སྨྱན་མང་གཟུགས་རྩིས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨྱན་མང་གཟུགས་རྩིས་འཁོར【multimedia computer】ཞེས་པ་ནི། སྐད་གདངས་དང་པར་རིས། འགུལ་བརྙན་སོགས་སྨྱན་གཟུགས་བརྡ་འཕྲིན་གཏོང་སའི་སྣ་འཛོམས་ཀྱི་རྩིས་འཁོར་ལ་ཟེར་བ་དང་། སྨྱན་མང་གཟུགས་རྩིས་འཁོར་ནི་སྤྱིར་བཏང་དུ་སྨྱན་མང་གཟུགས་མི་སྒེར་བའི་རྩིས་འཁོར(MPC)ལ་ཟེར་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多媒体计算机
ཕྱི་ཡིག་གི་མིང་།
multimedia computer
སྤྱོད་སྒོ།
སྨྱན་མང་གཟུགས་ཀྱི་ཆ་འཕྲིན་གྱིས་ཕྱོགས་ཡོངས་ལ་ཕན་ཁེ་བསྐྲུན་པ།
དོན་སྤྱི།
སྨྱན་མང་གཟུགས་མི་སྒེར་བའི་རྩིས་འཁོར།
1 རྩ་བའི་གནས་ཚུལ།

སྨྱན་མང་གཟུགས་རྩིས་འཁོར་ནི། གློས་ཆས་བཟོ་སྐྲུན་ཁང་གིས་ཞིབ་འཇུག་བཟོ་བསྐྲུན་བྱས་པའི་བརྙན་འཕྲིན་རྩིས་འཁོར(Teleputer)དང་རྩིས་འཁོར་བཟོ་སྐྲུན་ཁང་གིས་ཞིབ་འཇུག་བཟོ་བསྐྲུན་བྱས་པའི་རྩིས་འཁོར་བརྙན(Compuvision)འཕྲིན་ལ་ཟེར་བ་ཡིན།

2 འཕེལ་རྒྱས་ཀྱི་གོ་རིམ།

སྤྱི་ལོ1985 ལོར་ཆེས་ཐོག་མའི་སྨྱན་མང་གཟུགས་ཀྱི་རྩིས་འཁོར་བྱུང་བ་དང་། དེའི་བྱེད་ནུས་གཙོ་བོ་ནི་སྒྲ་རླབས་དང་འགུལ་བརྙན། རིས་དབྱིབས་དང་པར་རིས་སོགས་རྩིས་འཁོར་གྱིས་ཕན་ཚུན་ལ་བརྒྱུད་སྤྲོད་ཀྱི་རྣམ་པས་མཉམ་བསྡུ་བྱས་ཏེ་ཚོད་འཛིན་བྱེད་པའི་སྤྱིའི་ཐག་གཅོད་བྱེད་ཐབས་ཤིག་ཡིན། སྨྱན་མང་གཟུགས་རྩིས་འཁོར་དེ་སྤྱིར་བཏང་དུ་སྨྱན་མང་གཟུགས་ཀྱི་སྲ་ཆས་ངོས་སྟེགས་དང་སྨྱན་མང་གཟུགས་སྒྲིག་འགོད་མ་ལག རིས་དབྱིབས་འདྲེན་སྒོ སྨྱན་མང་གཟུགས་གཞི་གྲངས་གཏོང་བར་རམ་འདེགས་སུ་སྤྱོད་པའི་མཉེན་ཆས་མ་ལག་བཅས་ཀྱིས་གྲུབ་ཡོད། རྗེས་སུ་སྨྱན་མང་གཟུགས་རྩིས་འཁོར་དེ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། གཞུང་སྒྲུབ་ཆེད་སྤྱོད་རང་བཞིན་གྱི་ཁྱབ་ཁོངས་དང་། རྩིས་འཁོར་གཞོགས་འདེགས་བྱ་བ། སྨྱན་མང་གཟུགས་གཏོང་ཡུལ་དང་སློབ་གསོའི་ཁྱབ་སྒྲོག་སོགས་ཀྱི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

3 གྲུབ་ཚུལ།

(1) སྨྱན་མང་གཟུགས་ཀྱི PC འཕྲུལ་ཆས(MPC)ཡི་འགྲེལ་བ།

སྨྱན་མང་གཟུགས་རྩིས་འཁོར་གྱི་སྔོན་ལ། སྲོལ་རྒྱུན་གྱི་མངོན་ཆུང་རྩིས་འཁོར་དང་ཡང་ན་སྒེར་བས་སྤྱོད་པའི་ཡི་གེ་དང་ཨང་རྩིས་ཁོ་ནའི་ཚད་བཀག་ཅན་ཡིན་པ་དང་། དེས་རྩིས་འཁོར་བེད་སྤྱོད་ཀྱི་ཐོག་མའི་གོ་རིམ་ལས་བརྩི་ཐབས་མེད། ང་ཚོས་འདི་ནས་སྐབས་སུ་བབས་པའི་སྨྱན་མང་གཟུགས་ཀྱི PCའཕྲུལ་ཆས(MPC) གླེང་བར་བྱ་བ་ལ། འདིར་བརྗོད་པའི་སྨྱན་མང་གཟུགས་མི་སྒེར་གྱི་གློག་ཀླད(Multimedia Personal Computer, MPC)ནི་སྨྱན་མང་གཟུགས་ཀྱི་བཀོད་སྒྲིག་བྱེད་ནུས་ཀྱི་སྒེར་བའི་རྩིས་འཁོར་དེ་ཡིན་པ་དང་། དེའི་མཉེན་ཆས་ནི་སྤྱིར་བཏང་དུ་མི་སྒེར་གྱིས་སྤྱོད་པའི་རྩིས་འཁོར་ལས་གྲངས་ཀ་འགའ་ཡིས་མང་བ་ཙམ་མ་གཏོགས་དེ་དང་ཁྱད་པར་ཆེན་པོ་མེད།

3_1 རྨང་གཞིའི་སྒྲིག་བཀོད།

① ཆེས་ཉུང་ན་ཡང་བྱེད་ནུས་གཅིག་ནི་སྟོབས་ཆེ་བ་དང་མྱུར་ཚད་མགྱོགས་པའི་དཀྱིལ་དབུས་ཀྱི་སྒྲིག་འགོད་འཕྲུལ་ཆས་ཤིག་ཡིན་དགོས།

②འདྲེན་སྒོ་སྣ་ཚོགས་ཀྱི་སྒྲིག་ཆས་སྒྲིག་བཀོད་ལ་དོ་དམ་དང་ཚོད་འཛིན་བྱེད་དགོས།

③ ཤོང་ཚད་ངེས་ཅན་གྱི་གསོག་སྣོད་བར་སྟོང་ཡོད།  

④ དབྱེ་འབྱེད་ཀྱི་ནུས་པའི་འཆར་ངོས་འདྲེན་སྒོ་དང་སྒྲིག་ཆས་ཡོད་པ།

⑤ སྒྲ་གཏོང་གི་འདྲེན་སྒོ་དང་སྒྲིག་ཆས་བཀོད་སྒྲིག་བྱེད་པ།

⑥ འདྲ་གཟུགས་ཀྱི་འདྲེན་སྒོ་སྒྲིག་ཆས་བཀོད་སྒྲིག་བྱེད་པ།

⑦ གཞི་གྲངས་མང་བའི་སྡུད་གཏོང་ལ་བཀོད་སྒྲིག་བྱེད་པ།

3_2  གཞན་པའི་སྒྲིག་བཀོད།

① འོད་སྡེར་གཏོང་སྒུལ་འཕྲུལ་ཆས།

② སྒྲ་རླབས་བྱང་བུ།

③  པར་རིས་མྱུར་མགྱོགས་བྱང་བུ། 

④བརྙན་འགུལ་བྱང་བུ།

⑤  འདྲ་བཤུའི་བྱང་བུ།

⑥ བསྐྱར་དཔར་འཕྲུལ་ཆས་ཀྱི་མཐུད་སྒོ 

⑦ དྲ་ལམ་སྦྲེལ་མཐུད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།