ཀྲུང་དབྱང་ཕྱོགས་བསྡུས་བརྙན་འཕྲིན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་དབྱང་ཕྱོགས་བསྡུས་བརྙན་འཕྲིན་ཁང་།
ཀྲུང་གོའི་ཀྲུང་དབྱང་སྣ་འཛོམས་བརྙན་འཕྲིན་ནི་ཀྲུང་དབྱང་གི་བརྙན་འཕྲིན་ཐོག་མ་དེ་ཡིན་པ་དང་། དེ་ནི་གསར་འགྱུར་གཙོ་བོར་བྱས་པ་ཞིག་ཡིན་ཞིང་། རིག་རྩལ་ཕྱོགས་བསྡུས་དང་། གློག་བརྙན་འཕྲིན། འགུལ་རིས་བཅས་ཀྱི་བརྙན་གཟུགས་ཀྱིས་གཙོ་བོ་བྱས་ཡོད་ལ། གཞན་པའི་བརྙན་གཟུགས་དང་ལེ་ཚན་ཉུང་བསྡུས་སོགས་མཉམ་འདྲེས་ཀྱིས་གྲུབ་པའི་སྣ་འཛོམས་ཀྱི་བརྙན་གཟུགས་རིགས་ཤིག་ཡིན། ཀྲུང་དབྱང་བརྙན་འཕྲིན་ནི་ཀྲུང་གོའི་ནང་ཁུལ་དུ་ཁྱབ་རྒྱ་ཆེས་ཆེ་བ་དང་། ལྟ་མཁན་གྱི་མི་གྲངས་ཆེས་མང་བ། ཤན་ཤུགས་ཐེབས་ཚད་ཆེས་ཆེ་བའི་རྒྱལ་ཁབ་རིམ་པའི་བརྙན་གཟུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国中央电视台综合频道
ཕྱི་ཡིག་གི་མིང་།
CCTV Television zōng hé pindao
གཏོང་མགོ་ཚུགས་པའི་དུས།
སྤྱི་ལོ1958ལོའི་ཟླ9ཚེས2ཉིན།
གློག་རླབས་ཀྱི་རང་བཞིན།
སྣ་འཛོམས་གློག་རླབས་རང་བཞིན།
གློག་རླབས་ལྟ་སྐུལ་པ།
ཝང་ཧྲོ་ཀྲུན།
གློག་རླབས་ཀྱི་ཐོག་མའི་མིང་།
ཀྲུང་གོ་ཀྲུང་དབྱང་བརྙན་འཕྲིན་ཁང་སྣ་འཛོམས་གསར་འགྱུར་གློག་རླབས།
ཁྱབ་ཁོངས།
ཀྲུང་གོ་རྒྱལ་ཁབ་ཡོངས་དང་ཞང་ཨོའོ་ས་ཁུལ།
གཏོང་ཡུན།
དུས་ཚོད་ཉེར་བཞི།
གློག་རླབས་རིགས་དབྱེ།
རྒྱལ་ནང་དང་ཞང་ཨོའོ།
1 བྱུང་འཕེལ།

སྤྱི་ལོ1958ལོའི་ཟླ5བའི་ཚེས1ཉིན་ཀྲུང་དབྱང་བརྙན་འཕྲིན་གྱི་ཐོག་མའི་རྣམ་པ་དེ “པེ་ཅིང་བརྙན་འཕྲིན་ཁང” གིས་ཚོད་གཏོང་བྱེད་པའི་འགོ་བརྩམས་པ་དང་། ཟླ9བའི་ཚེས2ཉིན་དངོས་སུ་བཏང་། དེ་དུས་ཀྱི་བརྙན་ལམ་དེ་ཐོག་མའི་དུས་སུ་གཟའ་རེའི་ནང་དུ་ཐེངས་གསུམ་ལ་གཏོང་བ་དང་། གཏོང་བྱའི་ནང་དོན་ནི་གསར་འགྱུར་གྱི་རིགས་ཡིན་ལ། གཏོང་ཡུན་ནི་ཐེངས་རེར་སྐར་མ30འི་དུས་ཡུན་ཡིན། ལེ་ཚན་གྱི་བརྡ་རྟགས་ཁྱབ་ཁོངས་ནི་པེ་ཅིང་ས་ཁུལ་ལས་གཞན་པར་བརྒལ་མེད་པ་དང་། ལས་བཟོ་བ30 ལྷག་ཡོད། སྤྱི་ལོ1978ལོའི་ཟླ5བའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཀྲུང་དབྱང་ཨུ་ཡོན་ཚོགས་པས་ཆོག་མཆན་ཐོབ་སྟེ། པེ་ཅིང་བརྙན་འཕྲིན་ཁང་དེ་ཀྲུང་གོའི་ཀྲུང་དབྱང་བརྙན་འཕྲིན་ཁང་ཞེས་པར་དངོས་སུ་བསྒྱུར་ཅིང་། རྒྱལ་ཡོངས་ཀྱི་ས་ཁུལ་ཐམས་ཅད་དུ་བརྒྱུད་གཏོང་བྱས་པ་རེད། སྤྱི་ལོ1993 ལོ་ནས་བཟུང་འཕྲིན་ལམ་འདི་གསར་འགྱུར་གཙོ་བོར་གྱུར་བའི་ཕྱོགས་བསྡུས་བརྙན་འཕྲིན་ཁང་དུ་བསྒྱུར་བའི་འགོ་བརྩམས་པ་རེད། སྤྱི་ལོ1995 ལོའི་ཟླ4 བར་བརྙན་འཕྲིན་འཕྲིན་ལམ་འདིའི་མིང་ལ་ཀྲུང་གོའི་ཀྲུང་དབྱང་གསར་འགྱུར་བརྙན་འཕྲིན་ཁང་ཕྱོགས་བསྡུས་འཕྲིན་ལམ་ཞེས་བཏགས། སྤྱི་ལོ1998 ལོའི་ཟླ6པའི་ཚེས1ཉིན། གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་དེ “CCTV-1” ལས་མཚོན་པར་བྱས་པ་སོགས་ལོ་རྒྱུས་ཀྱི་གོ་རིམ་མང་པོ་བརྒྱུད་མཐར་ད་ལྟའི་གནས་བབས་འདི་ལྟ་བུ་ཞིག་ལ་སླེབས་པ་རེད།

2  ལེ་ཚན་གྱི་རྣམ་གྲངས།  

གསར་འགྱུར་གྱི་རིགས་དང་གློག་བརྙན་ཟློས་ཀྱི་རིགས། རིག་རྩལ་ཕྱོགས་བསྡུས་ཀྱི་རིགས། འགུལ་རིས་ཀྱི་རིགས། སྤྱི་ཚོགས་ཚན་རིག་གི་རིགས། དུས་གཏོང་ལེ་ཚན་གྱི་རིགས། དགོང་ཚོགས་ཀྱི་རིགས། འཚོ་བའི་ཞབས་ཞུའི་རིགས། གོང་གསལ་གྱི་དེ་དག་ལས་གཞན་པའི་ལེ་ཚན་ཡང་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།