ཁྱིམ་ཚང་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱིམ་ཚང་དཔལ་འབྱོར་རིག་པ།
ཁྱིམ་ཚང་དཔལ་འབྱོར་རིག་པ་ནི་དེང་རབས་དཔལ་འབྱོར་རིག་པའི་ཞིབ་འཇུག་དེ་ཞིབ་ཕྲའི་གནས་སུ་གཞུག་ཅིང་། ཁྱིམ་ཚང་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཡིན། ཁྱིམ་ཚང་དཔལ་འབྱོར་རིག་པས་གཙོ་བོ་ཁྱིམ་ཚང་གི་འཛད་སྤྱོད་དང་ཐོན་སྐྱེད། རྒྱུ་ནོར་དོ་དམ་སོགས་ཀྱི་དཔལ་འབྱོར་བྱ་བར་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། སྤྱི་ཚོགས་ཀྱི་གནས་ཚུལ་དབྱེ་ཞིབ་བྱ་བ་དང་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་གཞོགས་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
家庭经济学
རྒྱབ་ལྗོངས།
དེང་རབས་ཕྲ་མཐོང་དཔལ་འབྱོར་རིག་པའི་འཕེལ་ཕྱོགས་གསར་བ།
ཞིབ་འཇུག་ཁ་ཕྱོགས།
ཁྱིམ་ཚང་གི་འཛད་སྤྱོད། ཐོན་སྐྱེད་དང་རྒྱུ་ནོར་དོ་དམ།
བྱེད་ནུས།
སྤྱི་ཚོགས་གནས་ཚུལ་ལ་དབྱེ་ཞིབ་དང་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་པ།
1 རྒྱབ་ལྗོངས།

དེང་རབས་ཕྲ་མཐོང་དཔལ་འབྱོར་རིག་པའི་འཕེལ་ཕྱོགས་གསར་བ་ཞིག་ཡིན་ལ། དེའི་ཞིབ་འཇུག་དཔལ་འབྱོར་རིག་པ་ནས་ཁྱབས་ཁོངས་གཞན་དུ་རྒྱ་བསྐྱེད་ཅིང་། སྤྱི་ཚོགས་རིག་པ་དང་འབྲེལ་བའི་ཁྱབ་ཁོངས་སུ་ཡོད། རིག་ཚན་འདིའི་ཚབ་མཚོན་མི་སྣ་ནི་ཨ་རིའི་དཔལ་འབྱོར་རིག་པ་བ་དང་སྤྱི་ཚོགས་རིག་པ་བ་ཅཱ་ལི་པེ་ཁུ་ཨེར(Garys Becker)ཡིན། ཁོས་ཕྲ་མཐོང་དཔལ་འབྱོར་རིག་པའི་ཐབས་ལམ་དེ་གསར་གཏོད་རང་བཞིན་གྱིས་བེད་སྤྱོད་བཏང་སྟེ། སྤྱི་ཚོགས་གནད་དོན་མང་པོ་ཞིག་དབྱེ་ཞིབ་བྱས་པར་ལེགས་འགྲུབ་བྱུང་བ་དང་། 1992ལོར་དཔལ་འབྱོར་རིག་པའི་ནུའོ་པེ་ཨེར་བྱ་དགའ་ཐོབ་ཅིང་། ཁྱིམ་ཚང་སྤྱི་ཚོགས་བྱ་སྤྱོད་ཀྱིས་སྲོལ་འབྱེད་མཁན་ཡིན། པེ་ཁུ་ཨེར་གྱི་བཞེད་དགོངས་ལས་དུས་ཚོད་ཀྱི་གོ་སྐབས་མ་རྩའི་དོན་སྤྱི་དྲངས་པ་དང་། ཁྱིམ་ཚང་བྱ་སྤྱོད་ལ་ཞིབ་འཇུག་རྒྱ་ཆེན་པོ་བྱས་པ་རེད། དཔེར་ན། གཉེན་སྒྲིག་ཚོང་ར་དང་ཁྱིམ་ཚང་ངལ་ལས་བགོ་བྱའི་གནད་དོན་སོགས།

2 ཞིབ་འཇུག་བྱ་ཡུལ།

པཱེ་ཁེ་ཨེར་གྱིས་ཁྱིམ་ཚང་བྱ་འགུལ་ནི་འཛད་སྤྱོད་བྱ་བ་རྐྱང་རྐྱང་ཞིག་མ་ཡིན་པར། དེ་ནི་ཐོན་སྐྱེད་བྱ་བ་ཞིག་ཡིན་ལ། དེས་ཐོན་སྐྱེད་གང་རུང་ཞིག་གི་དགོས་མཁོ་ཡང་སྐོང་གི་ཡོད། ཐོན་སྐྱེད་ཀྱི་བྱ་བ་གང་ཞིག་ཡིན་ཡང་དེ་དག་ནི་ཐོན་སྐྱེད་བྱས་པ་ལས་འཛད་གྲོན་གྱི་དགོས་མཁོ་ལྟར་མ་དངུལ་གཏོང་བའི་ཚོགས་པ་ཞིག་ཏུ་བལྟས་ཆོག་པ་ཡིན། ཁྱིམ་ཚང་གིས་རང་ཉིད་ཀྱི་དགོས་འདོད་ཐམས་ཅད་འགྲུབ་པར་བྱ་བའི་ཆེད་དུ། ཁྲོམ་ར་ནས་ཉོས་འོང་བའི་འཛད་སྤྱོད་རང་བཞིན་ལྡན་པའི་ཚོང་ཟོང་སྣ་ཚོགས་དང་། ཁྱིམ་ཚང་གི་ཐོན་སྐྱེད་ལ་དགོས་མཁོ་ཡོད་པའི་ཐོན་སྐྱེད་རྒྱུ་ཆའི་རང་བཞིན་གྱི་ཚོང་ཟོང་དག་དེ་འཚམ་གྱི་བེད་སྤྱོད་གཏོང་བ་དང་། དེ་དང་མཉམ་དུ་དུས་ཚོད་ཀྱི་ཐོན་ཁུངས་སོགས་བེད་སྤྱོད་གཏོང་གི་ཡོད་པ་ཞིག་ཡིན།

3 ཁྱིམ་མིའི་ལས་ཞུགས་ཀྱི་ཐབས་ཇུས།

ཁྱིམ་ཚང་ནི་འཛད་སྤྱོད་བྱེད་པའི་ལས་ཁུངས་ཤིག་ཡིན་ལ། ཐོན་སྐྱེད་བྱེད་པའི་ལས་ཁུངས་ཤིག་དང་མ་དངུལ་གཏོང་བའི་ལས་ཁུངས་ཤིག་ཀྱང་ཡིན། ཡང་ན་ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་གཙོ་གཞི་ཞིག་ཡིན་ཞེས་བརྗོད་ཀྱང་ཆོག དེ་ནི་པཱེ་ཁེ་ཨེར་གྱིས “ཁྱིམ་ཚང་ནི་དོན་དངོས་སུ་རྣམ་པ་ཆུང་བའི་ཐོན་སྐྱེད་ལས་ཁུངས་ཤིག་ཡིན་ཞིང་། དེས་མ་རྩ་ཕྱོགས་བསྡུས་དང་། མ་བཅོས་རྒྱུ་ཆ་དང་ངལ་རྩོལ་བེད་སྤྱོད་བྱེད་པ། གཞན་པའི་སྤྱོད་རུང་གི་ཐོན་རྫས་ཐོན་སྐྱེད་བྱེད་པ་ཞིག་ཡིན” ཞེས་བརྗོད་ཡོད།  སྔོན་དུ་བཤད་པ་ལྟར། ང་ཚོས་དུས་ཚོད་ཀྱི་མ་གནས་དང་ཁྲོམ་རའི་ཚོང་ཟོང་གི་མ་གནས་ལ་འདྲ་མཉམ་གྱིས་ལྟ་དུས། སྲོལ་རྒྱུན་གྱི་བྱ་བ་བྱེད་སྒང་དང་ངལ་གསོའི་བར་གདམ་གསེས་བྱེད་པའི་གཞུང་ལུགས་ལ་ནང་དོན་གསར་བ་ཞུགས་ཡོད། དེས་ཁྲོམ་རའི་ནང་དུ། ཁྱིམ་ཚང་གིས་ཐོན་སྐྱེད་བྱེད་པ་དང་ངལ་གསོའི་བར་གྱི་གདམ་གསེས་ལ་ཞིབ་འཇུག་བྱེད་ཀྱི་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-30

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།