སྣང་ཚུལ་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྣང་ཚུལ་སྤྱི་ཚོགས་རིག་པ།
སྣང་ཚུལ་སྤྱི་ཚོགས་རིག་པ་ནི་དུས་རབས20ལོ་རབས60རྗེས་སུ་ཨ་རི་ནས་དར་བའི་རང་བྱུང་རིང་ལུགས་ཁས་མི་ལེན་པའི་སྤྱི་ཚོགས་རིག་པའི་གཞུང་ལུགས་ཤིག་ཡིན། ཚབ་མཚོན་མི་སྣ་ནི་ཨ་རི་ལ་གནས་སྤོར་བྱས་པའི་ཨོ་དེ་ལེ་གཏན་ཚིགས་རིག་པ་བ་དང་སྤྱི་ཚོགས་རིག་པ་བ A ཧྲོ་ཚི་དང་། དམངས་སྲོལ་རིག་པ་དར་སྤེལ་གཏོང་མཁན་གྱི་ཨ་རིའི་སྤྱི་ཚོགས་རིག་པ་བ H ཇ་ཧྥིན་ཁར་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
现象学社会学
འདོན་སྤེལ་དུས་ཚོད།
དུས་རབས20ལོ་རབས60
འདོན་སྤེལ་མཁན།
Aཧྲོ་ཚི་སོགས་ཡིན།
བསླབ་ཚན་བཀོལ་སྤྱོད།
སྤྱི་ཚོགས་རིག་པ།
1 ངོ་སྤྲོད།

སྣང་ཚུལ་སྤྱི་ཚོགས་རིག་པ་དེས་རང་བྱུང་རིང་ལུགས་སྤྱི་ཚོགས་རིག་པའི་གཞུང་ལུགས་གྱི་ལྟ་ཚུལ་ཁས་མི་ལེན་པའི་ཆ་ནི། སྲོལ་རྒྱུན་སྤྱི་ཚོགས་རིག་པའི་ཐབས་ལམ་དང་གོ་རིམ་གྱི་དོགས་སློང་བྱས་པ་དེ་ཡིན། མིའི་རང་སྣང་འདུ་ཤེས་དང་མྱོང་བྱ། དུས་ཚོད་སོགས་ཀྱི་གནད་དོན་བཏོན་པ་དེ་རེད། འཛམ་གླིང་གི་སྐད་ཡིག་དང་གོ་དོན་གནད་དོན་ཞིབ་བརྗོད་ནན་མོ་བྱས་པ་རེད། མི་རྣམས་ཀྱི་བློ་འབྱེད་དང་དཔྱད་གཞིའི་བྱེད་ནུས་ཡོད། དེ་ངོ་བོ་ཐད་ནས་སྐྱོན་ཆ་ཆེན་པོ་ཡོད་པ་སྟེ། སྤྱི་ཚོགས་ཤེས་རྟོག་ཁྲོད་འདུ་ཤེས་དང་གོ་དོན་འུད་བརྗོད་བྱེད་པའི་རང་སྣང་རྒྱུ་རྐྱེན་གྱི་བྱེད་ནུས་ལྡན་པས། རང་སྣང་སེམས་གཙོ་རིང་ལུགས་ཀྱི་ང་གཙོ་སྨྲ་བ་བྱུང་བ་རེད།

དུས་རབས20ལོ་རབས60རྗེས་སུ་ཨ་རི་ནས་དར་བའི་རང་བྱུང་རིང་ལུགས་ཁས་མི་ལེན་པའི་སྤྱི་ཚོགས་རིག་པའི་གཞུང་ལུགས་ཤིག ཚབ་མཚོན་མི་སྣ་ནི་ཨ་རི་ལ་གནས་སྤོར་བྱས་པའི་ཨོ་དེ་ལེ་གཏན་ཚིགས་རིག་པ་བ་དང་སྤྱི་ཚོགས་རིག་པ་བAཧྲོ་ཚི་དང་། དམངས་སྲོལ་རིག་པ་དར་སྤེལ་གཏོང་མཁན་གྱི་ཨ་རིའི་སྤྱི་ཚོགས་རིག་པ་བ H ཇ་ཧྥིན་ཁར་སོགས་ཡིན། ཧྲོ་ཚིའི་སྔོན་ལ། འཇར་མན་གྱི་སྤྱི་ཚོགས་རིག་པ་བ A ཧྥེར་ཁན་ཏི་ཡིས་སྔོན་སྣང་ཚུལ་རིག་པའི་ཐབས་ལམ་གྱིས་སྤྱི་ཚོགས་ལ་ཞིབ་འཇུག་བྱས་པ་རེད། སྤྱི་ཚོགས་རིག་པའི་གཞུང་ལུགས་ཞིག་ཡིན་པའི་ཆ་ནས། སྣང་ཚུལ་སྤྱི་ཚོགས་རིག་པའི་གཞུང་ལུགས་ཀྱི་བསམ་བློའི་བྱུང་ཁུངས་ནི་འཇར་མན་གྱི་གཏན་ཚིགས་རིག་པ Eཧོ་ཟེར་ཡི་སྔོན་རྟོགས་སྣང་ཚུལ་རིག་པ་དང་། M ཧྲི་ལེ་ཡི་ཤེས་བྱ་སྤྱི་ཚོགས་རིག་པ Mཝེ་པོ་ཡི་གོ་བ་ལེན་སྟངས་ཀྱི་སྤྱི་ཚོགས་རིག་པ་ཡིན།

2 རྩ་གནད།

ཧྲོ་ཚི་ཡིས་སྔོན་ལ་སྣང་ཚུལ་རིག་པར་ཞིབ་འཇུག་བྱས་པ་རེད། ཁོས་ཧོ་ཟེར་གྱི་འདོད་བློ་རང་བཞིན་སྨྲ་བ་དང་ལེན་བྱས་པ་རེད། ཚོད་ལྟའི་ངང་འཚོ་བའི་འཇིག་རྟེན་དང་གཙོ་གནས་བར་སྐབས་རང་བཞིན་སོགས་ཀྱི་དོན་སྤྱི་སྤྱི་ཚོགས་ཚན་རིག་ནང་འདྲེན་བྱས་པ་རེད། དེ་མ་ཟད་ཝེ་པོ་ཡི་གོ་བ་ལེན་པའི་དོན་སྤྱི་དང་མཉམ་འབྲེལ་བྱས། སྤྱི་ཚོགས་རིག་པ་ཕྱིར་འཚོ་བའི་འཇིག་རྟེན་གྱི་གཞི་རྩའི་དོན་དངོས་སྟེང་ཕྱོགས་དགོས་པའི་ལྟ་ཚུལ་བཏོན་པ་རེད། དེང་རབས་སྤྱི་ཚོགས་རིག་པའི་གཞུང་ལུགས་ལམ་ཕྱོགས་གསར་བ་ཞིག་བསྐྲུན་པ་རེད། སྣང་ཚུལ་རིག་པའི་སྤྱི་ཚོགས་རིག་པ་གཞུང་ལུགས་ནས་གཞི་རྩའི་གནད་དོན་བཏོན་པ་སྟེ། ཅི་ལྟར་རང་བྱུང་ཚན་རིག་བཞིན་ཕྱོགས་ཡོངས་ནས་སྔ་ཕྱི་ནོར་འཆུགས་མི་འབྱུང་བའི་སྤྱི་ཚོགས་རིག་པའི་ལས་རིགས་གསར་བཟོ་བྱས་པ་དང་།  ཅི་ལྟར་སྤྱི་ཚོགས་སྣང་ཚུལ་གྱི་ཐབས་ལམ་གང་བདམས་ནས་གྲུབ་འབྲས་བཟང་པོ་ལོན་པ་དེ་ཡིན།

3 གཞུང་ལུགས་ནང་དོན།

འཚོ་བའི་འཇིག་རྟེན་དང་རང་བཞིན་ཀྱི་བྱེད་པོ།

གཞུང་ལུགས་ཐད། འཇིག་རྟེན་འཚོ་བ་དང་བྱེད་པོའི་བར་གྱི་རང་བཞིན། འགུལ་སྐྱོད་དང་ཇུས་འགོད། འཁྲབ་བྱའི་མི་སྣ་དང་དངོས་ཡོད་མང་ཟློས་སོགས་བརྒྱུད་ནས་གོ་དོན་ལ་དཔྱད་བརྗོད་སྤེལ་ཡོད། རྒྱུན་ལྡན་འཚོ་བའི་འཇིག་རྟེན་གྱི་གྲུབ་ཚུལ་དང་རྩ་བའི་རྣམ་པར་བརྗོད་རྒྱུན་བྱས་ཡོད།

རང་བྱུང་རྣམ་འགྱུར་གྱི་དཔྱད་འཇོག

ཐབས་ལམ་གྱི་ཐད་ནས། སྣང་ཚུལ་སྤྱི་ཚོགས་རིག་པས་རང་བྱུང་ཚན་རིག་གི་འབྱུང་འགྱུར་འཛུགས་སྐྲུན་གྱི་སྲོལ་རྒྱུན་སྤྱི་ཚོགས་རིག་པར་དགག་རྒྱག་གི་འདུ་ཤེས་ཉར་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།