་ཞིག་ཡིན་ན། སུས་ཀྱང་ཉོ་ཐུབ་པ་ཞིག་ཡིན།

(4) ངེས་པར་དུ་མི་དམངས་ཀྱི་ཡིད་འགུག་ཐུབ་པའི་དོན་དག་གང་རུང་པར་བསྐྲུན་བྱ་དགོས་པ་ཡིན་ལ། གཞན་པའི་ཆོས་ལུགས་རང་བཞིན་དང་ཚོང་ལས་རང་བཞིན་གྱི་པར་བསྐྲུན་ཚགས་དེབ་ཀྱང་ཡོད།

(5) ངེས་པར་དུ་སྤྱིར་བཏང་རིག་གནས་ཆུ་ཚད་ཅུང་དམའ་བའི་མི་དམངས་ཀྱི་ཡིད་འགུག་པའི་ནུས་པ་འཛོམས་དགོས།

(6) ངེས་པར་དུ་དུས་ཐོག་ཏུ་ཁེལ་དགོས། དུས་འདིར་ལག་རྩལ་གྱི་འཕེལ་རྒྱས་ལ་གཞིགས་ནས་བཤད་ན་ལྟོས་བཅས་ཀྱིས་དུས་སུ་ཁེལ་ཐུབ་ཀྱི་ཡོད།

(7) དེ་ལ་རྒྱུན་མ་ཆད་པར་པར་བསྐྲུན་བྱེད་པའི་གཏན་འཇགས་ཀྱི་རང་བཞིན་ལྡན།

3 འཕེལ་རྒྱས།

ད་ལྟའི་ཚགས་དེབ་ཀྱི་བྱ་བ་འཕེལ་རྒྱས་ཧ་ཅང་མགྱོགས་པ་དང་། ཚགས་པར་པར་བསྐྲུན་གྱི་ནུས་པ་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ། འཛམ་གླིང་གི་ཚགས་པར་ལས་རིགས་སྔར་ལས་ལྷག་པར་སྲ་བརྟན་གྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། སྨྱན་སྦྱོར། ཚགས་དེབ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-03

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།