སྤྱི་ཚོགས་གྲུབ་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་གྲུབ་ཚུལ།
སྤྱི་ཚོགས་གྲུབ་ཚུལ་ནི་སྤྱི་ཚོགས་རིག་པའི་ནང་རྒྱུན་སྤྱོད་ཆེ་བའི་བརྡ་ཆད་ཅིག་ཡིན། འོན་ཀྱང་གོ་དོན་གསལ་བོ་ཞིག་གཏན་ཁེལ་བྱས་མེད། དང་ཐོག་དུས་རབས20མགོར་རྒྱ་ཡིག་གི་སྤྱི་ཚོགས་རིག་པ་འགྲུབ་བཞིན་པའི་དུས་སུ་བྱུང་བ་ཞིག་རེད། ནུབ་ཕྱོགས་སྤྱི་ཚོགས་གཞུང་ལུགས་ཀྱི་སྐད་ཡིག་ཁོར་ཡུག་ནང་སྤྱི་ཚོགས་གྲུབ་ཚུལ་ལ་དུས་རྒྱུན་དུ་སྤྱི་མཚན་རིམ་པའི་ཐད་བཀོལ་སྤྱོད་བྱེད་བཞིན་ཡོད་དེ། ཁེར་ཚིགས་ཀྱི་རང་འགུལ་རང་བཞིན་གྱི་མི་ཡིས་ཕྱིའི་ཁོར་ཡུག་ཡོངས་ལ་ཚོད་འཛིན་བྱེད་པ་སྟོན་པ་རེད། དུས་རྒྱུན་རང་འགུལ་ནུས་པ་དང་བཀོལ་སྤྱོད་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会结构
ངོ་བོ།
སྤྱི་ཚོགས་རིག་པའི་མིང་བརྡ།
ཁྱབ་ཁོངས།
སྤྱི་ཚོགས་རིག་པ།
ཁྱད་ཆོས།
རང་འགུལ་ནུས་པ།
1 ངོ་སྤྲོད་རགས་བསྡུས།

སྤྱི་ཚོགས་གྲུབ་ཚུལ(social structure)ནི་རྒྱལ་ཁབ་གཅིག་གམ་ཚོ་བ། ཚོ་རིགས་སམ་ས་ཁུལ་ངེས་ཅན་ཞིག་གི་ཐོན་ཁུངས་ལ་བདག་དབང་དང་གོ་སྐབས་ཡོད་པའི་སྤྱི་ཚོགས་ཚོགས་མིའི་གྲུབ་སྟངས། དེའི་འབྲེལ་བ་ཆགས་སྟངས་དང་། རིགས་ཚོགས་ཀྱི་གྲངས་ཚད་གྲུབ་ཚུལ་དང་ཁྱིམ་ཚང་གྲུབ་ཚུལ། སྤྱི་ཚོགས་རྩ་འཛུགས་གྲུབ་ཚུལ། གྲོང་རྡལ་གྲུབ་ཚུལ་དང་ས་ཁུལ་གྲུབ་ཚུལ། ལས་ཞུགས་སམ་ལས་བགོ་གྲུབ་ཚུལ། ཡོང་འབབ་བགོ་བཤའི་གྲུབ་ཚུལ་དང་འཛད་སྤྱོད་གྲུབ་ཚུལ། སྤྱི་ཚོགས་རིམ་གྲས་གྲུབ་ཚུལ་སོགས་ཡན་ལག་གྲུབ་ཚུལ་གཙོ་བོ་འགའ་སྤྱི་ཚོགས་གྲུབ་ཚུལ་ནང་འདུ་བ་རེད། དེ་ལས་སྤྱི་ཚོགས་རིམ་གྲས་གྲུབ་ཚུལ་ནི་དཀྱིལ་སྙིང་ཡིན། སྤྱི་ཚོགས་གྲུབ་ཚུལ་ལ་རྙོག་འཛིང་རང་བཞིན་དང་སྤྱི་ཡོངས་རང་བཞིན། གོ་རིམ་རང་བཞིན་དང་ལྟོས་བཅས་ཀྱི་བདེ་འཇགས་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན།

2 གྲུབ་ཆ།

སྤྱི་ཚོགས་གྲུབ་ཚུལ་གྱི་ནང་དོན་ནི་དོན་དངོས་སུ་སྤྱི་ཚོགས་ཀྱི་གཙོ་གནས་ཏེ། སྲོག་ཆགས་དང་དེའི་འཚོ་གནས་བྱེད་སྒོ  སྤྱི་ཚོགས་བྱེད་སྒོ་དང་སྤྱི་ཚོགས་འབྲེལ་བའི་གནས་ཡོད་རྣམ་པ་ཡིན། སྤྱིར་བཏང་གི་རྣམ་པ་དྲུག་ཙམ་ཡོད།

(1) རིགས་ཚོགས་གྲངས་ཚད་ཀྱི་གྲུབ་ཚུལ།

(2) ཚོགས་སྤྱི་འདྲེས་པའི་གྲུབ་ཚུལ།

(3)བྱེ་བྲག་གི་བྱེད་སྒོའི་གནས་ཡུལ་གྲུབ་ཚུལ། སྤྱི་ཚོགས་ནང་ཁོངས་གཏོགས་ཚོགས་སྤྱིའི་རིམ་གྲས།

(4)དངོས་རིགས་རང་གི་འཚོ་གནས་ས་ཁོངས་ཀྱི་བར་སྟོང་གྲུབ་ཚུལ།

(5)འཚོ་བའི་རྣམ་པ་གྲུབ་ཚུལ།

(6)སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད། ཁྲིམས་ལུགས་དང་རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཁྱབ་ཁོངས་ཀྱི་གྲུབ་ཚུལ་དང་དེའི་ཕན་ཚུན་འབྲེལ་བ་སོགས།

3 དམིགས་ཚད་གཙོ་བོ།

རིགས་ཚོགས་གྲངས་ཚད་གྲུབ་ཚུལ་དང་ཁྱིམ་ཚང་གྲུབ་ཚུལ། རྩ་འཛུགས་གྲུབ་ཚུལ་དང་ལས་ཞུགས་སམ་བགོ་བཤའི་གྲུབ་ཚུལ། ཡོང་འབབ་གྲུབ་ཚུལ་དང་གྲོང་རྡལ་གྲུབ་ཚུལ། ས་ཁུལ་གྲུབ་ཚུལ་དང་རིམ་གྲས་གྲུབ་ཚུལ་སོགས་དམིགས་ཚད་གཙོ་བོ་དགུ་ཡོད་པ་ཡིན་ནོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།