ཧའེ་ཨེར་རྩིས་འཁོར།

ཀུང་ཟི1984ལོར་ཆིང་ཏའོ་ནས་བཙུགས། ཧའེ་ཨེར་དེ་ལས་གཏོད་བྱས་བ་ནས་བཟུང་སྤྱོད་མཁན་གྱི་དགོས་མཁོ་ལྟེ་བར་བཟུང་ནས་གསར་གཏོད་མ་ལག་རྒྱུན་འཁྱོངས་ལ་བརྟེན་ཏེ་ཁེ་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བར་འབད་པ་བྱེད་བཞིན་ཡོད། 2014ལོར། འཛམ་གླིང་ཡོངས་ཀྱི་འབབ་སྒོར་དུང་ཕྱུར2007མངོན་འགྱུར་བྱུང་། ལོ་སྔོན་མ་ལས11%འཕར་ཡོད། ཁེ་བཟང་སྒོར་དུང་ཕྱུར150ཡོད། དུས་མཚུངས་ལས39%འཕར་བ་ཡིན། ཁེ་སྤོགས་འབབ་ཚད་ནི་ཡོང་འབབ་འཕར་ཚད་ལས་ལྡབ3ཡིན། དུས་མཚུངས་སུ་རྒྱུད་ལ་དངུལ་འབོར་སྒོར་དུང་ཕྱུར548མངོན་འགྱུར་བྱུང་ཡོད། དུས་མཚུངས་སུ2391%འཕར་བ་རེད། ཧའེ་ཨེར་ཁྱིམ་སྤྱོད་གློག་ཆས་ཕྱིར་འཚོང་ཚད་འཛམ་གླིང་ནས་ཨང་དང་པོ་ཐེངས་དྲུག་ལ་བླངས་བ་དང་ཚོང་རའི་ཐོབ་སྐལ་གྲངས་གནས་གཉིས་ལ་འཕར་ཡོད།
1984ལོ་ནས་ད་བར་དུ། ཧའེ་ཨེར་མིང་རྟགས་འཐབ་ཇུས་འཕེལ་རྒྱས་ཀྱི་དུས་རིམ། རྒྱུ་མང་ཅན་གྱི་འཐབ་ཇུས་འཕེལ་རྒྱས་ཀྱི་དུས་རིམ། རྒྱལ་སྤྱི་ཅན་དུ་འགྱུར་བའི་འཐབ་ཇུས་འཕེལ་རྒྱས་ཀྱི་བརྒྱུད་རིམ། འཛམ་གླིང་རང་བཞིན་གྱི་མིང་རྟགས་ཀྱི་འཐབ་ཇུས་སོགས་འཕེལ་རྒྱས་བརྒྱུད་རིམ་བཞི་བརྒྱུད་ཡོད། 2012ལོར་འཕེལ་རྒྱས་རིམ་པ་ལྔ་བར་ཞུགས་པ་ཁྱབ་བསྒྲགས་བྱས་པ་དང་། དེ་ནི་དྲ་འགྱུར་ཅན་གྱི་འཐབ་ཇུས་རིམ་པ་ཡིན།
གསར་གཏོད་ཀྱི་རིག་གནས།
ཧའེ་ཨེར་རིག་གནས་ཀྱི་ཉིང་བཅུད་ནི་གསར་གཏོད་ཡིན། དེ་ནི་ཧའེ་ཨེར་ལོ་ངོ་ཉི་ཤུའི་ཁྲོད་ནས་ཐོན་སྐྱེད་དང་རིམ་གྱིས་ཆགས་པའི་ཁྱད་ལྡན་གྱི་རིག་གནས་མ་ལག་ཅིག་ཡིན། ཧའེ་ཨེར་རིག་གནས་དེ་འདུ་ཤེས་ལ་བརྟེན་ནས་གསར་གཏོད་བྱ་རྒྱུ་གཙོ་བོར་བཟུང་བ་དང་འཐབ་ཇུས་གསར་གཏོད་ཀྱི་ཁ་ཕྱོགས་སུ་འཛིན་པ། རྩ་འཛུགས་གསར་གཏོད་ལ་བརྟེན་ནས་འགན་སྲུང་བྱེད་པ་དང་ལག་རྩལ་གསར་གཏོད་ལ་བརྟེན་ནས་བྱ་ཐབས་འཐེན་པ། ཁྲོམ་རའི་གསར་གཏོད་དམིགས་སུ་བཟུང་ནས། ཧའེ་ཨེར་མེད་པ་ནས་ཡོད་པ་དང་ཆུང་ས་ནས་ཆེ་སར་རྒྱུགས་ནས་འཛམ་གླིང་གི་ཡང་རྩེར་སྙེགས། མི་འཐུས་ཚང་ཅན་དེ་ནི་བསམ་བློའི་འདུ་ཤེས་འཐུས་ཚང་ཡིན་པ་དེར་གོ་དགོས། ཁེ་ལས་མཁས་ཅན་གྱི་འཐུས་ཚང་ནི་ལག་ལེན་དངོས་ཀྱི་ཉམས་མྱོང་གི་རྨང་གཞིའི་ཐོག་གི་འདུ་ཤེས་མ་ལག་ཞིག་ཆགས་པར་བྱེད་དགོས། རྒྱལ་ཁ་ཐོབ་ཡོད་པའི་ཁེ་ལས་པ་ཚང་མ་བདག་གཉེར་མཚན་ཉིད་རིག་པ་ཡིན།
ཀྲུང་གོའི་ཁེ་ལས་ལ་གསར་གཏོད་ཡོད་ན། ཁེ་ལས་དོ་དམ་གྱི་ཐད་ནས་འཛམ་གླིང་ལ་ལེགས་སྐྱེས་དེ་མཚུངས་སུ་ཕུལ་ན་ཆོག་གོ
ཧའེ་ཨེར་གྱི་ཁེ་ལས་སྙིང་སྟོབས་ནི་ལས་ཀའི་སྤྱོད་སྟངས་ཐོག་ནས་མཚོན་ཡོད།
བདེན་འཚོལ་གསར་གཏོད་ནི་ཧའེ་ཨེར་གྱི་འགྱུར་མེད་ཁེ་ལས་སྐད་བརྡ་ཡིན། དམིགས་འབེན་མཐོན་པོ་ནི་ཧའེ་ཨེར་གྱི་ཁེ་ལས་དོན་གཉེར་རེ་སྙེགས་ལས་མངོན་ཡོད།
ཁྱིམ་སྤྱོད་གློག་ཆས་དང་འཕྲིན་གཏོང་། གྲངས་འཛིན་ཐོན་རྫས་དང་ཁྱིམ་འདུས་ཁྱིམ་སྤྱོད་གློག་ཆས། ཁྱིམ་འདུས་ཁྱིམ་ཆས་དང་རིག་ནུས་ཁྱིམ་སྤྱོད་དང་མཉེན་ཆས། ཟོག་འདྲེན། དངུལ་རྩ། འགན་བཅོལ། ཁང་ས་བདག་གཉེར། གྲངས་ཀའི་ཁྱིམ་ཚང་། སྐྱེ་དངོས་སྨན་བཟོ། སྨན་བཅོས་སྒྲིག་ཆས་སོགས་ཡོད།
ཧའེ་ཨེར་ནི་རྒྱལ་ཁབ་ཀྱི་གློག་གཙོའི་ཚོང་རྟགས་ཅིག་ཡིན། ཧའེ་ཨེར་རིག་གནས་བརྩོན་ལེན་དང་རྒྱུན་འཛིན་བྱེད་དགོས། ལྗང་མདོག་གི་འདུ་ཤེས་དེ་ཚོང་རྟགས་ལ་གཏན་འབེབ་བྱས།
དམག་སྤྱི།
དམག་སྤྱི་ནི་ཧའེ་ཨེར་ཚོགས་པས་དྲ་སྦྲེལ་གྱི་དུས་རབས་འོག་ཁྱིམ་སྤྱོད་གློག་ཆས་ཚོང་རྟགས་གཏན་སྲོལ་བྱེད་པ་དེ་ཡིན། དམིགས་འབེན་གྱི་མི་ཚོགས་གཙོ་བོ་ནི་རང་བཞིན་དར་སྤེལ། དར་སྲོལ། མདོར་བསྡུས་ཀྱི་འཛད་སྤྱོད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་ན་གཞོན་ཚོགས་པ་དར་སྤེལ་གཏོང་རྒྱུ།
ཁ་ས་དེས།
ཧའེ་ཨེར་ཚོགས་པ་ནི་ཚད་མཐོའི་ཁྱིམ་སྤྱོད་གློག་ཆས་ཚོང་རྟགས་ཤིག་ཡིན། ཁ་ས་དེས་Casarteམིང་དེའི་རིག་པ་ཐོལ་སྐྱེས་བྱུང་ས་ནི་དབྱི་ཐ་ལེས་ཡིན། སྒྱུ་རྩལ་གྱི་ཁྱིམ་སྤྱོད་གློག་ཆས། གཤིས་རྒྱུད་ཅན་གྱི་འཚོ་བ་བཅས་ཚོང་རྟགས་གཏན་འབེབ་བྱས།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-11-27
གསར་སྤེལ་མཁན། :གངསསྨྱུག་སྲས།