འོད་འགྱེད་འཕྲིན་གཏོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འོད་འགྱེད་འཕྲིན་གཏོང་ནི་འོད་ལ་བརྟེན་ནས་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་འཕྲིན་གཏོང་གི་བྱེད་ཐབས་ཤིག་ཡིན། འོད་འགྱེད་ནི་རྣམ་པ་གསར་བའི་འོད་ཁུངས་ཤིག་ཡིན་ཞིང་། དེ་ལ་གསལ་ཚད་མཐོ་བ་དང་། ཁ་ཕྱོགས་རང་བཞིན་གྱི་ཤུགས་ཆེ་བ། ཚོན་རྐྱང་རང་བཞིན་བཟང་བ། རྐྱེན་ལྡན་གྱི་རང་བཞིན་ཤུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། བརྒྱུད་སྤྲོད་ཀྱི་སྨྱན་རྫས་མི་འདྲ་བར་གཞིགས་ནས། དེ་ནི་རླུང་ཁམས་ཆེན་མོའི་འོད་འགྱེད་འཕྲིན་གཏོང་དང་འོད་ཚིན་འཕྲིན་གཏོང་རིགས་གཉིས་སུ་དབྱེ་ཡོད་ལ། རླུང་ཁམས་ཆེན་མོའི་འོད་འགྱེད་འཕྲིན་གཏོང་གིས་རླུང་ཁམས་ཆེན་མོ་བརྒྱུད་སྤྲོད་སྨྱན་རྫས་ཀྱི་འོད་འགྱེད་འཕྲིན་གཏོང་དུ་བེད་སྤྱོད་བྱེད་པ་ཞིག་ཡིན། འོད་ཚིན་འཕྲིན་གཏོང་གིས་འོད་ཚིན་བརྒྱུད་སྤྲོད་འོད་ཀྱི་བརྡ་རྟགས་སྤྱོད་པའི་འཕྲིན་གཏོང་གི་བྱེད་ཐབས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
激光通信
ཕྱི་ཡིག་གི་མིང་།
laser communications
ཁྱད་ཆོས།
མདོག་རྐྱང་རང་བཞིན་དང། ཁ་ཕྱོགས་རང་བཞིན་ལྡན་པ།
1 མཚན་ཉིད།

འོད་འགྱེད་ནི་ཁ་ཕྱོགས་རང་བཞིན་བཟང་པའི་མདོག་རྐྱང་འོད་སྣང་དེ་ཡིན། འདིས་འོད་འགྱེད་བེད་སྤྱད་དེ་ཁེ་ཕན་ལྡན་པའི་བརྡ་འཕྲིན་བརྒྱུད་བསྐུར་བྱེད་པ་དང་། དེ་ལ་འོད་འགྱེད་འཕྲིན་གཏོང་ཟེར།

འོད་འགྱེད་འཕྲིན་གཏོང་མ་ལག་གི་གྲུབ་ཚུལ་སྒྲིག་ཆས་ལ་བརྒྱུད་སྐུར་དང་བསྡུ་ལེན་རིགས་གཉིས་སུ་དབྱེ་ཡོད། བསྡུ་ལེན་གྱི་ཕྱོགས་ནས་འོད་རིག་བསྡུ་ལེན་གནམ་སྐུད་དང་། འོད་རིག་རླབས་འཚག་འཕྲུལ་ཆས། འོད་འཚོལ་དཔྱད་ཆས་བཅས་ཀྱི་དབྱེ་བ་ཡོད་ལ། དེས་བརྒྱུད་བསྐུར་བྱ་དགོས་པའི་བརྡ་འཕྲིན་དེ་འོད་འགྱེད་འཕྲུལ་ཆས་དང་སྦྲེལ་བའི་འོད་སྙོམས་སྒྲིག་ཆས་སུ་སྐྱེལ་གྱི་ཡོད་པ་རེད། འོད་སྙོམས་སྒྲིག་ཆས་ཀྱིས་བརྡ་འཕྲིན་འོད་འགྱེད་སྟེང་དུ་སྙོམས་བསྒྲིགས་བྱས་ཏེ། འོད་རིག་འཕྲོ་གཏོང་གནམ་སྐུད་ཀྱིས་བརྒྱུད་བསྐུར་བྱེད་ཀྱི་ཡོད་པ་ཞིག་ཡིན།

2 ཁྱད་ཆོས།

རླུང་ཁམས་ཆེན་མོའི་འོད་འགྱེད་འཕྲིན་གཏོང་གིས་སྐད་ཆ་དང་། ཡི་གེ། གཞི་གྲངས། པར་རིས་སོགས་ཀྱི་བརྡ་འཕྲིན་བརྒྱུད་སྤྲོད་བྱས་ཆོག

འོད་འགྱེད་འཕྲིན་གཏོང་གི་བཟང་ཆ།

(1) འཕྲིན་གཏོང་གི་ཤོང་ཚད་ཆེ་བ། གཞུང་ལུགས་ཀྱི་སྟེང་ནས་བཤད་ན། འོད་འགྱེད་འཕྲིན་གཏོང་གིས་དུས་མཉམ་དུ་བརྙན་འཕྲིན་ལེ་ཚན་ཁྲི1000དང་ཁ་པར་དུང་ཕྱུར100 གློག་ལམ་བརྒྱུད་བསྐུར་བྱ་ཐུབ།

(2) གསང་སྲུང་རང་བཞིན་གྱི་ཚད་མཐོ་བ། འོད་འགྱེད་ཀྱི་ཁ་ཕྱོགས་རང་ཞིན་ཁོ་ནའི་ཚད་ཆེ་བ་ཙམ་མིན་པར། བེད་སྤྱོད་བྱེད་དུས་གློག་འོད་མཐོང་མི་དགོས། དེ་བས་གཞན་ཕྱོགས་ཀྱིས་རྐུ་འཁྱེར་བྱེད་དཀའ་བ་ཡིན།

(3) སྒྲིག་གཞི་སྟབས་བདེ་ཡིན་ལ། སྒྲིག་འགོད་ཚགས་དམ་ཡིན།

འོད་འགྱེད་འཕྲིན་གཏོང་གི་ཞན་ཆ་འགའ།

(1) འཕྲིན་གཏོང་གི་བར་ཐག་ལ་ཚད་བཀག་ཡོད་པ་དང་། གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་སླ་ལ། ཐ་ན་གནམ་གཤིས་མི་ལེགས་པའི་ཆ་རྐྱེན་འོག་ཏུ་འཕྲིན་གཏོང་མཚམས་ཆད་པའི་ཉེན་ཁ་ཡོད་པ་ཡིན།

(2) དམིགས་འབེན་འཛིན་དཀའ་བ། འོད་འགྱེད་ཀྱི་ཁ་ཕྱོགས་ལ་ཚད་མཐོ་བའི་ཁ་ཕྱོགས་ཀྱི་རང་བཞིན་ལྡན་པས། དེས་བརྒྱུད་བསྐུར་དང་བསྡུ་ལེན་ཁུལ་བར་གྱི་གནད་སར་དཀའ་ཁག་མང་པོ་སྐྱེལ་གྱི་ཡོད།

3  བེད་སྤྱོད་ཀྱི་ཁྱབ་ཁོངས།

འོད་འགྱེད་འཕྲིན་གཏོང་བེད་སྤྱོད་ཁྱབ་ཁོངས་ལ་གཙོ་བོ་གཤམ་གྱི་ཕྱོགས་འགའ་ཡོད་དེ།

  1. ས་ངོས་སུ་བར་ཐག་ཐུང་བའི་འཕྲིན་གཏོང་བྱེད་པ།

  2. བར་ཐག་ཐུང་བའི་ནང་གི་འཕྲིན་སྐྱེད་དང་བརྙན་འཕྲིན།

  3. འོད་འགྱེད་འཕྲིན་གཏོང་གི་ཤོང་ཚད་ཆེ་བས། འཕུར་མདེལ་འབེན་ར་བཟོ་བའི་གཞི་གྲངས་བརྒྱུད་སྤྲོད་དང་ས་ཁུལ་བར་དུ་ལམ་མང་འཕྲིན་གཏོང་བཟོས་ཆོག་པ་ཡིན།

  4.  འཁོར་སྐར་གྱིས་ཕྱིར་སྡུད་བྱས་པའི་འཛམ་གླིང་འཕྲིན་གཏོང་དང་དང་སྐར་མའི་ཁམས་ཀྱི་འཕྲིན་གཏོང་ཐག་གཅོད་བྱེད་པ་དང་། དེ་བཞིན་ཆུར་འཛུལ་དམག་གྲུའི་བར་དུ་འཕྲིན་གཏོང་བྱེད་ཀྱི་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།