གློག་བརྙན་བར་འཇུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

PowerPointནང་གི་གློག་བརྙན་ལ་བརྙན་ཟློས་དང་འགུལ་རིས་ཚུད་ཡོད། སྤྱོད་པ་པོས་སྒྲོན་བརྙན་ནང་དུ་བར་འཇུག་བྱ་བའི་བརྙན་ཟློས་ཀྱི་རྣམ་གཞག་བཅུ་ལྷག་ཙམ་ཡོད་ལ་འགུལ་རིས་གཙོ་བོ་ནི་འགུལ་རིསGifཡིན། PowerPintཡིས་རྒྱབ་སྐྱོར་ཐོབ་པའི་གློག་བརྙན་གྱི་རྣམ་གཞག་དེ་སྨྱན་གཟུགས་གཏོང་ཆས་མི་འདྲ་བ་དང་འབྲེལ་བ་ཡོད། སྒྲོན་བརྙན་ནང་གི་བརྙན་ཟློས་དང་འགུལ་རིས་བར་འཇུག་བྱེད་ཐབས་ལ་དྲས་སྒྲིག་དོ་དམ་ཆས་ནས་བར་འཇུག་དང་ཡིག་ཆ་ནས་བར་འཇུག་བྱེད་ཐབས་གཉིས་ཡོད།
1 དྲས་སྒྲིག་དོ་དམ་ཆས་ནང་གི་གློག་བརྙན་བར་འཇུག

བྱང་བུ“བར་འཇུག”གི་ཚོ“སྨྱན་གཟུགས”ནང་མཐེབ་གནོན“གློག་བརྙན”གཤམ་གྱི་མར་འཐེན་མདའ་རྩེ་ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་གདམ་བྱང་དུ་བཀའ་བརྡ“དྲས་སྒྲིག་དོ་དམ་ཆས་ནང་གི་གློག་བརྙན”འདེམས་པ། དེའི་སྐབས་ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”རང་འགུལ་ངང་ཁ་ཕྱེ་སྟེ། དཔེ་རིས1-1ལྟར། ལས་འགན་སྒེའུ་ཁུང་ནང་དུ་དྲས་སྒྲིག་ནང་གི་གློག་བརྙན་ཚང་མ་མངོན་པ་ཡིན།

1.jpg

དཔེ་རིས1-1

དྲས་སྒྲིག་དོ་དམ་ཆས་ཀྱི་འགུལ་རིསGifདེའང་གློག་བརྙན་ལ་བརྩི་བ་ཡིན། ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”ནང་གི་མར་འཐེན་མདའ་རྩེ“མཇུག་འབྲས་རིགས་གྲས”ལ་ཆིག་རྡེབ་བྱས་ཚེ། དོ་དམ་ཆས་ནང་གི་གློག་བརྙན་ལ་ཚུད་པའི་ཡིག་ཆའི་རིགས་གྲས་ལ་ལྟ་བཤེར་བྱ་ཐུབ།

སྒྲོན་བརྙན་ནང་དུ་དྲས་སྒྲིག་དོ་དམ་ཆས་ཀྱི་གློག་བརྙན་བར་འཇུག་བྱ་ཚུལ་གཤམ་གསལ་ལྟར།

1.PowerPint 2007འགོ་སློང་བྱས་ཏེ། Officeམཐེབ་གནོན་ལ་ཆིག་རྡེབ་བྱས་ནས་ཐོན་པའི་གདམ་བྱང་དུ་བཀའ་བརྡ“གསར་འཛུགས”འདེམས་ཏེ་གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཀྱི་ཁ་ཕྱེ་བ།

2.གླེང་སྒྲོམ་གྱི་རེའུ་སྒྲོམ“དཔེ་པང”ལས་བཀའ་བརྡ“ངའི་དཔེ་པང”འདེམས་ཏེ་གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཀྱི་ཁ་ཕྱེ་བ།

3.རེའུ་སྒྲོམ“ངའི་དཔེ་པང”ནང“ཇུས་འགོད་དཔེ་པང5”འདེམས་ཏེ་མཐེབ་གནོན“གཏན་འཁེལ”ལ་ཆིག་རྡེབ་བྱས་ན། དཔེ་རིས1-2ལྟར། དཔེ་པང་དེ་མིག་སྔའི་སྟོན་འགྲེམས་ཟིན་བྲིས་ནང་དུ་བཀོལ་སྤྱོད་བྱེད་པ་ཡིན།

2(1).jpg

དཔེ་རིས1-2

4.ཁ་བྱང་ཡིག་སྒྲོམ་ནང་དུ་ཡི་གེ“ཇ་སྲུབ་འཕྲུལ་འཁོར”བཅུག་སྟེ་ཡིག་གཟུགས་ཆེ་ཆུང་ལ60དང་ཡིག་ཚུགས“སྦོམ་གཟུགས”ལ་སྒྲིག་འགོད་བྱེད་པ།

5.ཁ་བྱང་ཕལ་བའི་ཡིག་སྒྲོམ་ནང་དུ་ཡི་གེ“བཟོ་རྟགསFA100”ནང་འཇུག་བྱས་ཏེ། ཡིག་གཟུགས་ཆེ་ཆུང36དང་ཡིག་ཚུགས“སྦོམ་གཟུགས”སུ་སྒྲིག་འགོད་བྱེད་པ།

6.སྒྲོན་བརྙན1ལ་རང་འགུལ་གསར་བརྗེའི་ཤོག་ཞབས་དང་སྒྲོན་བརྙན་སྒྲིག་ཨང་ཁ་སྣོན་བྱེད་པ། དེའི་ཚེ་དཔེ་རིས1-3ལྟར། སྒྲོན་བརྙན་མཐོང་འབྲས་མངོན་པ་ཡིན།

3.jpg

དཔེ་རིས1-3

7.བྱང་བུ“བར་འཇུག”ནང་གི་མཐེབ་གནོན“གློག་བརྙན”གཤམ་ངོས་ཀྱི་མར་འཐེན་མདའ་རྩེ་ལ་ཆིག་རྡེབ་བྱེད་པ། ཐོན་པའི་གདམ་བྱང་དུ་བཀའ་བརྡ“དོ་དམ་ཆས་ནང་གི་གློག་བརྙན་དྲས་སྒྲིག”འདེམས་ནས་ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”ཡི་ཁ་ཕྱེ་བ།

8.ཁ་ཕྱེ་བའི་ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”ཡི་ནང་དུ་དྲས་སྒྲིག1ལ་ཆིག་རྡེབ་བྱས་ཏེ། དེ་སྒྲོན་བརྙན་ནང་དུ་ཁ་སྣོན་བྱེད་པ།

9.ཁ་སྣོན་བྱས་པའི་གློག་བརྙན་དྲས་སྒྲིག་གི་མཐའ་འཁོར་དུ་ཚོད་འཛིན་ཚེག་དཀར་པོ8ཐོན་པ་ཡིན། ཙིག་མདའ་དྲུད་ནས་དྲས་སྒྲིག་དེ་དཔེ་རིས1-4ལྟར། རང་གནས་སུ་སྤོ་དགོས།

4.jpg

དཔེ་རིས1-4

དྲས་སྒྲིག་དོ་དམ་ཆས་ཀྱིས་འགུལ་རིསGifདེ་གློག་བརྙན་ལ་བརྩིས་ཀྱང་སྤྱོད་པ་པོས་ཕྱི་རོལ་ནས་འགུལ་རིསGifབར་འཇུག་བྱེད་སྐབས། མཐེབ་གནོན“ཡིག་ཆ་རུ་ཡོང་བའི་པར་རིས”ལ་ཆིག་རྡེབ་བྱས་ཏེ་བར་འཇུག་བྱ་དགོས།

10. Officeམཐེབ་གནོན་ལ་ཆིག་རྡེབ་བྱས་ཏེ་ཐོན་པའི་གདམ་བྱང་དུ་བཀའ་བརྡ“གཞན་ཉར”འདེམས་ནས། སྟོན་འགྲེམས་ཟིན་བྲིས་དེ“ཇ་སུབ་འཕྲུལ་འཁོར”གྱི་མིང་བྱས་ཏེ་ཉར་ཚགས་བྱེད་པ།

2 ཡིག་ཆའི་ནང་གི་གློག་བརྙན་བར་འཇུག

གནས་ཚུལ་མང་པོའི་ཐོགPowerPintདྲས་སྒྲིག་མཛོད་ནང་གི་གློག་བརྙན་གྱིས་སྤྱོད་པ་པོའི་འདོད་པ་སྐོང་མི་ཐུབ། དེའི་སྐབས་ཡིག་ཆའི་ནང་གི་གློག་བརྙན་བར་འཇུག་བྱས་ནས་བེད་སྤྱད་ཆོག མཐེབ་གནོན“གློག་བརྙན”གཤམ་གྱི་མར་འཐེན་མདའ་རྩེ་ལ་ཆིག་རྡེབ་བྱས་ཏེ་ཐོན་པའི་གདམ་བྱང་དུ་བཀའ་བརྡ“ཡིག་ཆའི་ནང་གི་གློག་བརྙན”འདེམས་ནས། གླེང་སྒྲོམ“གློག་བརྙན་བར་འཇུག”གི་ཁ་ཕྱེ་བ།

སྤྱོད་པ་པོས་གླེང་སྒྲོམ་གྱི་མར་འགྲེམས་རེའུ་སྒྲོམ“འཚོལ་བྱའི་ཁྱབ་ཁོངས”སུ་གློག་བརྙན་ཡིག་ཆ་འཚོལ་བའི་དཀར་ཆག་བདམས་ཏེ། དེ་རྗེས་རེའུ་སྟར་དུ་རང་ལ་མཁོ་བའི་གློག་བརྙན་ཡིག་ཆ་འདེམས་ནས་མཐེབ་གནོན“གཏན་འཁེལ”ལ་ཆིག་རྡེབ་བྱས་ཚེ། སྒྲོན་བརྙན་ནང་དུ་བར་འཇུག་བྱ་ཚུལ་གཤམ་གསལ་ལྟར།

1.PowerPint 2007འགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“ཇ་སྲུབ་འཕྲུལ་འཁོར”གྱི་ཁ་ཕྱེ་བ།

2.སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་གི་སྒྲོན་བརྙན་ཨང་གཉིས་པའི་བསྡུས་རིས་འདེམས་ནས་དེ་སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་ནང་དུ་མངོན་པར་བྱེད་པ།

3.ཁ་བྱང་ཡིག་རྐྱང་གནས་བཟུང་རྟགས་སུ་ཡི་གེ་ནང་འཇུག་བྱས་ཏེ་ཡིག་གཟུགས་ཆེ་ཆུང་དེ60དང་ཡིག་ཚུགས“སྦོམ་གཟུགས”ལ་སྒྲིག་འགོད་བྱེད་པ།

4. “འདིར་ཆིག་རྡེབ་བྱས་ནས་ཡིག་རྐྱང་སྣོན”གྱི་ཡིག་རྐྱང་གནས་བཟུང་རྟགས་འདེམས་ཏེ་མཐེབDeleteམནན་ནས་དེ་བསུབ་པ།

5.མཐེབ་གནོན“གློག་བརྙན”གཤམ་ངོས་ཀྱི་མར་འཐེན་མདའ་རྩེ་ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་གདམ་བྱང་དུ་བཀའ་བརྡ“ཡིག་ཆའི་ནང་གི་གློག་བརྙན”འདེམས་ནས་བར་འཇུག་གླེང་སྒྲོམ“གློག་བརྙན”གྱི་ཁ་ཕྱེ་བ།

6.གླེང་སྒྲོམ་ནང་དུ་བར་འཇུག་བྱ་རྒྱུའི་ཡིག་ཆ་བདམས་ནས་མཐེབ་གནོན“གཏན་འཁེལ”ལ་ཆིག་རྡེབ་བྱེད་སྐབས། བརྡ་འཕྲིན་གླེང་སྒྲོམ་ཞིག་གི་ཁ་ཕྱེ་བ་ཡིན། དེ་རྗེས་དཔེ་རིས1-5ལྟར། མཐེབ་གནོན“རང་འགུལ”ལ་ཆིག་རྡེབ་བྱེད་པ།

5.jpg

དཔེ་རིས1-5

མཐེབ་གནོན“རང་འགུལ”ལ་ཆིག་རྡེབ་བྱས་ཚེ་གློག་བརྙན་བར་འཇུག་བྱས་པའི་སྒྲོན་བརྙན་སྟོན་པའི་སྐབས། ཡིག་ཆ་དེ་རང་འགུལ་ངང་སྟོན་པ་དང་མཐེབ་གནོན“ཆིག་རྡེབ་སྐབས”ལ་ཆིག་རྡེ་བྱས་ཚེ་གློག་བརྙན་ཆིག་རྡེབ་བྱེད་སྐབས་སྟོན་མགོ་འཛུགས་པ་ཡིན།

7.དེའི་སྐབས་སྒྲོན་བརྙན་ནང་དུ་བར་འཇུག་བྱས་པའི་ཡིག་ཆ་མངོན་པ་ཡིན། སྒྲོན་བརྙན་ནང་དུ་དེའི་ཆེ་ཆུང་དང་གནས་ས་ལེགས་སྒྲིག་བྱས་ན་སྒྲོན་བརྙན་གྱི་མཐོང་རིས་དཔེ་རིས1-6ལྟར་མངོན་པ་ཡིན།

6.jpg

དཔེ་རིས1-6

8.མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”ལ་ཆིག་རྡེབ་བྱས་ནས་བཟོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།

3 གློག་བརྙན་གྱི་གཏོགས་གཤིས་སྒྲིག་འགོད།

སྒྲོན་བརྙན་ནང་དུ་བར་འཇུག་བྱས་པའི་བརྙན་ཟློས་གྱི་གནས་ས་དང་། ཆེ་ཆུང་། གསལ་ཚད། གོ་སྡུར་ཚད། སྐོར་བ་སོགས་ཀྱི་བཀོལ་སྤྱོད་བྱ་ཐུབ་པ་མ་ཟད། ད་དུང་དྲས་པ་དང་། ནང་གསལ་སྒྲིག་འགོད། ཚོན་འབྱུག་པ། མཐའ་སྒྲོམ་སྒྲིག་འགོད་སོགས་ཀྱི་བཀོལ་སྤྱོད་ཀྱང་བྱ་ཐུབ།

སྒྲོན་བརྙན་ནང་དུ་བར་འཇུག་བྱས་པའི་འགུལ་རིསGifསྤྱོད་པ་པོས་དྲས་གཏུབ་བྱ་མི་ཐུབ། PowerPointཡིས་འགུལ་རིསGifཚུད་པའི་སྒྲོན་བརྙན་སྟོན་སྐབས་འགུལ་རིས་དེ་རང་འགུལ་ངང་རེས་འཁོར་བྱེད་པ་ཡིན།

སྒྲོན་བརྙན་ནང་དུ་བར་འཇུག་བྱས་པའི་གློག་བརྙན་འདེམས་སྐབས་བྱེད་ནུས་ཁུལ་ནང་གི་བྱང་བུ“གློག་བརྙན་ལག་ཆ”མངོན་པ་ཡིན། དཔེ་རིས1-7ལྟར། བྱང་བུ་འདིའི་ནང་གི་འདེམས་ཚན་ཆ་ཤས་ཀྱི་ནང་དོན་གཤམ་གསལ་ལྟར།

7.jpg

དཔེ་རིས1-7

◆མཐེབ་གནོན“སྒྲོན་བརྙན་སྟོན་པའི་སྒྲ་ཚད”མཐེབ་གནོན་འདི་ལ་ཆིག་རྡེབ་བྱས་ཚེ་འདེམས་ཚན་ཞིག་གི་ཁ་ཕྱེ་བ་ཡིན། སྤྱོད་པ་པོས་དགོས་མཁོ་ལ་གཞིགས་ནས་བཀའ་བརྡ “དམའ་བ”དང་། “འབྲིང” “མཐོ་བ” “སྒྲ་མེད”སོགས་འདེམས་ཆོག

◆བསྐྱར་འདེམས་སྒྲོམ“མཚམས་འཇོག་བར་རེས་འཁོར་གྱིས་གཏོང་བ”བསྐྱར་འདེམས་སྒྲོམ་འདི་གདམ་ན་སྒྲོན་བརྙན་སྟོན་པའི་བརྒྱུད་རིམ་ནང་དུ་གཤམ་གྱི་སྒྲོན་བརྙན་སྟོན་པའམ་སྟོན་མཚམས་འཇོག་པའི་བར་གློག་བརྙན་རེས་འཁོར་གྱིས་སྟོན་པ་ཡིན།

◆བསྐྱར་འདེམས་སྒྲོམ“གློག་བརྙན་སྟོན་མཇུག་སྒྲིལ་རྗེས་མགོར་ཕྱིར་ལོག་བྱེད་པ”བསྐྱར་འདེམས་སྒྲོམ་འདི་གདམ་ན་གློག་སྟོན་ཟིན་རྗེས་པར་ངོས་དེ་གློག་བརྙན་གྱི་ལྡེབ་ཐོག་མ་རུ་་སྡོད་པ་དང་མང་འདེམས་སྒྲོམ་དེ་མ་འདེམས་ཚེ་གློག་སྟོན་ཟིན་རྗེས་པར་ངོས་དེ་གློག་བརྙན་ལྡེབ་མཇུག་མ་རུ་སྡོད་པ་ཡིན།

◆བསྐྱར་འདེམས་སྒྲོམ“སྟོན་པའི་སྐབས་སྦས་པ”བསྐྱར་འདེམས་སྒྲོམ་འདི་འདེམས་ན་སྒྲོན་བརྙན་སྟོན་པའི་བརྒྱུད་རིམ་ནང་དུ་གློག་བརྙན་མཚོན་པའི་རིས་རྟགས་རང་སྦས་བྱ་བ་ཡིན།

◆བསྐྱར་འདེམས་སྒྲོམ“ཡོལ་གང”བསྐྱར་འདེམས་སྒྲོམ་འདི་གདམ་ན་སྟོན་པའི་སྐབསPowerPointཡིས་རང་འགུལ་ངང་གློག་བརྙན་དེ་ཡོལ་གང་ལ་མངོན་པ་ཡིན།

སྒྲོན་བརྙན་ནང་དུ་གློག་བརྙན་གྱི་རྣམ་གཞག་ལ་སྒྲིག་འགོད་བྱ་ཚུལ་གཤམ་གསལ་ལྟར།

1. PowerPoint 2007འགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“ཇ་སྲུབ་འཕྲུལ་འཁོར”གྱི་ཁ་ཕྱེ་བ།

2.སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་གི་སྒྲོན་བརྙན་ཨང་གཉིས་པའི་བསྡུས་རིས་འདེམས་ནས། དེ་སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་ནང་དུ་མངོན་པར་བྱེད་པ།

3.བར་འཇུག་བྱས་པའི་གློག་བརྙན་ཡིག་ཆ་གདམ་ནས་བྱེད་ནུས་ཁུལ་ནང་གི་བྱང་བུ“རྣམ་གཞག”གི“ཆེ་ཆུང”ལས་མཐེབ་གནོན“དྲས་གཏུབ”ལ་ཆིག་རྡེབ་བྱས་ཏེ། གློག་བརྙན་གྱི་མཐའ་འཁོར་རྣམས་གཏུབ་དགོས། མཐོང་འབྲས་དཔེ་རིས1-8ལྟར་མངོན་པ་ཡིན།

8.jpg

དཔེ་རིས1-8

4.རེའུ་སྟར“པར་རིས་བཟོ་ལྟ”རུ“སྒོར་དབྱིབས་གཏད་ཟུར། དཀར་པོ”འདེམས་པ་དང་མཐེབ་གནོན“པར་རིས་མཐའ་སྒྲོམ”ལ་ཆིག་རྡེབ་བྱས་ཏེ། དཔེ་རིས1-9ལྟར། མཐའ་སྒྲོམ་གྱི“སྦོམ་ཕྲ”དེ་ཕོན4.5ལ་སྒྲིག་འགོད་བྱེད་པ།

9(1).jpg

དཔེ་རིས1-9

5.བྱང་བུ“གློག་བརྙན་ལག་ཆ”ཡི“གློག་བརྙན་འདེམས་ཚན”ནས་བསྐྱར་འདེམས་སྒྲོམ“མཚམས་འཇོག་བར་རེས་འཁོར་ངང་སྟོན་པ”འདེམས་པ།

6.མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”ལ་ཆིག་རྡེབ་བྱས་ནས་བཟོ་བཅོས་བྱས་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།

སྤྱོད་པོ་པོས་བར་འཇུག་བྱས་པའི་གློག་བརྙན་ལ་པར་རིས་ཀྱི་ལེགས་སྒྲིག་དང་འདྲ་པར་ཁ་དོག་དཔེ་རྣམ་དང་། གསལ་ཚད། གོ་སྡུར་ཚད། དྲས་གཏུབ་སོགས་ལེགས་སྒྲིག་བྱ་ཐུབ་ཀྱང་། དེས་གློག་བརྙན་གྱི་ལྡེབ་དང་པོའི་པར་ངོས་ཁོ་ནར་ནུས་པ་ཐོན་པ་ལས་གློག་བརྙན་སྟོན་སྐབས་ནུས་པ་ཐོན་གྱིན་མེད།

ཡིན་ཡང་གློག་བརྙན་གྱི་གནས་དང་། པར་ངོས་ཆེ་ཆུང་། མཐའ་སྒྲོམ་ཐིག་རིས་ཁ་དོག ཐིག་དབྱིབས་སོགས་གཏོགས་གཤིས་སྒྲིག་འགོད་ཀྱིས་གློག་བརྙན་སྟོན་པའི་བརྒྱུད་རིམ་ནང་དུ་ནུས་པ་ཐོན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།