ཁེ་ལས་རྩིས་གཉེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁེ་ལས་རྩིས་གཉེར།
དེ་ནི་རྩིས་གཉེར་གྱི་ཡན་ལག་གལ་ཆེན་ཞིག་ཡིན། ཁེ་ལས་མ་དངུལ་གྱི་འཁོར་སྐྱོད་དང་ཡོང་ཁུངས། ཁེ་ལས་ཀྱི་མ་གནས་དང་འགྲོ་སོང་། ཚོང་གཉེར་ལས་ཐོབ་པའི་ནོར་དོན་གྲུབ་འབྲས་བཅས་སུ་རྩིས་བཤེར་དང་ལྟ་སྐུལ་བྱེད་ཅིང་། དེར་བརྟེན་ནས་ཐོབ་ཤོར་ལ་དབྱེ་ཞིབ་དང་། ལས་གཉེར་དོ་དམ་ལེགས་བཅོས། དཔལ་འབྱོར་ཁེ་ཕན་མཐོ་རུ་གཏོང་བ་བཅས་ཀྱི་དོ་དམ་བྱ་བ་ཞིག་ཡིན། ཁེ་ལས་ཀྱི་ངོ་བོ་ལྟར་ན། ཚོང་ལས་ཁེ་ལས་ཀྱི་རྩིས་གཉེར་དང་བཟོ་ལས་ཁེ་ལས་ཀྱི་རྩིས་གཉེར། ཞིང་ལས་ཁེ་ལས་ཀྱི་རྩིས་གཉེར། ཨར་ལས་ཁེ་ལས་ཀྱི་རྩིས་གཉེར། འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱི་རྩིས་གཉེར་སོགས་སུ་དབྱེ་ཡོད་པ་དང་། རྩིས་གཉེར་གྱི་ནང་དོན་དང་གཙོ་གནད་ལྟར་ན། ནོར་དོན་རྩིས་གཉེར་དང་དོ་དམ་རྩིས་གཉེར་གཉིས་སུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
企业会计
བསྒྲུབ་བྱ་དང་པོ།
བཟོ་ལས་དང་ཞིང་ལས་ཁེ་ལས་ཀྱི་རྩིས་གཉེར།
བསྒྲུབ་བྱ་གཉིས་པ།
དབང་བའི་ལམ་ལུགས་མི་གཅིག་པའི་ཁེ་ལས།
བསྒྲུབ་བྱ་གསུམ་པ།
མ་རྩ་རིང་ལུགས་ཀྱི་ཁེ་ལས།
1 མཚམས་སྦྱོར་གནད་བསྡུས།

ཁེ་ལས་རྩིས་གཉེར་ནི་ཁེ་ལས་གཙོ་གཞིར་བཟུང་ཞིང་། དེའི་ལས་གཉེར་མ་དངུལ་གྱི་འཁོར་སྐྱོད་དམིགས་བྱ་རུ་འཛིན་པ་ཞིག་ཡིན། དཔལ་འབྱོར་ཕན་འབྲས་མཐོ་རུ་གཏོང་བ་དམིགས་འབེན་དུ་བྱས་པའི་དོ་དམ་བྱ་བ་ཞིག་ཡིན། དེ་ནི་སྲིད་གཞུང་དང་ཁེ་གཉེར་མ་ཡིན་པའི་རྩ་འཛུགས་དང་མི་འདྲ་ཞིང་། ཁེ་ལས་ཀྱི་གསར་བསྐྲུན་དང་འཚོ་གནས་ཡིས་སྐྱེད་ཀ་ཐོབ་པ་རྩ་བའི་དམིགས་ཡུལ་བཟུང་བ་ཞིག་ཡིན། དེ་བས། ཁེ་ལས་དོ་དམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བའི་ཁེ་ལས་རྩིས་གཉེར་ཡིས་ཁེ་ལས་ཀྱི་དམིགས་ཡུལ་ཏེ་ཁེ་ཕན་རག་ཐུབ་པར་ཞབས་ཞུ་བསྒྲུབ་དགོས།

2 ཁྱད་ཆོས་གཙོ་བོ།

ཁེ་ལས་རྩིས་གཉེར་གྱི་ཁྱད་ཆོས་གཙོ་བོ་ནི།

གཅིག་ནས་ཁེ་ལས་ཀྱི་ཁེ་ཕན་རག་པའི་ནུས་པ་དང་བུན་འཇལ་ནུས་པའི་ཐད་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ཏེ། མ་དངུལ་གཏོང་མཁན་དང་བུན་བདག་གི་ཐད་ཇུས་དགོས་མཁོ་སྐོང་བ།

གཉིས་ནས་ཁེ་ལས་ནང་ཁུལ་དོ་དམ་གྱི་ཕྱོགས་ནས་ཐོན་ཁུངས་བེད་སྤྱོད་ཕན་འབྲས་ཡིས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་མཐོར་འདེགས་གཏོང་བར་ཞབས་ཞུ་སྒྲུབ་པ་ཡིན།  ཁེ་ལས་དོ་དམ་ལ་འབྲེལ་ཡོད་ཀྱི་བརྡ་འཕྲིན་མཁོ་སྤྲོད་བྱ་དགོས་པར་མ་ཟད། ད་དུང་དཔལ་འབྱོར་སྔོན་དཔག་གི་བྱ་བ་བསྒྲུབ་དགོས་ཤིང་། ཁེ་ལས་འཆར་གཞི་དང་སྔོན་རྩིས་གཏན་འཁེལ་བྱ་དགོས་ལ། དཔལ་འབྱོར་ཐབས་ཇུས་ཁྲོད་ཞུགས་དགོས།

གསུམ་ནས་འགན་དབང་ལམ་ལུགས་དེ་རྩིས་ཐོ་འགོད་པའི་རྨང་གཞིར་བྱས་ནས་ཁེ་གྱོང་ཡང་དག་པར་རྩིས་བཤེར་བྱ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།