སྣ་འཛོམས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུབ་ཕྱོགས་སྤྱི་ཚོགས་རིག་པའི་ཕྱོགས་ཁག་ཅིག་སྟེ། གཙོ་བོ་སྤྱི་ཚོགས་ཚན་རིག་རིག་ཚན་གྱི་ཞིབ་འཇུག་གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་། སྤྱི་ཚོགས་རིག་པ་དེ་སྤྱི་ཚོགས་ཚན་རིག་གི་ཧྲིལ་གཟུགས་སམ་གཞི་རྩར་བཞག་ནས་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པ། སྤྱི་ཚོགས་རིག་པ་དང་ཐོག་སྲོལ་བཏོད་པའི་སྐབས་ཀྱི་ཁྱད་ཆོས་གཙོ་བོ་ཡིན། ཧྥ་རིན་སིའི་ཁོང་ཏི་དང་དབྱིན་ཇིའི་སི་པན་སེ་གཉིས་ནི་ཚབ་མཚོན་མི་སྣ་གཙོ་བོ་ཡིན། གཞུང་ལུགས་ལ་སྤྱི་ཚོགས་རྒྱུ་རྐྱེན་སྨྲ་བ་དང་། སྤྱི་ཚོགས་བརྒྱུད་རིམ་སྨྲ་བ་དང་སྤྱི་ཚོགས་རྩ་འཛུགས་སྨྲ་བ། སྤྱི་ཚོགས་ཚོད་འཛིན་སྨྲ་བ་དང་སྤྱི་ཚོགས་འཕོ་འགྱུར་སྨྲ་བ་སོགས་འདུ་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
综合社会学
ངོ་བོ།
ནུབ་ཕྱོགས་སྤྱི་ཚོགས་རིག་པའི་ཕྱོགས་ཁག
ས་ཁུལ།
ནུབ་ཕྱོགས།
རྒྱལ་ཁབ།
ཧྥ་རིན་སི།
1 རྩ་དོན།

ནུབ་ཕྱོགས་སྤྱི་ཚོགས་རིག་པའི་ཕྱོགས་ཁག་ཅིག་སྟེ། གཙོ་བོ་སྤྱི་ཚོགས་ཚན་རིག་རིག་ཚན་གྱི་ཞིབ་འཇུག་གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་། སྤྱི་ཚོགས་རིག་པ་དེ་སྤྱི་ཚོགས་ཚན་རིག་གི་ཧྲིལ་གཟུགས་སམ་གཞི་རྩར་བཞག་ནས་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པ་ཡིན། སྤྱི་ཚོགས་རིག་པ་དང་ཐོག་སྲོལ་བཏོད་པའི་སྐབས་ཀྱི་ཁྱད་ཆོས་གཙོ་བོ་ལྡན། ཧྥ་རིན་སིའི་ཁོང་ཏི་དང་དབྱིན་ཇིའི་སི་པན་སེ་གཉིས་ནི་ཚབ་མཚོན་མི་སྣ་གཙོ་བོ་ཡིན། གཞུང་ལུགས་ལ་སྤྱི་ཚོགས་རྒྱུ་རྐྱེན་སྨྲ་བ་དང་། སྤྱི་ཚོགས་བརྒྱུད་རིམ་སྨྲ་བ་དང་སྤྱི་ཚོགས་རྩ་འཛུགས་སྨྲ་བ། སྤྱི་ཚོགས་ཚོད་འཛིན་སྨྲ་བ་དང་སྤྱི་ཚོགས་འཕོ་འགྱུར་སྨྲ་བ་སོགས་འདུ་བ་རེད།

2 གྲུབ་མཐའ་གཞན་དག

ཉེར་སྤྱོད་སྤྱི་ཚོགས་རིག་པ། ནུབ་ཕྱོགས་སྤྱི་ཚོགས་རིག་པའི་ཕྱོགས་ཁག་གི་ཡ་གྱལ་ཞིག་ཡིན་ཏེ། སྤྱི་ཚོགས་རིག་པའི་ཞིབ་འཇུག་ཐབས་ལམ་དང་དོན་དངོས་ཉེར་སྤྱོད་གཙོ་བོར་འཛིན་པ། རྒྱལ་ཁབ་སོ་སོའི་དངོས་ཡོད་སྤྱི་ཚོགས་ཀྱི་ཞིབ་འཇུག་བྱ་གཞི་སྤོ་སྒྱུར་བྱེད་པ་སྟེ། ཁྱབ་རྒྱ་ཆེ་ལ། ཕྲ་མཐོང་དང་བྱེ་བྲག་གི་སྤྱི་ཚོགས་སྣང་ཚུལ་ལས་གྲངས་ཚད་ཞིབ་བརྗོད་ཐད་ཧ་ཅང་མཁས།

སྤྱི་ཚོགས་དངོས་ལུགས་རིག་པ་སྟེ། ནུབ་ཕྱོགས་སྤྱི་ཚོགས་རིག་པའི་ཕྱོགས་ཁག་གི་ཡ་གྱལ་ཞིག་ཡིན། ཧྥ་རིན་སིའི་ཧྲིན་ཞི་མིན་གྱིས་ཐོག་མར་བཏོན་པ་ཡིན། ཁོང་ཏི་ཡིས་སྤྱི་ཚོགས་རིག་པའི་མིང་འདི་སྤྱད་ནས་སྤྱི་ཚོགས་དངོས་ལུགས་རིག་པའི་ཚབ་བྱས་པ་རེད། དེ་མ་ཟད་སྤྱི་ཚོགས་རིག་པ་རིགས་གཉིས་སུ་དགར་བ་སྟེ། འགུལ་མེད་ཤུགས་དང་འགུལ་ཤུགས་ཡིན། དེའི་རྗེས་སུ་སྤྱི་ཚོགས་དངོས་ལུགས་རིག་པ་ནི་དངོས་ལུགས་རིག་པར་ཆེད་སྟོན་བྱས་ཏེ། དོན་སྤྱི་ལས་སྤྱི་ཚོགས་སྣང་ཚུལ་ལ་འགྲེལ་བཤད་བྱས་པ་རེད། དུས་རབས19ནང་ལ་རིམ་གྱིས་ཉམས་བཞིན་ཡོད། ཤེས་རྟོགས་སྤྱི་ཚོགས་རིག་པ་སྟེ། ནུབ་ཕྱོགས་སྤྱི་ཚོགས་རིག་པའི་ཕྱོགས་ཁག་གི་ཡ་གྱལ་ཞིག་ཡིན། ཏེར་ཐེ་ཡིས་སྲོལ་བཏོད་པ་དང་། ཝེ་པོ་ཡིས་གསལ་འགྲེལ་བརྒྱབ་པ་རེད།

སྣང་ཚུལ་སྤྱི་ཚོགས་རིག་པ། དེང་རབས་ནུབ་ཕྱོགས་གཏན་ཚིགས་རིག་པ་ཡི་སྣང་ཚུལ་རིག་པའི་གཞུང་ལུགས་ཀྱི་ཚབ་མཚོན་མི་སྣ་གཙོ་བོ་ནི་ཧོ་ཟེར(1859—1938)ཡིན། Bཐད་མཐོང་ལས་དུས་སྟོང་གི་བར་མཚམས་མེད་པའི་ཚོད་འཛིན་དང་། ཉམས་མྱོང་གྲུབ་ཆའི་འདུ་ཤེས་ཁོ་ན་ཟུར་ཕུད་བྱེད་པའི་བཞེད་དགོངས་འདོན་པ་ཡིན། ཉམས་མྱོང་སེམས་ཁམས་རིག་པའི་ཐབས་ལམ་ལས་བརྒལ་ནས་ཚོད་ལྟ་བྱས་པ་རེད། ངོ་བོ་ཡིས་ལྟ་ཚུལ་སོར་ཆུད་བྱས་ནས་སྤྱི་ཚོགས་ཀྱི་ངོ་བོ་ལ་ལྟ་དཔྱད་བྱེད་པའོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།