ལྡིང་དཔོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྡིང་དཔོན།
ལྡིང་དཔོན་ནི་ཡུལ་དམག་གམ་ཡང་ན་དམག་དཔུང་ཁྲོད་ལྡིང་ཤོག་གི་སྣེ་ཁྲིད་མཁན་གྱི་དམག་དཔོན་ལ་གོ་ཞིང་། དམག་མིའི་གོ་རྟགས་སྤྱིར་བཏང་དུ་ཧྲའོ་ཝེའམ་ཡང་ན་ཀྲུང་ཝེ་ཡིན། རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་དམ་ཡང་ན་དམག་འཁྲུག་གི་དུས་སྐབས་སུ། ལྡིང་དཔོན་ནི་ཉམས་མྱོང་ཅན་གྱི་དམག་མིས་ལས་ཚབ་བྱས་ཆོག་ལ། ལྡིང་ཤོག་གཅིག་ལ་མི་ཧ་ལམ་ཉི་ཤུ་ནས་སུམ་བཅུ་བར་ཡོད། ལྡིང་དཔོན་ནི་དམག་དཔུང་སྲིད་འཛིན་རིམ་པའི་ཆེས་དམའ་བའི་ལས་བྱེད་པ་ཡིན་མོད། འོན་ཀྱང་རིམ་པ་འཕར་ཆོག་པ་ཡིན་ཞིང་། དམག་དཔུང་གཞི་རིམ་གྱི་ལས་བྱེད་པ་ཚང་མ་ལྡིང་དཔོན་ནས་འགོ་བརྩམས་པ་ཡིན་པ་དང་། ལྡིང་དཔོན་ནི་ཆེས་གཞི་རིམ་གྱི་བཀོད་འདོམས་དམག་དཔོན་ཡིན་ལ། སྤྱིར་བཏང་དུ་དམག་གི་སློབ་གྲྭ་ནས་མཐར་ཕྱིན་པའི་མཐར་ཕྱིན་སློབ་མས་འགན་འཁུར་དགོས་པ་མ་གཏོགས་ཧྲི་ཀོན་གྱིས་འགན་འཁུར་མི་ནུས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
排长
ཕྱི་ཡིག་གི་མིང་།
Platoon leader
དམག་མིའི་གོ་རྟགས།
སྤྱིར་བཏང་དུ་ཧྲའོ་ཝེའམ་ཡང་ན་ཀྲུང་ཝེ་ཡིན།
འགན་འཁྲི།
ལྡིང་ཤོག་ཡོངས་ཀྱི་འཐབ་འཁྲུག་གི་ལས་འགན་ལེགས་འགྲུབ་བྱ་བར་བཀོད་འདོམས་བྱ་བ་།
1 ངོ་སྤྲོད།

ལྡིང་དཔོན་ནི་ཡུལ་དམག་གམ་ཡང་ན་དམག་དཔུང་ཁྲོད་ལྡིང་ཤོག་གི་སྣེ་ཁྲིད་མཁན་གྱི་དམག་དཔོན་ལ་གོ་ཞིང་།   དམག་མིའི་གོ་རྟགས་སྤྱིར་བཏང་དུ་ཧྲའོ་ཝེའམ་ཡང་ན་ཀྲུང་ཝེ་ཡིན།   རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་དམ་ཡང་ན་དམག་འཁྲུག་གི་དུས་སྐབས་སུ།   ལྡིང་དཔོན་ནི་ཉམས་མྱོང་ཅན་གྱི་དམག་མིས་ལས་ཚབ་བྱས་ཆོག་ལ།   ལྡིང་ཤོག་གཅིག་ལ་མི་ཧ་ལམ་ཉི་ཤུ་ནས་སུམ་བཅུ་བར་ཡོད།   ལྡིང་དཔོན་ནི་དམག་དཔུང་སྲིད་འཛིན་རིམ་པའི་ཆེས་དམའ་བའི་ལས་བྱེད་པ་ཡིན་མོད།   འོན་ཀྱང་རིམ་པ་འཕར་ཆོག་པ་ཡིན་ཞིང་།   དམག་དཔུང་གཞི་རིམ་གྱི་ལས་བྱེད་པ་ཚང་མ་ལྡིང་དཔོན་ནས་འགོ་བརྩམས་པ་ཡིན་པ་དང་།   ལྡིང་དཔོན་ནི་ཆེས་གཞི་རིམ་གྱི་བཀོད་འདོམས་དམག་དཔོན་ཡིན་ལ།   སྤྱིར་བཏང་དུ་དམག་གི་སློབ་གྲྭ་ནས་མཐར་ཕྱིན་པའི་མཐར་ཕྱིན་སློབ་མས་འགན་འཁུར་དགོས་པ་མ་གཏོགས་ཧྲི་ཀོན་གྱིས་འགན་འཁུར་མི་ནུས།

2 ལྡིང་དཔོན་གྱི་འགན་འཁྲི།

《ནང་སྲིད་ཀྱི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ན།   ལྡིང་དཔོན་གྱི་འགན་འཁྲི་ནི་གཤམ་གསར་ལྟར།  

(1).ལྡིང་ཤོག་ཡོངས་ཀྱི་དམག་གྲབས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་ལ་འགོ་ཁྲིད་བྱས་ཏེ།   ལྡིང་ཤོག་ཡོངས་ཀྱི་དམག་འཐབ་ཀྱི་ལས་འགན་ལེགས་འགྲུབ་བྱ་བར་བཀོད་འདོམས་བྱ་བ་།

(2).ལྡིང་ཤོག་ཡོངས་ཀྱི་དམག་སྲིད་སྦྱོང་བརྡར་གྱི་ལས་འགན་ལེགས་འགྲུབ་བྱ་བར་སྣེ་ཁྲིད་དེ།   ལྡིང་ཤོག་གི་མི་སྣ་ཡོངས་ཀྱི་དམག་སྲིད་སྦྱོང་བརྡར་ཐེབས་ཚད་ཇེ་མཐོར་གཏོང་བ།

(3).ལྡིང་ཤོག་ཡོངས་ཀྱི་སྒྲིག་ཁྲིམས་བརྩི་སྲུང་ལ་སྣེ་ཁྲིད་དེ། གཟབ་ནན་གྱིས་སྒྲིག་སྲོལ་ལམ་ལུགས་ལག་བསྟར་བྱས་ནས།  དངོས་གཞིའི་འཚོ་བའི་གོ་རིམ་ལ་སྲུང་སྐྱོང་དང་།  སྤྱོད་པ་བཟང་པོ་གསོ་བ།  

(4).ལྡིང་ཤོག་ཡོངས་ལ་གོ་མཚོན་སྒྲིག་ཆས་གཅེས་སྐྱོང་ཐད་ཀྱི་སློབ་གསོ་དང་།   གཟབ་ནན་གྱིས་དམག་ཆས་ཀྱི་ཉམས་གསོ་དང་ཉར་ཚགས་དོ་དམ།   བཀོལ་སྤྱོད་ཐད་ཀྱི་གཏན་འབེབས་ལག་བསྟར་བྱ་བ།

(5).བཅུ་དཔོན་དང་བཅུ་དཔོན་གཞོན་པར་རོགས་བྱས་ཏེ་རྩ་འཛུགས་བཀོད་འདོམས་ཀྱི་ནུས་པ་དང་དོ་དམ་སློབ་གསོའི་ནུས་པ་ཇེ་མཐོར་གཏོང་བ།

(6).ལྡིང་ཤོག་གི་མི་སྣ་ཡོངས་ཀྱི་བསམ་བློའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ།   དམག་མིར་ཐུགས་ཁུར་བྱམས་སྐྱོང་བྱ་བ་དང་།   བསམ་བློ་ཆབ་སྲིད་བྱ་བ་ལེགས་པོ་བསྒྲུབ་པ།   མཐུན་སྒྲིལ་ལ་ཤུགས་སྣོན་དང་།   ལས་འགན་སོ་སོའི་ལེགས་འགྲུབ་ལ་ཁག་ཐེག་བྱ་བ།

(7).ལྡིང་ཤོག་ཡོངས་ཀྱི་གསང་དོན་དམ་སྲུང་ལ་སློབ་གསོ་དང་ལྟ་སྐུལ་བྱས་ཏེ།   བདེ་འཇགས་ཐབས་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱ་བ་དང་། ལས་འཛོལ་དང་གྱོད་དོན་སྣ་ཚོགས་ལ་སྔོན་འགོག་བྱ་བ།

(8).གོང་རིམ་གྱིས་གནང་བའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་བ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།