TCLརྩིས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

TCLརྩིས་འཁོར།
TCLཚོགས་པའི་མཉམ་འདྲེས་ཀྱི་ཐབས་ཇུས་དང་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཐབས་ཇུས་ཀྱི་ཁྲིད་སྟོན་འོག 2004ལོའི་ཟླ3པའི་ཚེས19ཉིན། TCLཨང་ཀིའི་གློག་རྡུལ་བྱ་བཞག་དེ་ཉིད་དངོས་སུ་འགོ་ཚུགས། TCLཆ་འཕྲིན་ཐོན་ལས་སྐབས་དེར་དེ་བས་ཀྱང་དགེ་མཚན་ལྡན་པའི་ཐོན་ཁུངས་དང་ཡངས་ཤིང་རྒྱ་ཆེ་བའི་འཁོར་རྒྱའི་སྟེགས་བུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
TCL电脑
རིན་ཐང་གི་ཐབས་ཇུས།
རྒྱུ་སྤུས།+གསར་གཏོད།+བེད་སྤྱོད། =རིན་ཐང་།
ཁེ་ལས་རིག་གནས།
ཤེས་ལྡན་མི་སྣ་ནི་ཁེ་ལས་ཀྱི་ཆེས་ཆེ་བའི་ཐོན་ཁུངས་ཡིན།
1 ལྟེ་བའི་སྡེ་ཁག་ཆེན་མོ་བཞི།

ཨང་རྟགས་གློག་རྡུལ་བྱ་བཞག་སྤྱི་ཁྱབ་སྡེ་ཁག་དེ་ཧྲིན་ཀྲིན་དམིགས་བསལ་ཁག་ན་གནས། དེའི་ཁོངས་སུ་ཁྱིམ་སྤྱོད་ཆ་འཕྲིན་ཐོན་རྫས་དང་ཚོང་ལས་མ་ལག  ལག་ཐོགས་རྩིས་འཁོར་གྱི་ཐོན་རྫས་དང་འཛད་སྤྱོད་ཨང་ཀི་བཅས་སྡེ་ཁག་ཆེན་པོ་བཞི་ཡོད།

1_1 ཁྱིམ་སྤྱོད་ཆ་འཕྲིན་ཐོན་རྫས་ཀྱི་ལས་དོན་སྡེ་ཁག

ཚོང་ལས་མ་ལག ལག་ཐོགས་ཐོན་རྫས་དང་འཛད་སྤྱོད་གྲངས་འཛིན་བཅས་ལས་དོན་སྡེ་ཁག་བཞིའི་གྲུབ་པ་ཡིན།

TCLཨང་རྟགས་གློག་རྡུལ་ལས་དོན་རང་ཁོངས་ཀྱི་ཁྱིམ་སྤྱོད་ཆ་འཕྲིན་ཐོན་རྫས་ལས་དོན་སྡེ་ཁག་གི་ལོ་གཅིག་གི་ཐོན་རྫས་ས་ཡ་གཅིག་ཡན་གྱིPCབཟོ་སྐྲུན་རྟེན་གཞི་དང་ཕྱིར་འཚོང་དྲ་བ་རྒྱལ་ཡོངས་སུ་ཁྱབ་འདུག TCLནི་ཨང་རྟགས་གློག་རྡུལ་ལས་དོན་སྡེ་ཁག་ལ་བརྟེན་ནས་ཞིབ་འཇུག་དང་། གསར་སྤེལ། ཁྱིམ་སྤྱོད་ཆ་འཕྲིན་ཐོན་རྫས་ཐོན་སྐྱེད་དང་བྲིན་འཚོང་གཞི་གཅིག་ཅན་གྱི་ལས་དོན་སྡེ་ཁག་ཡིན། དེ་ནི་རྒྱལ་ནང་གི་ཁྱིམ་སྤྱོད་གློག་ཀླད་ཁྲོམ་རའི་སྟོབས་ཤུགས་གཙོ་བོའང་ཡིན།

1_2 ཚོང་ལས་མ་ལག་ལས་དོན་སྡེ་ཁག

རྒྱུ་སྤུས་དང་གསར་གཏོད། བེད་སྤྱོད་བཅས་ནི་རིན་ཐང་དར་སྤེལ་གྱི་ཐབས་ཇུས་ཡིན། ཆེད་ལས་རྒྱུ་སྤུས་ཀྱི་ཚན་རྩལ་མཐོ་གྲས་ནི་ཐོན་རྫས་གསར་གཏོད་དང་བེད་སྤྱོད་ཀྱི་འདོད་ཚུལ་ལ་བརྟེན་ཡོད། ཚོང་ལས་སྤྱོད་མཁན་གྱི་གསར་སྐྲུན་ཅན་གྱི་རིན་ཐང་ཆེ་ཤོས་ཀྱི་ཆེད་དང་། དུས་མཚུངས་སུ་རང་ཉིད་ཀྱི་གྲུབ་འབྲས་ཀྲུང་གོའི་ཆེས་གྲགས་ཆེ་བའི་ཆ་འཕྲིན་ཐོན་རྫས90དང་ལས་རིགས་ཁོངས་གཏོགས་ཀྱི་ཞབས་ཞུའི་མ་ལག་གིས་ཚོང་གཏོང་གནས་མཁོ་འདོན་བྱེད།

1_3 ལག་ཐོགས་རྩིས་འཁོར་ཐོན་རྫས་ལས་དོན་སྡེ་ཁག

ལག་ཐོགས་རྩིས་འཁོར་གྱི་ཐོན་རྫས་ཡི་ལས་དོན་སྡེ་ཁག་དང་འཛད་སྤྱོད་ཀྱི་གྲངས་གཞིའི་ལས་དོན་སྡེ་ཁག་ནི་གློག་རྡུལ་ལས་དོན་སྡེ་ཚན་འཛད་སྤྱོད་རིགས་ཀྱི་གློག་རྡུལ་ཁྱབ་ཁོངས་ཀྱི་གལ་ཆེའི་ཤུགས་རྒྱག་སྤེལ་དགོས།

1_4 འཛད་སྤྱོད་ཀྱི་གྲངས་གཞིའི་ལས་དོན་སྡེ་ཁག

ཚོགས་པ་དེ་སྨྱན་མང་གཟུགས་དང་ཁྱིམ་སྤྱོད་གློག་ཆས། འཕྲིན་གཏོང་སོགས་ཀྱི་ཁྱབ་ཁོངས་ཡོངས་ཀྱི་རྗེས་ནས་རང་ཉིད་བརྟེན་སའི་གསར་གཏོད་ཀྱི་ལམ་བུའི་སྟེང་དུ་བསྐྱོད། སྤྱོད་མཁན་ལ་དར་སྲོལ་ཅན་དང་བྱེ་བྲག་རང་བཞིན་གྱི་གྲངས་གཞིའི་ཐོན་རྫས་མཁོ་སྤྲོད་བྱས།

2 སྐར་འོད་ཕོ་ཉ།

གྲངས་འཛིན་གློག་རྡུལ་ལས་དོན་སྡེ་ཁག་རང་ཁོངས་ལ་ཐབས་ལམ་ཁ་ཚང་ཞིག་དང་། རིམ་གྲས་མང་བའི་ལག་རྩལ་དང་ཞབས་ཞུའི་རྒྱབ་སྐྱོར་ཡོད། པེ་ཅིང་ནས་བྱེ་བ་གཉིས་ཀྱི་མ་དངུལ་བཏང་སྟེ། རྒྱལ་ནང་སྔོན་གྲས་ཆུ་ཚད་ཀྱི་ཉིང་ལྷེབ་ཉམས་གསོ་ལྟེ་གནས་བཙུགས་པ་རེད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་གཞན30ནས་ས་ཁུལ་ཉམས་གསོ་ས་ཚུགས་ཀྱང་བཙུགས་ཡོད།

3 ཁེ་ལས་རིག་གནས།

TCLགྲངས་འཛིན་གློག་རྡུལ་ལས་དོན་སྡེ་ཁག་གིས་ཡིད་ཆེས་ས་དེ་ནི་ཤེས་ལྡན་མི་སྣའི་ཁེ་ལས་ཀྱི་རྩ་བའི་ཐོན་ཁུངས་རེད། དེ་བས་ཤེས་ལྡན་མི་སྣར་ཧ་ཅང་དོ་སྣང་བྱ་དགོས། གསར་གཏོད་རང་བཞིན། རིན་ཐང་ཆེ་བ། ཁྱད་པར་ཅན་གྱི་ཐོན་རྫས་མཁོ་སྤྲོད་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།