སྨྱན་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨྱན་ཆས།
སྨྱན་ཆས་ལ་རྒྱ་སྐད་ཀྱིས“媒体”ཞེས་འབོད་པ་དང་། མིང་བརྡ་འདི་ནི་ལཱ་ཏིང་སྐད་ཀྱི“Medius”ཞེས་པ་ལས་བྱུང་བ་ཡིན་ཞིང་། སྨྱན་ཆས་ནི་བརྡ་འཕྲིན་ཁྱབ་སྒྲོག་བྱེད་པའི་ཟམ་ཐིག་ལྟ་བུ་ཡིན་ཏེ། དེ་ནི་མི་རྣམས་ཀྱིས་བརྡ་འཕྲིན་བརྒྱུད་སྤྲོད་དང་བསྡུ་ལེན་བྱེད་པར་ཡོ་ཆས་གང་རུང་དང་། བརྒྱུད་ལམ། སྐྱེལ་བྱེད་དངོས་པོ། མཚམས་སྦྱོར་བྱེད་ཀྱི་དངོས་པོའམ་ཡང་ན་ཐབས་རྩལ་གྱི་བྱེད་ཐབས་བེད་སྤྱོད་པར་ཟེར་བ་ཡིན་ལ། ཡང་ན་སྨྱན་ཆས་ནི་བརྡ་འཕྲིན་དེ་བརྡ་འཕྲིན་སྤྲོད་ཡུལ་ནས་བརྡ་འཕྲིན་འཕྲོད་ཡུལ་ལ་འབྱོར་བར་བྱ་བའི་ཐབས་ལམ་དེ་ཡིན་ཞེས་ཀྱང་བརྗོད་ཆོག སྨྱན་ཆས་ལ་ནང་དོན་གཉིས་ལྡན་ཞིང་། དང་པོ་ནི་བརྡ་འཕྲིན་སྐྱེལ་བྱེད་ཀྱི་དངོས་གཟུགས་ཡིན་པ་དང་། གཉིས་པ་ནི་བརྡ་འཕྲིན་གསོག་ཉར་དང་། གསལ་སྟོན། བཀོད་བསྒྲིག བརྒྱུད་སྤྲོད་བྱེད་པའི་དངོས་གཟུགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
媒体
སྤྱོད་སྒོ
ཟིན་ཐོ་འགོད་པ། རྒྱ་ཆེར་གཏོང་། མྱུར་གཏོང་།
1 ​རྣམ་གྲངས།

སྨྱན་ཆས་གཙོ་བོ་ལ། (1) བརྙན་འཕྲིན། (2) རླུང་འཕྲིན། (3) ཚགས་པར།( 4) གཟའ་རེའི་སིལ་དེབ། (5) སྦྲེལ་མཐུད་དྲ་རྒྱ། (6) ལག་འཁྱེར་ཁ་པར། (7) སྦྲགས་སྲིད་བཅས་སུ་དབྱེ་ཆོག

རྒྱུན་སྲོལ་སྨྱན་ཆས་ཆེན་པོ་བཞིའི་དབྱེ་སྟངས་ནི། བརྙན་འཕྲིན་དང་། རླུང་འཕྲིན། གཟའ་རེའི་སིལ་དེབ་བཅས་ཡིན་ལ། དེ་ལས་གཞན་པའི་ཕྱིའི་སྨྱན་ཆས་ཀྱང་ཡོད་དེ། དཔེར་ན། ལམ་བྱང་གློག་སྒྲོམ་ལྟ་བུའི་ཁྱབ་སྒྲོག་བྱ་ཡུལ་སོགས་ཡོད་དོ། །

ཚན་རིག་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རིམ་བཞིན་སྨྱན་ཆས་གསར་བ་བྱུང་གིན་ཡོད་དེ། དཔེར་ན། IPTV   དང་གློག་རྡུལ་ཚགས་ཤོག་སོགས་ཡོད་ལ། དེ་དག་ནི་རྒྱུན་སྲོལ་སྨྱན་ཆས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན། འོན་ཀྱང་དེ་དག་ལ་རྒྱུན་སྲོལ་སྨྱན་ཆས་དང་མི་འདྲ་བའི་ཁྱད་པར་ཡང་ཡོད་དེ།

2 རིགས་དབྱེ།

རྒྱལ་སྤྱིའི་ཁ་པར་གློག་འཕྲིན་འདྲི་རྟོག་ཨུ་ཡོན་ཚོགས་པས“CCITT”(Consultative Committee on International Telephone and Telegraph,རྒྱལ་སྤྱིའི་གློག་འཕྲིན་མཉམ་འབྲེལ ITU གྱི་ཡན་ལག་ཚོགས་པ་ཞིག་ཡིན)སྨྱན་ཆས་རིགས་ལྔ་རུ་དབྱེ་ཡོད་དེ།

(1) ཚོར་རྟོག་སྨྱན་ཆས།(Perception Medium):དེ་ནི་ཐད་ཀར་མིའི་ཚོར་དབང་ལ་ནུས་པ་ཐོན་དེ། མི་ལ་ཐད་ཀར་ཚོར་རྟོག་ཐུབ་བྱེད་ཀྱི་སྨྱན་ཆས་ཡིན། དཔེར་ན། ཐོས་ཚོར་ལས་བྱུང་བའི་སྒྲ་ཡི་རིགས་དང་། མཐོང་ཚོར་བརྒྱུད་ནས་བྱུང་བའི་པར་རིས་ཀྱི་རིགས་སོགས་ལྟ་བུ་ཡིན།    

(2) མཚོན་རྟགས་སྨྱན་ཆས།(representation Medium):དེ་ནི་ཚོར་རྟོག་སྨྱན་ཆས་བརྒྱུད་སྤྲོད་ཁྲོད་ཀྱི་མཚམས་སྦྱོར་སྨྱན་ཆས་ཡིན་ལ། དེས་རྩིས་གཞི་བརྗེ་རེས་ཀྱི་སྒྲིག་ཨང་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཡིན། དཔེར་ན། པར་རིས་སྒྲིག་ཨང(JPEG、MPEGསོགས།)དང་། རྩོམ་དེབ་སྒྲིག་ཨང་། (ASCII、GB2312སོགས)སྒྲ་སྦྱོར་ཨང་རྟགས་སོགས་ཡོད།

(3) མངོན་མཚོན་སྨྱན་ཆས།(Presentation Medium):དེ་ནི་བརྡ་འཕྲིན་བསྡུ་ལེན་དང་ཕྱིར་སྤྲོད་བྱེད་པའི་སྨྱན་ཆས་ཡིན། དཔེར་ན། འཐེབ་གཞོང་། ཙིག་རྟགས། བཤེར་འབེབ་ཆས། སྐད་སྦུག བརྙན་ལེན་ཡོ་ཆས་སོགས་ནི་བསྡུ་ལེན་སྨྱན་ཆས་དང་། བསྐྱར་དཔར་ཡོ་ཆས། སྒྲ་གཏོང་ཡོ་ཆས་སོགས་ནི་ཕྱིར་སྤྲོད་སྨྱན་ཆས་ཡིན།  

(4) བསྡུ་ཉར་སྨྱན་ཆས། (Storage Medium):དེ་ནི་བསྡུ་ཉར་གྱིས་མཚོན་པའི་སྨྱན་ཆས་ཀྱི་དངོས་གཤིས་ཟམ་ཐིག་གི་ངོ་བོ་ཅན་ཡིན་ཏེ། དཔེར་ན། མཉེན་ཆས་དང་འོད་སྡེར། ROMདངRAMསོགས་ལྟ་བུ་ཡིན།

(5) བརྒྱུད་སྤྲོད་སྨྱན་ཆས།(Transmission Medium):དེ་ནི་བརྒྱུད་སྤྲོད་ཀྱིས་མཚོན་པའི་སྨྱན་ཆས་ཀྱི་དངོས་གཤིས་ཟམ་ཐིག་ལྟ་བུ་ཡིན་ཏེ། དཔེར་ན། ཀློག་ཐིག་དང་འོད་ཐིག་སོགས་ལྟ་བུ་ཡིན།

ང་ཚོས་དུས་རྒྱུན་བརྗོད་པའི་སྨྱན་ཆས་ལ་ཕྱོགས་གཉིས་ཀྱི་ནང་དོན་ལྡན་ཞིང་། དང་པོ་ནི་བརྡ་འཕྲིན་གྱི་དངོས་གཤིས་མངོན་བྱེད་ཡིན་ཏེ། དཔེར་ན། དཔེ་ཆ་དང་པར་རིས། འོད་སྡེར། སྒྲ་ཐག འབྲེལ་ཡོད་ཀྱི་སྒྲ་གཏོང་སྒྲིག་ཆས་སོགས་ཡིན། གཞན་དེ་ནི་བརྡ་འཕྲིན་མཚོན་སྟངས་ཀྱི་རྣམ་པ་ཞིག་ཡིན་ལ། དཔེར་ན་ཡི་གེ་དང་སྒྲ་གདངས། པར་རིས། འགུལ་རིས་སོགས་ལྟ་བུ་ཡིན། སྨྱན་མང་རྩིས་འཁོར་ནང་བརྗོད་པའི་སྨྱན་ཆས་ནི་ཕྱི་མར་བལྟས་ཏེ་བརྗོད་པ་ཞིག་ཡིན།

3 བྱེད་ནུས།

སྨྱན་ཆས་ཀྱི་བྱེད་ནུས་གཙོ་བོ་གཤམ་ལྟར་ཡིན་ཏེ།

(1)སྤྱི་ཚོགས་ཁོར་ཡུག་ལ་ལྟ་ཞིབ་ཀྱི་བྱེད་ནུས་ལྡན་པ།

(2)སྤྱི་ཚོགས་ཀྱི་འབྲེལ་བ་སྙོམས་བསྒྲིག་བྱེད་པའི་བྱེད་ནུས་ལྡན་པ།

(3)རིག་གནས་བརྒྱུད་སྤྲོད་ཀྱི་བྱེད་ནུས་ལྡན་པ།

(4)སྤྲོ་སྐྱིད་མཁོ་སྤྲོད་ཀྱི་བྱེད་ནུས་ལྡན་པ།

(5)གྲོང་ཁྱེར་གྱི་མི་མང་ལ་སློབ་གསོའི་བྱེད་ནུས་ལྡན་པ།

(6)བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ནུས་ལྡན་པ།

(4)མི་མང་གི་རིན་ཐང་ལྟ་བར་སྣེ་སྟོན་གྱི་བྱེད་ནུས་ལྡན་པ། 


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། སྨྱན་སྦྱོར། སྨྱན་ཆས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།