སྟོན་འགྲེམས་ཟིན་བྲིས་པར་འདེབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

PowerPointནང་དུ་བཟོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་དེ་པར་འཁོར་གྱིས་པར་དུ་འདེབས་ཐུབ། དམིགས་ཡུལ་མི་འདྲ་བར་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་དེ་སྒྲོན་བརྙན་དང་། ཁྲིད་ཟིན། ཟུར་མཆན། རྩ་འཛིན་མཐོང་རིས་བཅས་རྣམ་པར་མི་འདྲ་བས་པར་འདེབས་བྱ་ཆོག
1 པར་འདེབས་སྔོན་ལྟ།

སྤྱོད་པ་པོས་ཤོག་ངོས་སྒྲིག་འགོད་ནང་དུ་པར་འདེབས་ཀྱི་ཞུགས་གྲངས་ཁག་ལ་སྒྲིག་འགོད་བྱས་ཟིན་རྗེས། པར་འདེབས་དངོས་མ་བྱས་གོང་དུ“པར་འདེབས་སྔོན་ལྟ”བྱེད་ནུས་སྤྱད་ནས་པར་འདེབས་མཐོང་འབྲས་ལ་སྔོན་ལྟ་བྱ་ཆོག སྔོན་ལྟའི་མཐོང་འབྲས་དང་པར་འདེབས་དངོས་ཀྱི་མཐོང་འབྲས་ཧ་ཅང་འདྲ་བས་དགོས་མེད་ཀྱི་འགྲོ་སོང་ཉུང་དུ་གཏོང་ཐུབ་བོ།།

པར་འདེབས་སྔོན་ལྟའི་བྱེད་ནུས་བེད་སྤྱོད་ཚུལ་གཤམ་གསལ་ལྟར།

1.PowerPoint 2007འགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“ཤོག་ངོས་སྒྲིག་འགོད”ཀྱི་ཁ་ཕྱེ་བ།

2.དཔེ་རིས1-1ལྟར། Officeམཐེབ་གནོན་ལ་ཆིག་རྡེབ་བྱས་ཏེ་ཐོན་པའི་གདམ་བྱང་དུ་བཀའ་བརྡ“པར་འདེབས”ཀྱི“པར་འདེབས་སྔོན་ལྟ”བདམས་ནས་པར་འདེབས་སྔོན་ལྟའི་དཔེ་རྣམ་ལ་བརྗེ་བ།

1.jpg

དཔེ་རིས1-1

3.ཁ་ཕྱེ་བའི་བྱང་བུ“པར་འདེབས་སྔོན་ལྟ”དཔེ་རི1-2ལྟར། “ཤོག་ངོས་སྒྲིག་འགོད”ཀྱི་མར་འཐེན་རེའུ་སྟར“པར་འདེབས་ནང་དོན”ནང་གི་བཀའ་བརྡ“ཁྲིད་ཟིན(ཤོག་ལྷེ་རེར་སྒྲོན་བརྙན3)”འདེམས་པ། དེའི་སྐབས་སྔོན་ལྟའི་སྒེའུ་ཁུང་ནང་དུ་མངོན་པའི་མཐོང་འབྲས་དཔེ་རིས1-3ལྟར་མངོན་པ་ཡིན།

2.jpg

དཔེ་རིས1-2

3.jpg

དཔེ་རིས1-3

4.སྔོན་ལྟ་བྱས་རྗེས་བྱང་བུ“པར་འདེབས་སྔོན་ལྟ”ནང་གི་མཐེབ་གནོན“པར་འདེབས་སྔོན་ལྟ་ཁ་རྒྱག”ལ་ཆིག་རྡེབ་བྱས་ཏེ། སྒྲོན་བརྙན་གྱི་སྤྱིར་བཏང་མཐོང་རིས་ལ་ཕྱིར་ལོག་པ།

5.མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”ལ་ཆིག་རྡེབ་བྱས་ནས། བཟོ་བཅོས་བྱས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།

མར་འགྲེམས་རེའུ་སྒྲོམ“པར་འདེབས་ནང་དོན”ནང་དུ་སྒྲོན་བརྙན་དང་ཁྲིད་ཟིན་སྒྲོན་བརྙན་གྱི་སྔོན་ལྟའི་འདེམས་ཚན་ཚུད་པ་ཕུད་ད་དུང་འདེམས་ཚན“ཟུར་མཆན་ཤོག་ལྷེ”དང“རྩ་འཛིན་མཐོང་རིས”ཚུད་ཡོད། དེ་ཚོའི་པར་འདེབས་སྔོན་ལྟའི་མཐོང་འབྲས་དཔེ་རིས1-4ལྟར་མངོན་པ་ཡིན།

4.jpg

དཔེ་རིས1-4

2 པར་འདེབས་མགོ་འཛུགས།

མིག་སྔའི་པར་འདེབས་སྒྲིག་འགོད་དང་སྔོན་ལྟའི་མཐོང་འབྲས་ལ་བློ་ཡིད་ཁེངས་རྗེས་པར་འཁོར་འབྲེལ་ནས་སྟོན་འགྲེམས་ཟིན་བྲིས་པར་འདེབས་མགོ་འཛུགས་ཆོག དཔེ་རིས1-5ལྟར། Officeམཐེབ་གནོན་ལ་ཆིག་རྡེབ་བྱས་ཏེ་ཐོན་པའི་གདམ་བྱང་དུ་བཀའ་བརྡ“པར་འདེབས”ཀྱི“པར་འདེབས”བདམ་ཏེ་གླེང་སྒྲོམ“པར་འདེབས”ཀྱི་ཁ་ཕྱེ་བ།

5.jpg

དཔེ་རིས1-5

དཔེ་རིས1-5ལྟར། གླེང་སྒྲོམ་གྱི་གདམ་ཁུལ“པར་འདེབས”ནང་གི་མར་འགྲེམས་རེའུ་སྒྲོམ“མིང”ནང་དུ་རྒྱུད་ཁོངས་ཀྱིས་རང་འགུལ་ངང་སོར་བཞག་པར་འཁོར་འདོན་སྤྱོད་བྱེད་པ་ཡིན། སྤྱོད་པ་པོས་རྩིས་འཁོར་ནང་དུ་པར་འཁོར་མང་པོ་སྒྲིག་འཇུག་བྱས་ཡོད་ཚེ་དགོས་མཁོར་གཞིགས་ནས་པར་འཁོར་མིང་འདེམས་དགོས། གདམ་ཁུལ“པར་འདེབས་ཁྱབ་ཁོངས”སུ་པར་འདེབས་ཁྱབ་ཁོངས་སྒྲིག་འགོད་བྱ་ཐུབ། རྒྱུད་ཁོངས་ཀྱིས་སོར་བཞག་ཐོག་མིག་སྔའི་སྟོན་འགྲེམས་ཟིན་བྲིས་ཀྱི་ནང་དོན་ཚང་མ་པར་འདེབས་བྱེད་པ་ཡིན། སྤྱོད་པ་པོས་མིག་སྔའི་སྒྲོན་བརྙན་འདེམས་ནས་པར་དུ་འདེབས་ཆོག་པ་དང་ཡིག་སྒྲོམ“སྒྲོན་བརྙན”ནང་དུ་པར་འདེབས་དགོས་པའི་སྒྲོན་བརྙན་གྱི་སྒྲིག་ཨང་ནང་འཇུག་བྱས་ཏེ་པར་འདེབས་བྱ་ཆོག་ལ། གདམ་ཁུལ“དཔར་གྲངས”ནང་དུ་མིག་སྔའི་སྟོན་འགྲེམས་ཟིན་བྲིས་ཀྱི་པར་འདེབས་པར་གྲངས་སྒྲིག་འགོད་ཀྱང་བྱ་ཆོག མར་འགྲེམས་རེའུ་སྒྲོམ“པར་འདེབས་ནང་དོན”ནང་དུ་སྒྲོན་བརྙན་དང་། ཁྲིད་ཟིན། ཟུར་མཆན། རྩ་འཛིན་མཐོང་རིས་སོགས་པར་འདེབས་བྱ་ཆོག་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།