མུ་འབྲེལ་བརྡ་ཁྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུ་འབྲེལ་བརྡ་ཁྱབ་ཅེས་པ་ནི་གཅིག་མཚུངས་སྨྱན་ཆས་སམ་ཡང་ན་སྨྱན་ཆས་མི་འདྲ་བའི་སྟེང་དུ་རེས་འཁོར་གྱིས་བརྒྱུད་སྒྲོག་བྱེད་པའི་བརྡ་ཁྱབ་ཀྱི་རིགས་ཤིག་ཡིན་ལ། འདི་ལྟ་བུའི་བརྡ་ཁྱབ་ནི་བརྗོད་དོན་གཅིག་མཚུངས་སམ་ཡང་ན་རྣམ་པ་གཅིག་མཚུངས་སྟེང་འཕེལ་རྒྱས་བྱུང་བའི་གཞན་ལས་བརྒལ་བའི་གསར་གཏོད་ཀྱི་མངོན་སྟངས་ཤིག་ཡིན། མུ་འབྲེལ་བརྡ་ཁྱབ་དེ་ཆིག་རྐྱང་གི་བརྡ་ཁྱབ་དང་བསྡུར་ན་གསར་གཏོད་ཀྱི་རྒྱུན་མཐུད་རང་བཞིན་དང་དུས་བསྟུན་གྱི་རྒྱ་བསྐྱེད་རང་བཞིན་ལྡན་པ། སྨྱན་རྫས་གཞན་པ་དང་བར་ཁྱད་ཆེ་བའི་རང་བཞིན་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
系列广告
མུ་འབྲེལ་བརྡ་ཁྱབ།
མུ་འབྲེལ་ཇུས་འགོད་གཙོ་བོའི་མུ་འབྲེལ་ཇུས་འགོད་རྣམ་པ།
དགེ་མཚན།
ཚོང་རྟགས་ཀྱི་ཡིད་འཕྲོགས་པའི་ཆ་མཐོར་འདེགས་གཏོང་བ།
1 གོ་དོན།

མུ་འབྲེལ་བརྡ་ཁྱབ་ཅེས་པ་ནི་གཅིག་མཚུངས་སྨྱན་ཆས་སམ་ཡང་ན་སྨྱན་ཆས་མི་འདྲ་བའི་སྟེང་དུ་རེས་འཁོར་གྱིས་བརྒྱུད་སྒྲོག་བྱེད་པའི་བརྡ་ཁྱབ་ཀྱི་རིགས་ཤིག་ཡིན།

2 ཐབས་ཇུས།
2_1 མུ་འབྲེལ་ཐབས་ཇུས།

དེ་ནི་ངེས་གཏན་གྱི་དུས་ཚོད་ནང་དུ་དམིགས་ཡུལ་ཡོད་པའི་སྒོ་ནས་ཁྱབ་སྒྲོག་བྱེད་པའི་གྲངས་ཚད་ཀྱི་བརྡ་ཁྱབ་ཡིན་ལ། བརྡ་ཁྱབ་དེ་དག་གི་འཆར་འགོད་ཀྱི་རྣམ་པ་འདྲ་མོད། ནང་དོན་ལ་འགྱུར་ལྡོག་ཆེ་བ་ཞིག་ཡིན་པ་དང་། བརྡ་ཁྱབ་ཀྱི་བྱེད་ཐབས་ནི་མུ་འབྲེལ་གྱི་རྣམ་པའི་གྲུབ་པ་ཞིག་ཡིན།

2_2 བརྗོད་དོན་མུ་འབྲེལ།

དེ་ནི་ཁེ་ལས་ཀྱིས་ཁྱབ་སྒྲོག་བྱེད་སྐབས། དུས་ཚིགས་རེའི་དམིགས་ཡུལ་གྱི་ཁྲོམ་རའི་ཁྱད་ཆོས་དང་ཁྲོམ་རའི་ཚོང་གཉེར་ཐབས་ཇུས་ཀྱི་དགོས་མཁོ་ལྟར། རྒྱུན་མ་ཆད་པར་བརྡ་ཁྱབ་ཀྱི་བརྗོད་དོན་འགྱུར་བ་འགྲོ་བ་དང་། མི་འདྲ་བའི་བརྡ་ཁྱབ་སྤེལ་ཡུལ་གྱི་སེམས་ཀྱི་དགོས་མཁོར་འཚམ་པར་བྱེད་པ་ཞིག་ཡིན་ལ། དེ་ནི་བརྡ་ཁྱབ་ཀྱི་བརྗོད་དོན་མུ་འབྲེལ་ཞེས་པ་དེ་ཡིན།

2_3 ཕན་ནུས་མུ་འབྲེལ།

དེ་ནི་ཐེངས་མང་གི་བརྡ་ཁྱབ་བརྒྱུད་ནས་གཏིང་ཟབ་པའི་སྒོ་ནས་ཚོང་ཟོང་གི་ཕན་ནུས་ནན་བཤད་བྱེད་པའི་བརྡ་ཁྱབ་ཀྱི་ཐབས་ཇུས་ཤིག་ཡིན།

2_4  ཐོན་རྫས་མུ་འབྲེལ།

འདི་ལྟ་བུའི་ཁྱབ་སྒྲོག་བརྡ་ཁྱབ་ཀྱི་ཐབས་ཇུས་ནི། ཚོང་རའི་མུ་འབྲེལ་ཐོན་རྫས་ཀྱི་ལས་གཉེར་གྱི་དགོས་མཁོ་ལྟར་ལག་བསྟར་བྱེད་པ་ཞིག་ཡིན།

3 ལེགས་ཆ།

(1) བརྗོད་དོན་ལ་གསར་གཏོད་ཕུན་སུམ་ཚོགས་པ་ལྡན།

(2) མཚོན་སྟངས་རྣམ་པ་སྣ་ཚོགས་ཡིན་པ།

(3) རིག་གནས་མཚོན་བྱེད་གྲགས་ཅན་སྒྲིག་བཟོ་བྱེད་པ།

(4) མཚོན་རྟགས་གྲགས་ཅན་གྱི་ཁྱད་གཤིས་བསྐྲུན་པ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།