ཤེས་ཡོན་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤེས་ཡོན་ནམ་བསམ་བློ་བྱུང་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིག་གནས་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཁོངས་གཏོགས་ཡན་ལག་རིག་ཚན་ཞིག་ཡིན། དེ་ལ་བསམ་བློ་སྤྱི་ཚོགས་རིག་པ་ཡང་ཟེར། 1924ལོར། འཇར་མན་གྱི་སྤྱི་ཚོགས་རིག་པMཧྲི་ལི《ཤེས་ཡོན་སྤྱི་ཚོགས་རིག་པའི་ཚོད་ལྟ》ལས་ཐེངས་དང་པོར་ཤེས་ཡོན་སྤྱི་ཚོགས་རིག་པ་ཞེས་པའི་མིང་འདི་བཀོལ་སྤྱོད་བྱས་པ་རེད། འདི་ན་གླེང་བཞིན་པའི་ཤེས་ཡོན་གྱི་ནང་དོན་ལ་བསམ་བློ། འདུ་ཤེས་འཛིན་སྟངས། ཁྲིམས་ལུགས་འདུ་ཤེས། མི་ཆོས་འདུ་ཤེས། གཏན་ཚིགས་རིག་པ། སྒྱུ་རྩལ། ཚན་རིག་དང་ལག་རྩལ་སོགས་ཀྱི་འདུ་ཤེས། ཤེས་ཡོན་སྤྱི་ཚོགས་རིག་པ་ནི་གཙོ་བོ་བསམ་བློ། འདུ་ཤེས་འཛིན་སྟངས། སྤྱི་ཚོགས་ཚོགས་པ། རིག་གནས་ལམ་ལུགས། ལོ་རྒྱུས་ཀྱི་གནས་བབས། དུས་རབས་ཀྱི་བསམ་བློ། མི་རིགས་རིག་གནས་སེམས་ཁམས་སོགས་སྤྱི་ཚོགས་རིག་གནས་བར་གྱི་འབྲེལ་བ་ཡིན། ཡང་ན་སྤྱི་ཚོགས་རིག་གནས་རྒྱུ་རྐྱེན་འདི་དག་ལ་ཞིབ་འཇུག་བྱས་ཏེ་ཇི་ལྟར་བསམ་བློ་དང་འདུ་ཤེས་འཛིན་སྟངས་ལ་ཤན་ཤུགས་བྱུང་བ་དང་འཕེལ་རྒྱས་གཏོང་བ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
知识社会学
ཕྱི་ཡིག་གི་མིང་།
Sociology of knowledge
1 ཤེས་ཡོན་སྤྱི་ཚོགས་རིག་པ།

ཤེས་ཡོན་སྤྱི་ཚོགས་རིག་པའི་བྱུང་བ་དང་འཕེལ་རྒྱས་ནི་སྤྱི་ཚོགས་རིག་པའི་རང་སྟེང་གི་འཕེལ་རྒྱས་ཀྱི་མཇུག་འབྲས་དང་། དེ་དང་མཉམ་དུ་སྤྱི་ཚོགས་རིག་པ་ནས་བསམ་བློ་འདུ་ཤེས་འཛིན་སྟངས་ཀྱི་ཞིབ་འཇུག་འཕེལ་རྒྱས་སོང་བ་དང་། སྤྱི་ཚོགས་རིག་གནས་དང་འབྲེལ་བའི་མཇུག་འབྲས་སུ་བསྒྱུར་བ་རེད། འཇར་མན་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོར་ཕམ་པའི་རྗེས་སུ། སྤྱི་ཚོགས་རིག་གནས་དང་བསམ་བློ། འདུ་ཤེས་འཛིན་སྟངས་ལ་ཉམས་ཉེན་བྱུང་བ་རེད། དེ་ནས་སྤྱི་ཚོགས་རིག་པ་ཁ་ཤས་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་དུས་སྐབས་མི་འདྲ་བ། རིགས་རྒྱུད་མི་འདྲ་བ་དང་མི་རིགས་ཀྱི་བསམ་བློ། འདུ་ཤེས། བསམ་པའི་འཕེལ་རྒྱས་ལ་ཞིབ་འཇུག་བྱས་པ་རེད། རིགས་མི་འདྲ་བའི་བསམ་བློ། འདུ་ཤེས་འཛིན་སྟངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་རིག་གནས་ཀྱི་འབྲེལ་བར་ཞིབ་འཇུག་བྱས་ཡོད། འདི་ལྟ་བུའི་ཞིབ་འཇུག་དང་ཐོག་སྤྱི་ཚོགས་རིག་པ་བMཝེ་པོ་ཡིས་ཆོས་ལུགས་དང་སྤྱི་ཚོགས་སྣང་ཚུལ་གྱི་འབྲེལ་བ་དཔྱད་པ་བཏང་། W སང་པ་ཐི་མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་སྣང་ཚུལ་གྱི་འབྲེལ་བར་དཔྱད་པ་བཏང་བ་ལས་བྱུང་བ་རེད།

2 ཤེས་ཡོན་སྤྱི་ཚོགས་རིག་པ་དང་འབྲེལ་བའི་གནད་དོན་གཙོ་བོ།

ཤེས་ཡོན་དང་བསམ་བློ་ཡོད་པའི་རྨང་གཞི་དང་།ཤེས་ཡོན་ནམ་བསམ་བློ་ཡོད་པའི་རྣམ་པ་དང་གནས་ཡོད་པའི་འབྲེལ་བ་ཡིན། དེང་རབས་ཤེས་ཡོན་རིམ་གྱིས་ཉམས་མྱོང་ཞིབ་འཇུག་གི་ཕྱོགས་སུ་འཕེལ་རྒྱས་སོང་བ་རེད། ཞིབ་འཇུག་གཙོ་བོ་ནི་ཤེས་ཡོན་གྱི་ཐོན་སྐྱེད་དང་གསོག་འཇོག ཁྱབ་སྤེལ་དང་བཀོད་སྤྱོད་ཡིན། དེང་སྐབས་གཞི་རྒྱ་ཆེ་བའི་ཤེས་ཡོན་གྱི་ཐོན་སྐྱེད་དང་ཁྱབ་སྤེལ་གྱིས་ཤེས་ཡོན་མཐུག་པོའི་སྤྱི་ཚོགས་ཞིག་གྲུབ་པ་རེད། སྤྱི་ཚོགས་རིག་པ་རིམ་གྱིས་ཤེས་ཡོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཁྲོད་ཀྱི་གོ་གནས་དང་ནུས་པ་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཤེས་ཡོན་ནམ་བསམ་བློའི་སྤྱི་ཚོགས་སྲིད་ཇུས་ཀྱི་གཏན་འབེབས་དང་ལག་བསྟར་སོགས་ཀྱི་རབ་དང་རིམ་པའི་གནད་དོན་ལའང་འབྲེལ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།