ས་ཁམས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཁམས་སྤྱི་ཚོགས་རིག་པ(geographical sociology)ནི་རིགས་སོ་སོའི་སྤྱི་ཚོགས་ཚོགས་སྤྱིའི་ས་ཁུལ་ཁེབས་ཚུལ་ལ་ཞིབ་འཇུག་བྱེད་པ་ཡིན། དབྱེ་ཞིབ་ཞིབ་བསྡུར་གྱི་སྤྱི་ཚོགས་རིགས་དབྱེ་དང་དེའི་བརྒྱུད་རིམ་གྱི་བསྣོལ་མའི་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་མིང་།
地理社会学
ཕྱི་ཡིག་གི་མིང་།
geographical sociology
དུས་ཚོད།
དུས་རབས20དུས་མགོར།
འདོན་སྤེལ་མཁན།
ཧྥ་རན་སིའི་ས་ཁམས་པ་ཝེ་ཏ་པེ་ལིན་ཧྲི།
1 ངོ་སྤྲོད་མདོར་བསྡུས།

དུས་རབས20མགོར། ཧྥ་རིན་སིའི་ས་ཁམས་རིག་པ་བ་ཝེ་ཏ་པེ་ལིན་ཧྲི་ཡི་རྒྱུན་འཁྱོངས་ངེས་མེད་སྨྲ་བ་དང་མི་ཡིས་ཁོར་ཡུག་འདེམས་པ་དང་བསྟུན་པའི་ལྟ་ཚུལ་ལས། ཚན་རིག་དང་མཐུན་པའི་གཞུང་ལུགས་རྨང་གཞི་བཏང་བ་རེད། དུས་རབས20ལོ་རབས50ལ། ཧྥ་རིན་སིའི་ཕེར་ཇོར་ཇི་དང་མ་སིར་གཉིས་ཀྱིས་རིག་ཚན་འདི་གསར་འཛུགས་བྱས་པ་རེད། ཁོ་ཚོའི་ལྟ་ཚུལ་ལ་སྤྱི་ཚོགས་ནི་ཧྲིལ་གཟུགས་ལྟ་བུ་ཞིག་ཡིན་པ་དང་། དཔེར་ན་ལག་རྩལ་དང་ཁྱིམ་ཚང་། ཆོས་ལུགས་དང་སྐད་རིགས། འཚོ་བ་རོལ་སྟངས་སོགས་ཀྱི་ཐད་ནས་མིའི་བསམ་བློ་ལ་ཤན་ཤུགས་ཐེབས་བཞིན་ཡོད།

2 ཞིབ་འཇུག་ནང་དོན།

(1) ས་ཁམས་རིག་པའི་གཞུང་ལུགས་དང་ཐབས་ལམ་ལ་བརྟེན་ནས་དངོས་ཡོད་གནད་དོན་འགའ་ཐག་གཅོད་བྱེད་པ། དཔེར་ན་གྲོང་ཁྱེར་གྱི་བསིལ་གཡབ་སྒྲིག་གཞི་ལས་འགྲིམ་འགྲུལ་དཀའ་ཁག་སེལ་བ།

(2)མི་གྲངས་དང་ལོ་གྲངས། སྐྱེས་རྟགས་ཀྱི་ཁྱད་པར་དང་ས་ཁམས་ཀྱི་ཁྱབ་ཁོངས། ཞིང་ལས་མི་སྣའི་རིག་གནས་རྒྱབ་ལྗོངས་ལ་རྟག་ཞིབ་བྱེད་པ། སྐད་རིགས་དང་ཆོས་ལུགས། རིག་གནས་སྣང་ཚུལ་གྱི་ཁྱབ་ཁོངས་དང་འགྱུར་ལྡོག་ལ་དཔྱད་བསྡུར་བྱེད་པ་ཡིན།

(3)              རིག་གནས་ཁྱབ་སྤེལ་སྣང་ཚུལ།

(4)སྤྱི་ཚོགས་ཕན་བདེ་ཡི་ད་ཚུལ་དང་དེའི་གནད་དོན་གྱི་ཐབས་ཇུས།

(5)རིགས་སོ་སོའི་སྤྱི་ཚོགས་རྒྱུ་རྐྱེན་ཁྲོད་ཀྱི་རིགས་ཚོགས་ཁྱབ་ཁོངས་དང་། དེའི་ཁོར་ཡུག་མི་འདྲ་བའི་ཁྲོད་ཀྱི་འཚོ་བ་རོལ་སྟངས་ཀྱི་ས་ཁམས་ཁྱབ་ཁོངས།

(6)ས་ངོས་ཀྱི་སྤྱི་ཚོགས་བར་སྟོང་དང་དེའི་འགུལ་སྐྱོད་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ། སྤྱི་ཚོགས་ཚོགས་ཁག་གི་ས་ཁོངས་ཁོར་ཡུག་གི་བར་སྟོང་རྣམ་པ། སྤྱི་ཚོགས་བྱེད་སྒོ་ལྟེ་གནས་ཀྱི་སྐམ་སའི་དབུས་ཁུལ་གྱི་སྒྲིག་གཞི་དང་ཕྱིའི་ཡུལ་གྱི་འགྲོ་འོང་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད།

(7)རིགས་སོ་སོའི་འབྲེལ་ལམ་སྤྱི་ཚོགས་ཀྱི་ཆ་འཕྲིན་སྐྱེལ་སྤེལ་ལ་ཞིབ་འཇུག་བྱེད་པ།

3 ཞིབ་འཇུག་ཐབས་ལམ།

གཟུགས་གཞི་ཐབས་ལམ་དང་བྱེད་ལས་ཐབས་ལམ་སྟེ། སྔོན་མ་ནི་སྤྱི་ཚོགས་བར་སྟོང་དེའི་གནས་ཁུལ་གྲུབ་པའི་རྣམ་པའི་ཕྲ་རྒྱན་རྒྱག་པའི་དབྱིབས་དང་། གཞུག་མ་དེ་ནི་སྤྱི་ཚོགས་བར་སྟོང་དེ་དྲ་རྒྱའི་རྣམ་པ་དང་། ཆ་འཕྲིན་གྱི་སྐྱེལ་སྤེལ་དེ་ནི་དྲ་རྒྱའི་འཁོར་སྐྱོད་ཀྱི་སྒུལ་ཤུགས་ཡིན།

4 གྲུབ་མཐའ།

(1)མྱུར་སྐྱོད་གཉེར་མཁན། སྤྱི་ཚོགས་རྩ་བའི་གནད་དོན་ལ་ཞིབ་འཇུག་བྱས་པ་བརྒྱུད་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལ་དཀའ་ཁག་བཟོ་བ།

(2)ཕན་བདེ་གཉེར་མཁན། སྤྱི་ཚོགས་ཀྱི་རིགས་སོ་སོའི་དམིགས་ཚད་ལས་སྤྱི་ཚོགས་ཕན་བདེའི་གནས་ཚུལ་ལ་གདེང་འཇོག་བྱེད་པ།

(3)དངོས་དོན་གཉེར་མཁན། དོན་དངོས་ཀྱི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།