གློག་བརྙན་བརྡ་ཁྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རི་དང་ཡོ་རོབ་གླིང་། ཉི་ཧོང་། ལྷོ་ཨ་མེ་རི་ཁ་རྒྱལ་ཁབ་སོགས་སུ་གློག་བརྙན་སྨྱན་སྦྱོར་གྱི་བརྡ་ཁྱབ་སྤྱོད་ཀྱི་ཡོད་ལ། དེ་ནི་བརྙན་འཕྲིན་དང་ཚགས་དེབ་སོགས་གཞན་པའི་བརྡ་ཁྱབ་ཀྱི་རྣམ་པ་ལས་བཀོལ་རྒྱ་ཆེ་བ་ཡིན། གློག་བརྙན་ནི་དུས་རབས་ཉི་ཤུ་བའི་ནང་དུ་ཤུགས་རྐྱེན་ཆེས་ཆེ་བའི་རིག་གནས་སྣ་འཛོམས་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་བརྒྱུད་ནས་མིའི་རིགས་སྤྱི་ཚོགས་ཀྱི་འཚོ་བ་དང་ནང་སེམས་ཀྱི་འཇིག་རྟེན་མཚོན་གྱི་ཡོད་ཅིང་། ལྟ་མཁན་རྣམས་ཀྱིས་གློག་བརྙན་ལས་མཐོང་པ་ནི་མི་སེམས་འགུག་ཐུབ་པའི་གཏམ་རྒྱུད་ཙམ་དང་། ཡིད་དུ་འོང་བའི་འཁྲབ་སྟོན་པ་གྲགས་ཅན་ཁོ་ན་ཙམ་མ་ཡིན་པར། ས་ཁུལ་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ལྟ་ཚུལ་སོགས་ཀྱང་ཚུད་ཡོད་པ་ཞིག་ཡིན་པས། དེ་ཆེས་རྒྱ་ཆེ་བ་དང་ཆེས་ཞིབ་ཚགས་ཀྱི་སྒོ་ནས་མཚོན་ཐུབ་པའི་ཆ་འཕྲིན་གྱི་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电影广告
རང་བཞིན།
བརྡ་ཁྱབ་ཀྱི་རྣམ་པ།
དོན་འགྲེལ།
གློག་བརྙན་གྱིས་སྨྱན་བྱེད་པའི་བརྡ་ཁྱབ།
1 བསྡུས་འགྲེལ།

གློག་བརྙན་ནི་རིག་གནས་གང་རུང་གི་ཐོན་རྫས་ཡིན་ལ།  སྨྱན་ཆས་རིགས་ཤིག་ཀྱང་ཡིན། ཨ་རི་དང་ཡོ་རོབ་གླིང་། ཉི་ཧོང་། ལྷོ་ཨ་མེ་རི་ཁ་རྒྱལ་ཁབ་སོགས་སུ་གློག་བརྙན་སྨྱན་སྦྱོར་གྱི་བརྡ་ཁྱབ་སྤྱོད་ཀྱི་ཡོད་ལ། དེ་ནི་བརྙན་འཕྲིན་དང་ཚགས་དེབ་སོགས་གཞན་པའི་བརྡ་ཁྱབ་ཀྱི་རྣམ་པ་ལས་བཀོལ་རྒྱ་ཆེ་བ་ཡིན།

སྒྲ་ཡངས་འཇུག་གི་གློག་བརྙན་བརྡ་ཁྱབ་ནི་གློག་བརྙན་ལས་བྱུང་བའི་སྨྱན་ཆས་རྟེན་གཞིར་གྱུར་བའི་བརྡ་ཁྱབ་ཀྱི་རྣམ་པ་ཞིག་ཡིན།

2 རིགས་དབྱེ།
2_1 བརྡ་ཁྱབ་ཀྱི་དམིགས་ཡུལ་ལྟར་དབྱེ་ན།

(1) གློག་བརྙན་སྒྲིག་སྦྱོར་གྱི་དམིགས་ཡུལ་གློག་བརྙན་རང་ཉིད་བརྒྱུད་སྒྲོག་བྱེད་པ་དམིགས་ཡུལ་དུ་བཟུང་བའི་བརྡ་ཁྱབ་ཀྱི་རིགས་ཤིག་ཡིན།

(2) གློག་བརྙན་སྒྲིག་གཞིའི་བརྡ་ཁྱབ་གཙོ་བོ་མ་ཡིན་པར། ཚོང་ཟོང་དང་ཞབས་ཞུ། ཚོང་རྟགས། བྱ་འགུལ་སོགས་མཁོ་འདོན་བྱེད་པ་དམིགས་ཡུལ་དུ་བཟུང་བའི་བརྡ་ཁྱབ་ཀྱི་རིགས་ཤིག་ཡིན།

2_2 མཚོན་ཐབས་ཀྱི་རྣམ་པའི་སྒོ་ནས་དབྱེ་ན།

(1) གློག་བརྙན་ནང་གནས་ཀྱི་མཉེན་ཆས་བརྡ་ཁྱབ།

(2) གློག་བརྙན་སྟོན་པའི་སྐབས་སུ་བར་འཇུག་བྱས་པའི་བརྡ་ཁྱབ།

2_3 ལས་གཉེར་གྱི་ཐབས་ལམ་སྟེང་ནས་དབྱེ་ན།

(1) བརྙན་འཁོར་གྱི་སྟེང་དུ་སྦྱར་བའི་བརྡ་ཁྱབ།

(2) གློག་བརྙན་ཁང་དུ་སྦྱར་བའི་བརྡ་ཁྱབ།

3 བྱེད་ནུས།  

གློག་བརྙན་སྨྱན་རྫས་ཀྱི་ཆ་འཕྲིན་དག་ངག་ནས་ངག་བརྒྱུད་དེ་རྒྱུན་མ་ཆད་པར་གོང་འཕེལ་རྒྱ་ཆེར་སོང་སྟེ། དུས་ཡུན་རིང་བོར་བྱེད་ནུས་འདོན་ཐུབ་པར་གྱུར། འཛད་སྤྱོད་པས་ཐོན་རྫས་དང་ཞབས་ཞུའི་རིགས་ཤིག་ཉོ་སྒྲུབ་བྱེད་པའི་འདོད་མོས་ཀྱི་བྱུང་བ་ནི་སེམས་ཀྱི་བྱ་བྱེད་ཅིག་ཡིན་ལ། གློག་བརྙན་གྱིས་འཛད་སྤྱོད་པའི་སེམས་ཀྱི་འདོད་མོས་འགྲུབ་པར་བྱེད་པའི་ཀུན་སློང་འབྱུང་བར་སྐུལ་མ་ཐེབས་ཐུབ་། དེ་དག་ལས་གློག་བརྙན་ནང་གི་འཁྲབ་ཆས་ཀྱི་རྣམ་པས་བྱུང་བའི་བརྡ་ཁྱབ་ནི་གཞན་ལས་ལྷག་པའི་བྲིན་ཚོང་ཉམས་ཞིབ་བྱེད་པ་ཞིག་ཡིན་ཞིང་། དེས་འཛད་སྤྱོད་པར་བརྗེད་དུ་མི་བཏུབ་པའི་མྱོང་རོལ་ཐེངས་ཤིག་བྱིན་པ་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།