སྒར་དཔོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒར་དཔོན།
སྒར་དཔོན་ནི་དམག་དཔུང་ཁྲོད་སྒར་ཤོག་སྒྲིག་གཞིའི་ཆེས་མཐོའི་དམག་དོན་དམག་དཔོན་ནམ་ཡང་ན་བཀོད་འདོམས་དམག་དཔོན(དྲག་ཆས་ཉེན་རྟོག་པས་རུ་དཔོན་ཆེན་པོ་རུ་འབོད)ཡིན་ཞིང་། སྤྱི་ལོ1955ལོར་ལག་བསྟར་བྱས་པའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད། སྒར་དཔོན་གྱི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ནི་ཏ་ཝེ་ཡིན། སྤྱི་ལོ1988ལོའི་རྗེས་སུ་ལག་བསྟར་བྱས་པའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད། སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ནི་ཧྲའོ་ཞའོ་ཡིན་ཞིང་། བསླབ་པ་ཅུང་གཞོན་པ་ནི་ཧྲང་ཝེ་དང་། བསླབ་པ་ཅུང་རྒན་པ་ནི་ཀྲུང་ཞའོ་ཡིན། སྒར་ཤོག་རེ་ལ་དམག་མི་མ་བྱན་ཁ་བསྣན་ན་ཧ་ལམ་མི་ལྔ་བརྒྱ་ཡས་མས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
营长
ཕྱི་ཡིག་གི་མིང་།
Kombat
1 ​ངོ་སྤྲོད།

སྒར་དཔོན་ནི་དམག་དཔུང་ཁྲོད་སྒར་ཤོག་སྒྲིག་གཞིའི་ཆེས་མཐོའི་དམག་དོན་དམག་དཔོན་ནམ་ཡང་ན་བཀོད་འདོམས་དམག་དཔོན(དྲག་ཆས་ཉེན་རྟོག་པས་རུ་དཔོན་ཆེན་པོ་རུ་འབོད)ཡིན་ཞིང་།   སྤྱི་ལོ1955ལོར་ལག་བསྟར་བྱས་པའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད།   སྒར་དཔོན་གྱི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ནི་ཏ་ཝེ་ཡིན།   སྤྱི་ལོ1988ལོའི་རྗེས་སུ་ལག་བསྟར་བྱས་པའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད།  སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ནི་ཧྲའོ་ཞའོ་ཡིན་ཞིང་།   བསླབ་པ་ཅུང་གཞོན་པ་ནི་ཧྲང་ཝེ་དང་།   བསླབ་པ་ཅུང་རྒན་པ་ནི་ཀྲུང་ཞའོ་ཡིན།   སྒར་ཤོག་རེ་ལ་དམག་མི་མ་བྱན་ཁ་བསྣན་ན་ཧ་ལམ་མི་ལྔ་བརྒྱ་ཡས་མས་ཡོད་པ་ཡིན།

2 སྒར་དཔོན་གྱི་འགན་འཁྲི།

སྒར་དཔོན་དང་ཆབ་སྲིད་སློབ་སྟོན་པ་གཉིས་ནི་སྒར་ཤོག་གི་མི་སྣ་ཡོངས་ཀྱི་གཙོ་འཛིན་ཡིན་ཞིང་།   མཉམ་གྱིས་སྒར་ཤོག་གི་བྱ་བ་ལ་འགན་འཁུར་དགོས་པ་ཡིན།   སྒར་དཔོན་ནི་སྒར་ཤོག་གི་དམག་དོན་བྱ་བའི་འགན་གཙོ་བོ་འཁུར་མཁན་ཡིན་པས།   གཤམ་གྱི་འགན་འཁྲི་དག་ལག་བསྟར་བྱ་དགོས་པ་ཡིན།

(1).སྒར་ཤོག་ཡོངས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཟབ་མོ་ཡོད་དགོས་ཤིང་།   གོང་རིམ་གྱི་དམག་དོན་བྱ་བའི་མཛུབ་སྟོན་དང་འཆར་གཞི།  རེ་བ་བཅས་གཞིར་བཟུང་སྟེ།   དངོས་ཡོད་དང་ཟུང་འབྲེལ་བྱས་ནས་དམག་དོན་བྱ་བའི་བཀོད་སྒྲིག་འཆར་གཞི་དང་འགོ་ཁྲིད་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་བ།

(2).སྒར་ཤོག་ཡོངས་ཀྱི་དམག་གྲབས་བྱ་བར་འགོ་ཁྲིད་བྱས་ཏེ། དམག་གྲབས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱ་བ་དང་།   སྒར་ཤོག་ཡོངས་ཀྱི་དམག་འཐབ་ཀྱི་ལས་འགན་ལེགས་འགྲུབ་བྱ་བར་བཀོད་འདོམས་བྱ་བ།

(3).སྒར་ཤོག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་ལ་རྩ་འཛུགས་འགོ་ཁྲིད་བྱས་ཏེ།   སྦྱོང་བརྡར་གྱི་འཆར་གཞི་རྩ་འཛུགས་བྱས་ནས།  སྦྱོང་བརྡར་གྱི་ལས་འགན་ལེགས་འགྲུབ་བྱ་བར་ཁག་ཐེག་བྱ་བ།

(4).སྒར་ཤོག་ཡོངས་ལ་སློབ་གསོ་དང་སྣེ་ཁྲིད་ནས་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་བཀའ་ཁྲིམས།   སྒྲིག་སྲོལ་ལམ་ལུགས་བཅས་ལ་ལག་ལེན་མཐར་ཕྱིན་བྱས་ཏེ།  གཟབ་ནན་གྱིས་སྲིད་འཛིན་དོ་དམ་བྱ་བ་དང་སྒྲིག་ཁྲིམས་བརྩི་སྲུང་།   གསང་དོན་དམ་སྲུང་།   ལས་འཛོལ་དང་གྱོད་དོན་སྣ་ཚོགས་ལ་སྔོན་འགོག་བྱ་བ།

(5).སྒར་ཤོག་ཡོངས་ཀྱི་དམག་དོན་དངོས་ཤུགས་ཁོང་དུ་ཆུད་པར་བྱ་བ་དང་མི་སྣ་དང་དམག་ཆས་ཀྱི་དོ་དམ་ཇེ་ལེགས་སུ་གཏོང་བ།

(6).ཁོངས་གཏོགས་ཀྱི་ཅུན་ཀོན་དང་བཅུ་དཔོན་ལ་སློབ་གསོ་དང་གསོ་སྐྱོང་བྱས་ནས།  དམག་སྲིད་བྱང་ཚད་དང་བྱེད་སྒོའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ།

(7).ལྟོ་ཆས་ལ་དོ་དམ་དང་།   མངའ་འོག་གི་དངོས་ཟོག་དང་རིག་གནས་འཚོ་བ་ལ་ཐུགས་ཁུར།    དངོས་ཡོད་གནད་དོན་ཐག་གཅོད་བྱ་བར་རོགས་རམ་བྱ་བ།  

(8).གོང་རིམ་གྱིས་གནང་བའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་བ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།