སྐུད་མེད་འཕྲིན་གཏོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐུད་མེད་འཕྲིན་གཏོང་།
སྐུད་མེད་འཕྲིན་གཏོང་ནི་གཙོ་བོ་རླབས་ཕྲན་འཕྲིན་གཏོང་དང་འཁོར་སྐར་འཕྲིན་གཏོང་གཉིས་སུ་འདུ་བ་ཡིན། རླབས་ཕྲན་ནི་སྐུད་མེད་གློག་རླབས་རིགས་ཤིག་ཡིན་པ་དང་། དེས་བརྒྱུད་བསྐུར་བྱེད་པའི་བར་ཐག་ནི་སྤྱིར་བཏང་དུ་སྟོང་སྨི་བཅུ་ཕྲག་ལས་མེད། འོན་ཀྱང་རླབས་ཕྲན་གྱི་ཟློས་ཐག་ནི་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་ལ། འཕྲིན་གཏོང་གི་ཤོངས་ཚད་ཀྱང་ཧ་ཅང་ཆེ་བ་ཞིག་ཡིན། རླབས་ཕྲན་འཕྲིན་གཏོང་གི་སྨི་བཅུ་ཕྲག་རེའི་བར་མཚམས་སུ་རླབས་ཕྲན་བར་སྦྲེལ་ཚིགས་མལ་གཟུགས་དགོས། འཁོར་སྐར་འཕྲིན་གཏོང་ནི་འཕྲིན་གཏོང་འཁོར་སྐར་བེད་སྤྱོད་བྱས་ཏེ་བར་སྦྲེལ་ཚིགས་མལ་དེ་ས་ངོས་ཀྱི་སའི་གོ་ལའི་ཚིགས་མལ་གཉིས་སམ་ཡང་ན་དེ་ལས་མང་པའི་སའི་གོ་ལའི་ས་ཚིགས་དང་། ཡང་ན་སྤོ་སྒུལ་གཟུགས་ཀྱི་བར་དུ་རླབས་ཕྲན་འཕྲིན་གཏོང་འབྲེལ་གཏུག་འཛུགས་སྐྲུན་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无线通信
ཕྱི་ཡིག་གི་མིང་།
Wireless Communication
རིགས་དབྱེ།
སྐུད་མེད་འཕྲིན་གྱི་ལག་རྩལ།
མིང་གཞན།
སྐུད་སྤོ་སྒུལ་འཕྲིན་གཏོང་།
1 ​མཚན་ཉིད།

སྐུད་མེད་འཕྲིན་གཏོང(Wireless Communication) ནི་ཁབ་ལེན་གློག་རླབས་བརྡ་རྟགས་སྤྱད་དེ་རང་དབང་གི་བར་སྟོང་དུ་བརྒྱུད་གཏོང་བྱས་པའི་བརྡ་འཕྲིན་བརྗེ་སྤོར་བྱེད་པའི་འཕྲིན་གཏོང་གི་ཐབས་ལམ་རིགས་ཤིག་ཡིན་ལ། ཉེ་བའི་ལོ་འགའི་ནང་དུ་བརྡ་འཕྲིན་འཕྲིན་གཏོང་གི་ཁྱབ་ཁོངས་དེ་འཕེལ་རྒྱས་ཧ་ཅང་མགྱོགས་པ་དང་། བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེས་ཆེ་བ་ནི་སྐུད་མེད་འཕྲིན་གཏོང་གི་ཐབས་རྩལ་དེ་ཡིན། སྤོ་སྒུལ་བྱེད་པའི་ཁྲོད་མངོན་དུ་གྱུར་བའི་སྐུད་མེད་འཕྲིན་གཏོང་ལ་སྤོ་སྒུལ་འཕྲིན་གཏོང་ཞེས་ཀྱང་ཟེར་ལ། མི་རྣམས་ཀྱིས་དེ་གཉིས་ཀྱི་སྤྱི་མིང་ལ་སྐུད་མེད་སྤོ་སྒུལ་འཕྲིན་གཏོང་ཞེས་ཟེར་གྱི་ཡོད།

2 ལག་རྩལ།

སྐུད་མེད་ལག་རྩལ་གྱིས་མི་རྣམས་ལ་བཞག་པའི་དགེ་མཚན་བསྐྲུན་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཡིན་ཏེ། དེང་སྐབས་ཉིན་རེར་ཧ་ལམ་མི་གྲངས་ཁྲི15 ཙམ་གྱིས་སྐུད་མེད་མེད་གསར་བ་སྤྱོད་ཀྱི་ཡོད་པ་དང་། ད་ལྟ་འཛམ་གླིང་གི་ཁྱབ་ཁོངས་སུ་སྐུད་མེད་སྤྱོད་མཁན་གྱི་མི་གྲངས་དུང་ཕྱུར 2 གཉིས་ལས་བརྒལ་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་ནས་བཟུང་། མི་རྣམས་ཀྱིས་སྐུད་མེད་དྲ་རྒྱར་ཞིབ་འཇུག་བྱེད་པའི་མགོ་བརྩམས་ཡོད་པ་དང་། ཏག་ཏག་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་བར་ཁྱབ་ཆུང་དྲ་རྒྱ་མགྱོགས་མྱུར་གྱིས་འཕེལ་རྒྱས་སོང་ཡོད་ལ། དེ་ནས་རིམ་བཞིན་སྒྲོམ་སྐུད་སྤྱོད་མི་དགོས་པ་དང་། ཀུན་མཁོ་རང་བཞིན་ཆེ་བ་སོགས་ཀྱི་དགེ་མཚན་ལྡན་པའི་སྐུད་མེད་དྲ་རྒྱས་རིང་བ་ཐུང་བར་གཏོང་བའི་དཔེ་བཞིན་སྐུད་མེད་དྲ་རྒྱ་བེད་མེད་ལྟ་བུར་བཏང་ལ།   IEEE802.3 ཡི་ཚད་ལྡན་རང་བཞིན་ལ་བརྩི་སྲུང་བྱས།

དེ་བཞིན། ཕན་ནུས་ལྡན་པའི་སྐུད་མེད་དྲ་རྒྱས་རང་སྟེང་ཚད་ལྡན་འདོན་སྤེལ་བྱས་ཏེ། སྤྱི་ལོ1997 ལོའི་ཟླ6 པར། IEEE ཡིས་དངོས་སུ802.11 གཏན་འབེབ་བྱས་པ་རེད།

3 ཆེད་ལས་ཐ་སྙད།

(1) Universal Wireless Communications consortium (UWC)

སྤྱི་སྤྱོད་སྐུད་མེད་འཕྲིན་སྐྱེལ་མཐུན་ཆོགས།

(2) Private Mobile Radio (PMR)

ཆེད་སྤྱོད་སྤོ་སྒུལ་སྐུད་མེད་འཕྲིན་གཏོང་།

(3) Private Land Mobile Radio (PLMR)

ཆེད་སྤྱོད་སྐམ་སའི་སྤོ་སྒུལ་སྐུད་མེད་འཕྲིན་གཏོང་།

(4) Professional Mobile Radio (PMR)

ཆེད་སྤྱོད་སྤོ་སྒུལ་སྐུད་མེད་འཕྲིན་གཏོང་།

(5) Radio Link Protocol (RLP)

སྐུད་མེད་འཕྲིན་གཏོང་སོ་སྦྲེལ་གྲོས་གཞི།

(6) Radio

སྐུད་མེད་གློག་དང་སྐུད་མེད་འཕྲིན་གཏོང་།

(7) Terrestrial Trunked Radio (TETRA)

སྐམ་སའི་བར་སྦྲེལ་སྐུད་མེད་འཕྲིན་གཏོང་།

(8) Third-Generation Wireless (3G)

རབས་གསུམ་པའི་སྐུད་མེད་འཕྲིན་གཏོང་།

(9) Trunked Radio

མཉམ་བསྡུས་སྐུད་མེད་འཕྲིན་གཏོང་།

(10) Universal Wireless Communications Consortium (UWCC)

སྤྱི་སྤྱོད་སྐུད་མེད་འཕྲིན་གཏོང་གྲོས་ཚོགས།

(11) Terrestrial Trunked Radio (TTR)

སྐམ་སའི་བར་སྦྲེལ་སྐུད་མེད་འཕྲིན་གཏོང་།

(12) Radio Link Protocol (RLP)

སྐུད་མེད་འཕྲིན་གཏོང་སོ་སྦྲེལ་གྲོས་གཞི།

(13) Enhanced Specialized Mobile Radio

ཆེད་སྤྱོད་ཤུགས་ཆེར་རང་བཞིན་ལྡན་པའི་སྤོ་སྒུལ་སྐུད་མེད་འཕྲིན་གཏོང་།

4 སྐུད་མེད་གཞི་གྲངས།

ལས་རིགས་དག་གིས་བེད་སྤྱོད་གཏོང་བའི་སྐུད་མེད་མ་ལག་གིས་རྒྱུན་དུ་བཀོལ་སྤྱོད་བྱེད་པ་ནི་མཉམ་བསྲེས་སྤོ་སྒུལ་ཁ་པར་དང་རིགས་འདྲ་བའི་ཟློས་འཕྲོར་སྦྲེལ་བ་དང་། ཚེག་དང་ཚེག་སྤྱོད་པ། ཡང་ན་ཚེག་གཅིག་གིས་ཚེག་མང་པོར་གཞི་གྲངས་བརྒྱུད་བསྐུར་བྱེད་ཀྱི་ཡོད་པ་ཞིག་ཡིན། འོན་ཀྱང་། མཱ་ཧྲིང་བཟོ་སྐྲུན་སློབ་གླིང་སྨྱན་ཆས་ཞིབ་འཇུག་ཁང་གིས། སྲོལ་རྒྱུན་གྱི་སྐུད་མེད་སྐད་ཆའི་འཕྲིན་གཏོང་ཐབས་ལམ་དེ་ཞབས་ཞུ་བྱེད་པའི་ཁྲོད་དུ་མི་འདང་ས་མང་པོ་ཡོད་པར་བཤད་ཡོད། སྲ་འཁྲེགས་རང་བཞིན་ལྡན་པའི་མ་ལག་གི་གྲུབ་ཚུལ་ཁྲོད་དུ། སྔར་བཞིན་བརྡ་རྟགས་ཆད་སྐྱོན་བྱུང་གི་ཡོད་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།