འཁོར་སྐར་འཕྲིན་གཏོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཁོར་སྐར་འཕྲིན་གཏོང་།
འཁོར་སྐར་འཕྲིན་གཏོང་དེ་གོ་བདེར་འགྲེལ་ན། དེ་ནི་སའི་གོ་ལའི་སྟེང(ས་ངོས་དང་དམའ་རིམ་རླུང་ཁམས་ཆེན་མོ་ཡང་འདུ)གི་སྐུད་མེད་གློག་གི་འཕྲིན་གཏོང་ས་ཚིགས་བར་དུ་འཁོར་སྐར་དེ་བར་སྦྲེལ་དུ་བཀོལ་ནས་འཕྲིན་གཏོང་བྱེད་པ་ཞིག་ཡིན། འཁོར་སྐར་འཕྲིན་གཏོང་མ་ལག་དེ་འཁོར་སྐར་དང་སའི་གོ་ལའི་ཚིགས་མལ་གྱིས་གྲུབ་པ་དང་། འཁོར་སྐར་འཕྲིན་གཏོང་གི་ཁྱད་ཆོས་ནི། འཕྲིན་གཏོང་ཁྱབ་ཁོངས་རྒྱ་ཆེ་ལ། འཁོར་སྐར་གྱིས་འགྱེད་གཏོང་བྱས་པའི་གློག་རླབས་མངའ་བའི་ཁྱབ་ཁོངས་ཤིག་ཡིན་ན། ཚིགས་མལ་དེ་གཉིས་གང་དུ་ཡང་འཕྲིན་གཏོང་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པས། སྐམ་སའི་གནོད་སྐྱོན་ཐེབས་དཀའ་བ་ཞིག་ཡིན། སའི་གོ་ལའི་ཚིགས་མལ་གློག་ལམ་གྱི་སྒྲིག་འགོད་དུས་ལྟར་ཤར་གཏོང་བྱེད་ཐུབ་པ་ཡིན་ན། དུས་མཉམ་དུ་ཕྱོགས་མང་པོའི་བརྡ་འཕྲིན་བསྡུ་ལེན་བྱས་ཏེ། དཔལ་འབྱོར་ས་ཁུལ་དུ་ཁྱབ་སྒྲོག་དང་། ཁུལ་མང་འཕྲིན་གཏོང་མངོན་འགྱུར་བྱ་ཐུབ་པ་དང་། གློག་ལམ་སྒྲིག་ཆས་ནི་དུས་བསྟུན་སྐབས་ཁེལ་ཞིག་ཡིན་པས། དུས་ལྟར་གཅིག་བསྡུས་ཁུལ་དུ་སྐད་ཆའི་ཞབས་ཞུ་ཁྱབ་ཐུབ་ཅིང་། གཅིག་མཚུངས་འཕྲིན་ལམ་དེ་ཁ་ཕྱོགས་མི་འདྲ་བ་དང་ཡང་ན་བར་ཁོངས་མི་གཅིག་པར་བཀོལ་སྤྱོད་བྱས་ཆོག་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卫星通信
ཕྱི་ཡིག་གི་མིང་།
Satellite Communication
ཁེབས་རྒྱ།
སའི་གོ་ལའི་གཏན་འཇགས་འཁོར་ལམ་གྱི་སྲུང་སྐར། སྤོ་སྒུལ་སྲུང་སྐར་འཕྲིན་གཏོང་།
ཁྱད་ཆོས།
འཕྲིན་གཏོང་ཁྱབ་ཁོངས་རྒྱ་ཆེ་བ།
1 མཚན་ཉིད་དང་མདོར་འགྲེལ།

འཁོར་སྐར་འཕྲིན་གཏོང་ནི། མིས་བཟོས་འཁོར་སྐར་དཀྱིལ་སྙིང་བྱས་ཏེ་བརྒྱུད་འགྲེམ་བྱས་པའི་གློག་རླབས་བེད་སྤྱོད་བྱེད་པ་ཞིག་དང་། གཉིས་སམ་ཡང་ན་དེ་ལས་མང་པའི་སའི་གོ་ལའི་ཚིགས་མལ་བར་ལ་འཕྲིན་གཏོང་བྱེད་པ་མངོན་འགྱུར་བྱ་བ་ཡིན། མིས་བཟོས་སའི་གོ་ལའི་འཁོར་སྐར་ལ་སྐུད་མེད་གློག་འཕྲིན་བརྡ་རྟགས་ཆེ་རུ་བཏང་ཡོད་མེད་དང་། བརྒྱུད་གཏོང་ནུས་པ་ལྡན་མིན། ཁུངས་ལྡན་མིས་བཟོས་སའི་གོ་ལའི་འཁོར་སྐར་དང་ཁུངས་མེད་མིས་བཟོས་སའི་གོ་ལའི་འཁོར་སྐར་གྱི་དབྱེ་བ་ཡོད་པ་ཡིན།

ས་ངོས་སུ་རླབས་ཕྲན་སྡུད་ཤུགས་འཕྲིན་གཏོང་མ་ལག་འགུལ་སྐྱོད་ཀྱི་འཕྲིན་གཏོང་བེད་སྤྱོད་ཀྱི་ཡོད་པ་དང་། རྒྱུན་མཐོང་བར་ཐག་ཁྱབ་སྤེལ་གྱི་རྐྱེན་གྱིས། ཆ་སྙོམས 2500km རེའི་ཆ་བཞག་དཔྱད་གཞིའི་གློག་ལམ་དེ་ཕལ་ཆེར་བརྒལ་ཐག 46km གི་ཐེངས 54 ཡི་སྡུད་ལེན་སྤྲོད་མཐུད་བརྒྱུད་དགོས།

2 ལོ་རྒྱུས་མདོར་བསྡུས། 

སའི་གོ་ལའི་གོམ་མཉམ་འཁོར་ལམ་སྟེང་མིས་བཟོས་སའི་གོ་ལའི་འཁོར་སྐར་དེ་བར་མཐུད་ཚིགས་མལ་དུ་སའི་གོ་ལའི་སྟེང་འཕྲིན་གཏོང་བྱེད་པའི་བསམ་ཚུལ་ནི་སྤྱི་ལོ1945ལོར་དབྱིན་ཇིའི་དངོས་ལུགས་རིག་པ་བ A.C.ཁུ་ལའར་ཁུ་ཡིས«སྐུད་མེད་གློག་གི་ཡུལ་ཁམས» ཞེས་པའི་སིལ་དེབ་སྟེང་དུ“སའི་གོ་ལའི་ཕྱི་རོལ་གྱི་བར་སྦྲེལ” ཞེས་པའི་རྩོམ་ཡིག་ནང་དུ་སྤེལ་བ་རེད། ལོ་རབས་དྲུག་ཅུ་བའི་ནང་ལ་མངོན་འགྱུར་བྱས་པ་རེད།

གོམ་མཉམ་འཁོར་སྐར་འགྲེམ་སྤེལ་མ་བྱས་པའི་སྔོན་ལ། ཚད་དམའི་འཁོར་ལམ་འཁོར་སྐར་སྣ་ཚོགས་སྤྱད་དེ་ཚན་རིག་ཚོད་ལྟ་དང་འཕྲིན་གཏོང་བྱས་པ་རེད། འཛམ་གླིང་སྟེང་གི་ཆེས་ཐོག་མའི་མིས་བཟོས་འཁོར་སྐར་ཏེ“འཁོར་སྐར་ཨང་རྟགས་དང་པོ” སུའུ་ལེན་གྱིས་སྤྱི་ལོ1957ལོའི་ཟླ10བའི་ཚེས4ཉིན་བཟོས་གྲུབ་བྱུང་པ་དེ་ནི་སའི་གོ་ལའི་སྟེང་ཆེས་ཐོག་མར་མིས་བཟོས་འཁོར་སྐར་གྱིས་བརྒྱུད་སྤྲོད་བྱས་པའི་གློག་རླབས་འབྱོར་བ་དེ་རེད།

ཨ་རིས་སྤྱི་ལོ1962ལོའི་ཟླ12 པའི་ཚེས13ཉིན་ཚད་དམའི་འཁོར་ལམ་འཁོར་སྐར“ བར་སྦྲེལ་ཨང་རྟགས་དང་པོ” འགྱེད་གཏོང་བྱས་པ་དང་། འཛམ་གླིང་སྟེང་གི་ཆེས་ཐོག་མའི་གོམ་མཉམ་འཕྲིན་གཏོང་འཁོར་སྐར་ནི1963ལོའི་ཟླ་བདུན་པར་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་འགྱེད་གཏོང་བྱས་པའི“གོམ་མཉམ་ཨང་རྟགས་གཉིས་པ”འི་འཁོར་སྐར་དེ་ཡིན།  དེ་ནས་རིམ་བཞིན“གོམ་མཉམ་ཨང་རྟགས་གསུམ་པ”སོགས་བྱུང་སྟེ་ད་ལྟའི་གནས་བབ་འདིར་སླེབས་པ་རེད།

3 ཁྱད་ཆོས།

འཁོར་སྐར་འཕྲིན་གཏོང་དེ་གཞན་པའི་འཕྲིན་གཏོང་ཐབས་ལམ་དང་བསྡུར་ན་གཤམ་གྱི་ཁྱད་ཆོས་འགའ་ལྡན་ཏེ།

(1) འཕྲིན་གཏོང་གི་བར་ཐག་རིང་བ། ཆེས་རིང་བའི་འཕྲིན་གཏོང་གི་བར་ཐག་ནི 18100km ཙམ་ཡིན།

(2) ས་གནས་མང་པོར་འཕྲིན་གཏོང་བྱས་ཆོག་པ་དེ་ནི་རྒྱང་སྒྲོག་བྱ་ཐབས་གཙོ་བོ་ཡིན།

(3) འཕྲིན་གཏོང་གི་ཤོངས་ཚད་ཆེ་བས། ཞབས་ཞུའི་རིགས་མང་པོ་ལ་བརྒྱུད་སྤྲོད་བྱེད་པར་འཚམ་པ་ཡིན།

(4) རང་གཏོང་རང་བསྡུའི་ལྟ་ཞིབ་ཚད་ལེན་བྱས་ཆོག་པ་ཡིན།

(5) ཚགས་དམ་པའི་ཁྱབ་རྒྱའི་ནུས་པ་ལྡན་པ།

(6) བདེ་འཇགས་ཡིད་རྟོན་གྱི་རང་བཞིན་པ།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།