རྐང་དམག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྐང་དམག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དམག་གི་བསྒྲིགས་འཛུགས། )

རྐང་དམག
དྲག་སྤྲས་རུ་དཔུང་ནང་ཆེས་གནའ་རབས་ཀྱི་དམག་རིགས་ནི་རྐང་དམག་ཡིན་ཞིང་དེས་དམག་འཁྲུག་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
步兵
ཕྱི་ཡིག་གི་མིང་།
Infantry
ཁོངས་གཏོགས།
དཔུང་རིགས།
1 ངོ་སྤྲོད།

རྐང་དམག་ནི་སྐམ་དམག་ནང་གི་རྐང་ཐང་ལ་འགྲོ་བའམ་རླངས་འཁོར་ལ་བསྡད་ནས་སྐྱོད་པ་དང་།   ཁྲབ་ལྡན་སྐྱེལ་འདྲེན་འཁོར་ལོ་དང་རྐང་དམག་གི་འཐབ་འཁོར་ལ་བསྡད་ནས་འཐབ་འཛིང་བྱེད་པའི་དམག་གི་རིགས་ཤིག་ལ་ཟེར་བ་དང་།    དེ་ནི་སྐམ་དམག་ལས་མི་གྲངས་ཆེས་མང་བའི་དམག་རིགས་ཤིག་སྟེ།   དེར་རྐང་ཐང་ལ་སྐྱོད་པའི་རྐང་དམག་དང་འཕྲུལ་ཆས་ཅན་གྱི་རྐང་དམག་བཅས་ཡོད་པ་རེད།    རྐང་དམག་གི་གོ་མཚོན་ལ་གཙོ་བོ་རིང་མདའ་དང་།  འཕྲུལ་མདའ།   མེ་ཤུགས་འཕུར་དོང་།   མེ་སྒྱོགས་ཡང་མོའི་རིགས།  ཐན་རྒོལ་འཕུར་མདེལ། མཁའ་ཟོན་མེ་ཆས།  རླངས་འཁོར།  ཁྲབ་ལྡན་སྐྱེལ་འདྲེན་འཁོར་ལོ་དང་རྐང་དམག་འཐབ་འཁོར་བཅས་ཡོད་པ་རེད།    ས་སྟེང་ནས་འཐབ་འཛིང་བྱེད་དུས་རྐང་དམག་གིས་ནམ་ཡང་ནུས་པ་གལ་ཆེ་འདོན་བཞིན་ཡོད་པ་དང་།    གནས་ཚུལ་མང་ཆེ་བའི་འོག་གཙོ་བོ་རྐང་དམག་ལ་བརྟེན་ནས་ད་གཟོད་ཆེས་མཐའ་མཇུག་གི་རྒྱལ་ཁ་ལེན་པ་དང་གཡུལ་ས་སྲུང་ནས་དགྲ་བོ་ཚར་གཅོད་བྱེད་ཀྱི་ཡོད་པ་རེད།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།

རྐང་དམག་དེ་གནའ་སྔ་མོའི་དུས་རབས་སུ་བྱུང་བ་དང་།   བྲན་གཡོག་སྤྱི་ཚོགས་ཀྱི་སྐབས་སུ་རྐང་དམག་ནི་གཡུལ་སའི་སྟེང་གི་སྟོབས་ཤུགས་གཙོ་བོ་བོ་ཡིན་ཞིང་།   དེར་གོན་པ་ལྗིད་ཡང་གི་རིགས་གཉིས་ཡོད་པ་རེད།   ཀྲུང་གོའི་གནའ་རབས་སུ་རྐང་དམག་ལ་ཐུའུ་དང་ཙུའུ་ཞེས་འབོད་པ་དང་།    དེར་ཐུའུ་པིན་དང་།  ཐུའུ་ཙུའུ། ཝུའུ་ཙུའུ།  རུའེ་ཧྲི།  ཅི་ཅི། ཏའེ་ཅ་བཅས་ཡོད་ཅིང་།  གཙོ་བོ་འཐབ་འཁོར་ལ་བསྐོར་ནས་འཐབ་འཛིང་བྱེད་ཀྱི་ཡོད་པ་དང་།  ཕྱིས་སུ་རིམ་གྱིས་འཐབ་འཛིང་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་བ་རེད།   ཡིན་ནའང་དུས་རབས་དཀྱིལ་མའི་ནང་ཡོ་རོབ་གླིང་དུ་སྐྱ་དམག་འཕེལ་རྒྱས་ཕྱིན་ཏེ་སྟོབས་ཤུགས་གཙོ་བོར་གྱུར་ཡོད་པས།   རྐང་དམག་གིས་དེའི་རོགས་འདེགས་ཀྱི་ལས་འགན་འཁུར་བཞིན་ཡོད་པ་རེད།  དུས་རབས15པ་ནས16པའི་བར་རྐང་དམག་གི་ལེན་དང་།   ཡིང་།  ཐོན།  ལུའི་བཅས་བྱུང་ཡོད་པ་དང་།  དུས་རབས18པའི་ནང་རྐང་དམག་གི་ཧྲི་བྱུང་བ་རེད།   འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་ནང་རླངས་འཁོར་དང་ཁྲབ་ལྡན་འཁོར་ལོས་རྐང་དམག་གི་རུ་དཔུང་སྐྱེལ་འདྲེན་བྱེད་འགོ་ཚུགས། འཛམ་གླིང་འཁྲུག་ཆེན་གཉིས་པའི་ནང་འཕྲུལ་ཆས་ཅན་གྱི་རྐང་དམག་རུ་དཔུང་བཙུགས་པ་ནས་དེ་ནི་མེ་ཤུགས་ཇེ་ཆེ་དང་འགུལ་སྐྱོད་ཇེ་མགྱོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་སྟེ།  རྒྱལ་ཁབ་ལ་ལའི་རྐང་དམག་ནི་འཕྲུལ་ཆས་ཅན་དང་མོ་ཐུའོ་ཅན།   ཁྲབ་ལྡན་ཅན་དུ་བསྒྱུར་བ་རེད།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཡུན་རིང་གི་གསར་བརྗེ་དམག་འཁྲུག་གི་ལོ་ཟླའི་ཁྲོད་རྐང་ཐང་ལ་འགྲོ་བའི་རྐང་དམག་དེ་འཐབ་འཛིང་བྱེད་པའི་སྟོབས་ཤུགས་གཙོ་བོར་བཞག་ཡོད་པ་དང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྐང་དམག་མང་པོ་ཞིག་བསལ་ཏེ་དམག་དཔུང་དང་དམག་རིགས་གཞན་གྱི་རུ་དཔུང་བཙུགས་པ་ནས་རྐང་དམག་གི་གྲངས་ཀ་ཇེ་ཉུང་དང་།    མོ་ཐུའོ་ཅན་དང་འཕྲུལ་ཆས་ཅན་གྱི་བསྡུར་ཚད་རིམ་གྱིས་ཡར་འཕར་བ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།