ཁེ་ལས་བརྡ་ཁྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁེ་ལས་བརྡ་ཁྱབ་ནི་ཐོན་སྐྱེད་རྒྱུ་ཆའི་ནང་དོན་ཅན་གྱི་བརྡ་ཁྱབ་ཡིན་ལ། དེ་ནི་གཙོ་བོ་བཟོ་ལས་ཁེ་ལས་བརྒྱུད་སྒྲོག་དང་འབྲེལ་བ་ཡོད་པའི་མ་བཅོས་རྒྱུ་ཆ་དང་འཕྲུལ་ཆས་རྒྱུ་ཆ། ལྷུ་ལག་སོགས་ཐོན་སྐྱེད་རྒྱུ་ཆའི་བརྡ་འཕྲིན་གྱི་རིགས་ཡིན། སྤྱིར་བཏང་དུ་ཆེད་ལས་ཅན་གྱི་སིལ་དེབ་དང་ཆེད་ལས་ཅན་གྱི་སྨྱན་ཆས་བེད་སྤྱད་དེ་ཆ་འཕྲིན་བརྡ་ཁྱབ་ཁྱབ་སྒྲོག་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
企业公告
ཕྱི་ཡིག་གི་མིང་།
Announcements
རང་བཞིན།
དཔལ་འབྱོར་རིག་པའི་མིང་བརྡ། ཁྱབ་རྒྱ་ཆེ་བའི་ཁྱད་ཆོས། གསར་འགྱུར་གྱི་རང་བཞིན།
1 བརྡ་ཁྱབ་ཀྱི་གོ་དོན།

ཁེ་ལས་བརྡ་ཁྱབ་ནི་བརྡ་ཁྱབ་གཙོ་བོར་བཟུང་པ་ཞིག་ཡིན་ལ། འགྲོ་སོང་ངེས་ཅན་གཏོང་དགོས་པ་ཞིག་ཀྱང་ཡིན། དེ་ནི་མི་མང་ལ་དམིགས་ནས་བརྒྱུད་སྒྲོག་བྱས་པའི་ཚོང་ཟོང་དང་ཉོ་མཁན་ལ་ཐོབ་འོས་པའི་ཁེ་ཕན་གྱི་བརྡ་འཕྲིན་ཞིག་ཡིན་ལ། དེ་བཞིན་ཁེ་ལས་ཚོང་ཟོང་ཉོ་ཚོང་དམིགས་ཡུལ་གྱི་བརྡ་འཕྲིན་བརྒྱུད་སྒྲོག་བྱ་འགུལ་ལ་སྐུལ་སྤེལ་ཐེབས་པ་ཞིག་ཀྱང་ཡིན།

2 བརྡ་ཁྱབ་ཀྱི་སྤྱོད་སྒོ།

བརྡ་ཁྱབ་ལག་ལེན་གྱི་ཁྲོད་དུ། ཐད་ཀར་ཐོན་རྫས་མཁོ་འདོན་དང་ཞབས་ཞུ་བྱེད་པའི་ཁེ་ལས་སྣང་བརྙན་གྱི་བརྡ་ཁྱབ་འདུ་ལ། དེའི་ནང་དོན་ནི་ཐད་ཀར་འགྲེམས་སྟོན་བྱེད་པ་དང་། ཚོང་ཟོང་མཚམས་སྦྱོར་བྱེད་པ་ཞིག་མིན་པར། ཚོང་ཟོང་དང་ཚོང་རྟགས། ཡང་ན་ཁེ་ལས་སྤྱིའི་རྣམ་པ་བཟོ་བསྐྲུན་བྱས་པའི་རྣམ་པ་བརྒྱུད། དུས་ཡུན་རིང་པོའི་སྲ་བརྟན་དང་འཕེལ་རྒྱས་ཀྱི་རྣམ་པ་འདི་ལས་འཛད་སྤྱོད་པའི་དགའ་མོས་ལ་རྒྱབ་སྐྱོར་ཐོབ་ཐུབ་བྱེད་པ་ཞིག་ཡིན། ཁེ་ལས་ཀྱི་ཐོན་རྫས་ལ་གསར་བརྗེ་གང་འདྲ་བྱུང་ཡང་། བརྡ་ཁྱབ་ཀྱིས་དུས་ནམ་ཡང་འཛད་སྤྱོད་པའི་ཁེ་ལས་དེ་ལ་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་བྱ་དགོས་པ་ཡིན། དེ་བས་རྣམ་པའི་བརྡ་ཁྱབ་དེ་ད་ལྟའི་ཁེ་ལས་ཀྱི་ཉོ་ཚང་ལམ་བུར་ཁ་གཏད་པ་ཁོ་ན་ཞིག་མིན་པར། དེས་མ་འོངས་པའི་ཉོ་ཚོང་གི་ཁ་ཕྱོགས་ལ་གྲ་སྒྲིག་བྱེད་པ་ཞིག་ཀྱང་ཡིན་པས། དེའི་སྤྱོད་སྒོ་གཤམ་གསལ་ཕྱོགས་འགའ་ལས་མཚོན་ཐུབ་སྟེ།

(1) ཁྲོམ་རའི་ཉོ་ཚོང་གི་བྱེད་ནུས། 

(2) བརྒྱུད་སྒྲོག་གི་བྱེད་ནུས། 

(3) དཔལ་འབྱོར་གྱི་བྱེད་ནུས། 

(4)འཕེལ་འགྱུར་གྱི་བྱེད་ནུས། 

(5)  ཕྱོགས་སྟོན་གྱི་བྱེད་ནུས།  

(6)སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།